༧གོང་ས་མཆོག་བགྲེས་ཡོལ་སྐོར་ལ་བསམ་གཞིག

ཆོས་ཉིད་འོད་ཟེར།

༧གོང་ས་མཆོག་གིས་ལོ་རབས་མང་པོའི་སྔོན་ནས་བོད་མི་ཚོར་ཁོང་མེད་པ་ནང་བཞིན་ལས་དོན་བྱེད་དགོས་ཞེས་བཀའ་སློབ་གནང་བ་དང་། ཉེ་བའི་ཆར་ནས་ཁོང་བགྲེས་ཡོལ་ཆ་ཚང་གནང་རྒྱུ་ཡིན་སྐོར་གྱི་བཀའ་སློབ་གནང་རྗེས་བོད་མི་མང་པོ་ཞིག་ལ་བོད་ཀྱི་གནས་བབ་ག་འདྲ་ཆགས་ཡོང་བསམ་པའི་སེམས་འཚབ་ཡོད་པ་རེད། དེ་ཡང་༧གོང་ས་མཆོག་གིས་ལས་དོན་བྱེད་ཕྱོགས་ཐོག་མཚན་རྟགས་དགོས་པ་སོགས་བཙན་བྱོལ་སྒྲིག་འཛུགས་ཀྱི་འགན་གནང་རྒྱུ་མིན་པ་ལས། སྤྱིར་བོད་དོན་འཐབ་རྩོད་ཀྱི་འགན་དེ་བོད་མི་ཚང་མ་ལ་ཡོད་པས་བློ་འཚབ་བྱེད་མི་དགོས་སྐོར་གསུངས་ཡོད་པ་རེད།

ཆོས་ཉིད་འོད་ཟེར།
༸གོང་ས་མཆོག་གིས་ལོ་རབས་མང་པོའི་སྔོན་ནས་བོད་མི་ཚོར་ཁོང་མེད་པ་ནང་བཞིན་ལས་དོན་བྱེད་དགོས་ཞེས་བཀའ་སློབ་གནང་བ་དང་། ཉེ་བའི་ཆར་ནས་ཁོང་བགྲེས་ཡོལ་ཆ་ཚང་གནང་རྒྱུ་ཡིན་སྐོར་གྱི་བཀའ་སློབ་གནང་རྗེས་བོད་མི་མང་པོ་ཞིག་ལ་བོད་ཀྱི་གནས་བབ་ག་འདྲ་ཆགས་ཡོང་བསམ་པའི་སེམས་འཚབ་ཡོད་པ་རེད། དེ་ཡང་༸གོང་ས་མཆོག་གིས་ལས་དོན་བྱེད་ཕྱོགས་ཐོག་མཚན་རྟགས་དགོས་པ་སོགས་བཙན་བྱོལ་སྒྲིག་འཛུགས་ཀྱི་འགན་གནང་རྒྱུ་མིན་པ་ལས། སྤྱིར་བོད་དོན་འཐབ་རྩོད་ཀྱི་འགན་དེ་བོད་མི་ཚང་མ་ལ་ཡོད་པས་བློ་འཚབ་བྱེད་མི་དགོས་སྐོར་གསུངས་ཡོད་པ་རེད།

དེས་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གི་འཛིན་སྐྱོང་དང་འབྲེལ་བའི་༧གོང་ས་མཆོག་གི་སྐུ་དབང་སྐོར་མདོར་བསྡུས་ཙམ་ངོ་སྤྲོད་ཞུས་ན། གཞུང་གི་འགན་འཛིན་དབང་ཆ་༸གོང་ས་མཆོག་ལ་ཡོད་ཅིང། སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་ཡིག་འཆར་ཟིན་གཏན་འབེབས་བྱས་རྗེས་༧གོང་ས་མཆོག་གིས་མཆོག་མཆན་དང་གསལ་བསྒྲགས་གནང་དགོས་པ་དང། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་འགྱངས་དང་། བར་མཚམས་འཇོག་པ། གྲོལ་བ། བསྡུ་བསྐོང་བཅས་སྙན་སེང་ཞུས་རྗེས་མཐའ་མའི་ཐག་གཅོད་གནང་གི་ཡོད་པ་རེད།

