དྲྭ་ཐོག་གི་བརྩེ་གྲོགས།
འཕྲུལ་རྩིས་རིག་པའི་སྒེའུ་ཁུང་ངོས་སུ།
གསལ་བའི་ངོ་རིས་རབ་རིབ་མོད་ཀྱང་།
འཕྲུལ་སྣང་རྐྱེན་པོས་མིག་དབང་བསླུས་ནས།
ཡང་དུ་འཆར་བ་སྐལ་སྒྲོན་ཁྱེད་ཉིད།
དངོས་རྫུན་གང་ཡིན་རྟོགས་པས་མི་ཤེས།
སྙིང་གཏམ་བུ་ཁ་ལྷོང་ལྷོང་བརྡོལ་བཞིན།
ཕན་ཚུན་བརྩེ་བའི་དུང་ཤ་རྒྱས་དུས།
དམར་ཆུང་སེམས་པའི་སྟངས་འཛིན་དཀའ་སོང་།
དྲྭ་འཕྲིན་ལས་དབང་སྙིང་པོ་མིན་འདུག
བརྩེ་བའི་དྭངས་མ་མིག་ཆུར་གྱུར་སོང་།
དྲྭ་འཕྲིན་ལས་ལ་རྒྱུ་བརྟག་མིན་འདུག
མི་ཚེའི་སྙིང་པོ་རྨང་ནས་འཕྲོག་སོང་།