སྤྱི་འཐུས་ལྷན་ཚོགས་ཀྱི་ལོ་གཅིག་གི་ཚོགས་དུས་དང་པོར་༧གོང་ས་མཆོག་ངོ་ཕེབས་ཀྱིས་བཀའ་སློབ་གནང་བའམ་ཡང་ན་ལམ་སྟོན་གསུང་འཕྲིན་གནང་དགོས། བཀའ་ཁྲི་དང་བཀའ་བློན་ལྷན་རྒྱས། སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་སུ་རུང་འདེམས་ཐོན་བྱུང་རྗེས་༧གོང་ས་མཆོག་གི་མདུན་ནས་ལས་ཁུར་དང་གསང་རྒྱའི་དམ་བཅའམ། ཁས་ལེན་ཞུ་དགོས།

རང་དབང་ཅན་གྱི་སྡེ་ཚན་གསུམ་གྱི་འགན་འཛིན་བསྐོ་བཞག་གམ་བརྗེ་སྤོར་སྐབས། ཚོགས་ཆུང་གིས་ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་༧གོང་ས་མཆོག་གིས་རྒྱ་ཁབ་ཀྱི་དབུ་འཛིན་མཚན་ཐོག་ནས་གཅིག་བསྐོ་བཞག་གནང་རྒྱུ།

ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་བཅས་ཚོགས་ཆུང་གིས་ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་༸གོང་ས་མཆོག་གིས་འོས་འཛུགས་གནང་བར་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ཀྱི་རྩ་འབོར་སུམ་ཆ་གཉིས་ཡན་གྱི་མོས་མཐུན་བྱུང་ན་དེ་ལ་༸གོང་ས་མཆོག་གིས་རྒྱལ་ཁབ་ཀྱི་དབུ་འཛིན་མཚན་ཐོག་ནས་བསྐོ་བཞག་གནང་དགོས་པ་རེད།

དེར་བརྟེན། ༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་ན།  འདིའི་རིགས་ལ་འགྲོ་སྟངས་གསར་པ་ཞིག་བཟོ་དགོས་པ་རེད་མོད། སྔོན་མ་༧གོང་ས་མཆོག་གིས་ཐད་བསྐོས་སྤྱི་འཐུས་དང་བཀའ་བློན་གྱི་འོས་མི་ཡང་དམིགས་འཛུགས་གནང་གི་ཡོད་པ་རེད། བོད་མི་ཚོའི་ངོས་ནས་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐུགས་ཐག་བཅད་པར་དེ་ལས་ལྷག་ཅིག་མེད་པར་སྙམ་ནས་དད་པ་དག་སྣང་གིས་ཁེངས་ནས་བསྡད་ཡོད་པ་རེད། ཡིན་ནའང་༧གོང་ས་མཆོག་གིས་དམིགས་འཛུགས་གནང་བའི་མི་དེ་དག་ཀྱང་བཙན་བྱོལ་ནང་གི་གནད་ཡོད་མི་སྣ་སྤྱི་སྒེར་མང་པོ་ཞིག་གིས་མི་ག་གེ་མོ་ཡག་པོ་ཡོད་ཚུལ་ངོ་སྤྲོད་ཞུས་རྗེས་༧གོང་ས་མཆོག་གིས་ཐག་གཅོད་གནང་བ་ཞིག་ཡིན་པ་༧གོང་ས་མཆོག་གིས་གསུངས་མྱོང་ལ། དངོས་ཡོད་གནས་ཚུལ་ཡང་དེ་ལྟར་ཡིན་པ་གསལ་པོ་རེད། ༧གོང་ས་མཆོག་གིས་དབུ་ཁྲིད་གནང་བའི་སྐབས་ནས་དེའི་རིགས་ལ་བཟོ་བཅོས་དགོས། ཁྲིམས་སྒྲིག་གཞི་ཚད་ལྡན་ཞིག་བཟོས་རྗེས་ལག་བསྟར་བྱས་ན་དཀའ་ངལ་དེ་ཙམ་མེད། དེ་མིན་༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་པ་དང། ཁྲིམས་སྒྲིག་གཞི་བསྐྱར་བཅོས་མ་བྱས་པའི་བར་དེར་དཀའ་ངལ་འཕྲད་མི་སྲིད་པ་ཡང་མིན།

སེམས་འཚབ་བྱེད་ས་གཙོ་བོ་གཅིག་ནི་༧གོང་ས་མཆོག་ལྟ་བུའི་དབུ་ཁྲིད་ཅིག་མེད་ན། བོད་མི་ཆིག་སྒྲིལ་ཡོང་མིན་དེ་རེད་ལ། ཁོང་གིས་དབུ་ཁྲིད་གནང་བ་ལྟར་ཆིག་སྒྲིལ་ཡོང་མིན་ཡང་ཁག་པོ་རེད་མོད། ད་ལྟའི་བོད་མི་ཚོའི་སྤྱིའི་གནས་བབ་ལ་བལྟས་ན། ཞན་པོ་མ་རེད། བོད་དོན་དེ་ཆིག་སྒྲིལ་གྱིས་འཐབ་རྩོད་ཐུབ་པར་ཚོད་དཔག་བྱེད་ཆོག་པ་ནི། བོད་ཕྱི་ནང་གཉིས་ཀྱི་མི་མང་ལ་བལྟས་ན་བོད་དོན་ཐོག་འབད་བརྩོན་ཡང་མི་དམན་པ་བྱེད་ཀྱི་ཡོད།

སེམས་འཚབ་ཆེ་ཤོས་གཅིག་ནི་བོད་དོན་ཆེད་རྒྱ་ནག་དང་མཉམ་དུ་སྐད་ཆ་བཤད་སྐབས་གྲོས་གཞི་གང་འདྲ་ཞིག་འདོན་གྱི་ཡིན་མིན་དེ་རེད། ད་ལྟ་མཐའ་མའི་གྲོས་གཞིར་༧གོང་ས་མཆོག་གིས་གཟིགས་ཀྱི་ཡོད་ལ། ༧ཁོང་གིས་ཐུགས་འགན་མ་བཞེས་ན་དེའི་ཐོག་བསམ་བློ་མཐུན་མིན་དང། ཐག་གཅོད་བྱེད་མཁན་གྱི་དབང་ཆ་སུ་ལ་ཡོད་མེད་དེ་རེད། བཅའ་ཁྲིམས་ནང་དུ་༸གོང་ས་མཆོག་གིས་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་གཞུང་གི་མཛད་ཁུར་མ་བཞེས་པའི་གནས་ཚུལ་བྱུང་སྐབས། གཞུང་གི་འགན་དབང་འཛིན་མཁན་གྱི་“སྡེ་སྲིད་ལྷན་ཚོགས”ཤིག་དགོས་ཞེས་གསལ་ཡོད་པ་རེད། དེ་ཡང་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཐུན་མོང་ནས་སྡེ་སྲིད་གསུམ་འོས་འདེམས་དགོས་ལ། དེའི་ནང་ནས་གཅིག་བཀའ་སྤྱི་གཉིས་ནས་སྡེ་སྲིད་ཁྲི་པར་འོས་འདེམས་བྱེད་དགོས་ལ་དེར་དབང་ཚད་ཀྱང་ད་ལྟ་ཁྲིམས་ཐོག་ན་ཆེན་པོ་རེད།

སྡེ་སྲིད་ལྷན་ཚོགས་ཀྱི་དུས་ཡུན་ལོ་ལྔ་རེ་ཡིན་ནའང། མི་གཅིག་ཐེངས་ག་ཚོད་ལ་བསྐྱར་འདེམས་ཆོག་མིན་ཁ་གསལ་མེད། ༧གོང་ས་མཆོག་གིས་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་གཞུང་གི་འགན་དབང་བཞེས་རྒྱུའི་དུས་བབ་བྱུང་ཚེ་སྡེ་སྲིད་ལྷན་ཚོགས་ཕྱིར་བསྡུ་བྱེད་རྒྱུ་ཡིན་པ་རེད། བཅའ་ཁྲིམས་འདི་མུ་མཐུད་ལག་བསྟར་བྱེད་རྒྱུ་ཡིན་ན། དུས་སྐབས་དང་འཚམས་མིན་ཁག་པོ་རེད། ད་ལྟ་འཛམ་གླིང་རྒྱལ་ཁབ་མང་ཆེ་བ་མང་གཙོའི་ལམ་དུ་བསྐྱོད་ཟིན། ༧གོང་ས་མཆོག་གིས་ཀྱང་བོད་མི་ཚོར་མང་གཙོའི་ལམ་ལུགས་འཐུས་ཚང་ཞིག་ཡོང་བར་སྐུ་ངལ་ཚད་མེད་བསྐྱོན་ཡོད། ད་དུང་ང་ཚོས་ཡང་སྲིད་ལམ་ལུགས་ཀྱིས་རྒྱལ་ཁབ་ཀྱི་དབང་ཆ་འཛིན་རྒྱུར་ནུས་ཤུགས་བཏོན་ན་ཕན་མེད་དུ་མི་འགྱུར་བའི་ངེས་པའང་མེད། ༧གོང་ས་མཆོག་སྐུ་ཕྲེང་འདི་ལས་ལྷག་པའི་བོད་མིར་དབུ་ཁྲིད་ཅིག་རག་རྒྱུ་མེད་ལ། མི་མང་གིས་གུས་བརྩི་ཡང་ཆེན་པོ་བྱེད་ཀྱི་ཡོད་མོད། སྐུ་ཕྲེང་རྗེས་མ་ག་འདྲ་ཞིག་ངོས་འཛིན་ཐུབ་མིན་ཧ་ཅང་བཤད་དཀའ། ད་ལྟའི་ཆར་སངས་རྒྱས་ཆོས་ལུགས་དར་སའི་སྤྱི་ཚོགས་གང་སར་ཡང་སྲིད་སྐོར་ལ་རྙོག་གཞི་ཆེ་རུ་འགྲོ་ཡི་ཡོད་ལ། སྲིད་དབང་སྐྱོང་རྒྱུ་ནི་དེ་ལས་རྙོག་འཛིང་ཆེན་པོ་ཞིག་ཡིན་པས་ཡང་སྲིད་ལམ་ལུགས་ཀྱི་སྲིད་དབང་སྐྱོང་བ་མཚམས་འཇོག་རྒྱུར་གྲ་སྒྲིག་དགོས།

ད་ལྟ་༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་རྒྱུ་ཡིན་པའི་བཀའ་གསལ་པོ་གནང་བ་དང། དུས་རྒྱུན་ཁོང་གིས་“གྲ་སྒྲིག་སྡུག་ས་ནས་བྱེད་དགོས། རེ་བ་བཟང་ས་ལ་རྒྱག་དགོས་”ཞེས་གསུངས་པ་དེ་བོད་མི་ཚོར་འགན་ཁུར་དགོས་པའི་བརྡ་ལན་ཞིག་རེད། དེར་བརྟེན། ཁོང་སྐུ་འཚོ་བཞུགས་རིང་བཙན་བྱོལ་བོད་མིའི་ཆབ་སྲིད་ལམ་ལུགས་འཐུས་ཚང་ཞིག་གཏན་འབེབས་དགོས་ལ། ལག་བསྟར་གྱི་མཉམ་མྱོང་ཡང་གསོག་པའི་དུས་ལ་སླེབས་ཡོད། བོད་ཀྱི་དབུ་ཁྲིད་ཀྱི་འགན་ཡོད་པའི་སྒྲིག་འཛུགས་ལ་སྡེ་སྲིད་ལྷན་ཚོགས་བཏགས་ནའང་རེད། བཀའ་བློན་སྲིད་བློན་གང་བཏགས་ཀྱང་རུང། དེའི་དབང་ཚད་དང་ལས་དོན། འོས་འདེམས་བྱེད་ཕྱོགས་བཅས་ད་ལྟའི་བོད་མིའི་སྤྱི་ཚོགས་ཀྱི་གནས་བབ་དང་མཐུན་པའི་ལམ་ལུགས་འཐུས་འཚང་གཏན་འབེབས་བྱེད་མ་ཐུབ་ན། ཉིན་གཅིག་“རི་ལུགས་པ་ཐག་པས་མི་འདུམ་”པའི་དཔེ་ལྟར་ཡོང་མི་སྲིད་པ་མིན། ད་ལྟའི་བཅའ་ཁྲིམས་ལྟར་སྡེ་སྲིད་ལྷན་ཚོགས་ཀྱི་ལམ་ལུགས་དེ་བོད་མིའི་གནས་བབ་དང་དེ་ཙམ་འཚམས་པོ་མེད་པར་སྣང་མོད། ལྷག་བསམ་དང་དབང་ཤུགས་ཡོད་མཁན་ཚོས་དགོངས་པ་བཞེས་དགོས་པ་རེད། ཁྲིམས་སྒྲིག་གཞིའི་འོག་ནས་ལས་དོན་ཆ་ཚང་ཐག་གཅོད་ཆོག་པའི་ལམ་ལུགས་འཐུས་ཚང་ཞིག་དགོས་པ་ལས། མི་ཆེན་རེ་ཟུང་གིས་རང་ཕྱོགས་གཙོ་འདོན་བྱེད་པའི་ལམ་ཁ་མེད་པ་བཟོ་ཐབས་བྱེད་དགོས།

སེམས་འཚབ་བྱེད་ས་གཅིག་ནི་བོད་གཞུང་གི་ཕྱི་འབྲེལ་གྱི་སྐོར་རེད། དེ་ཡང་༧གོང་ས་མཆོག་གིས་དབུ་ཁྲིད་ཡོད་པའི་སྐབས་ནས། ཕྱི་རྒྱལ་ཁག་གིས་འབྲེལ་བ་བྱེད་ཕྱོགས་བསྒྱུར་བཅོས་གཏོང་དགོས་པར་སྙམ། ད་ལྟ་༸གོང་ས་མཆོག་ལ་མཇལ་འཕྲད་དང་། ༸ཁོང་གི་ཕྱི་ཕྱོགས་ཀྱི་མཛད་འཕྲིན་ཁག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བརྒྱུད་ནས་སྐུ་སྒེར་ཡིག་ཚང་དུ་འགྲོ་ཡི་ཡོད་པ་ལྟ་བུ་རེད། བོད་ལ་རོགས་སྐྱོར་བྱེད་མཁན་རིགས་གཅིག་ཀྱང་དེ་ལྟར་ཡོང་གི་ཡོད་ཚོད་འདུག དེ་ཚོ་ཐོག་མར་ཕྱི་རྒྱལ་དོན་གཅོད་ཁག་བརྒྱུད་བོད་གཞུང་ལ་འབྲེལ་བ་བྱེད་རྒྱུའི་ལམ་ལུགས་ཤིག་དགོས་པ་ལས། ༧གོང་ས་མཆོག་གིས་དབུ་ཁྲིད་མེད་པའི་སྐབས་དེའི་རིགས་ལ་དཀའ་ངལ་འཕྲད་མི་སྲིད་པ་ཡང་མིན། ད་ལྟ་ནས་ཕྱི་འབྲེལ་བྱེད་ཕྱོགས་ལམ་ལུགས་ཡོད་ན་ཕན་ཐོགས་ཡོད་པ་རེད།།

{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།