བློ་བཟང་སེང་གེའི་རྫབ་ཆེན་པོའི་སྐད་ཆ་དང་བོད་གཞུང་གི་འོས་འགན།
ཤེས་རབ་རིག་གྲོལ་ནས།
བཀའ་བློན་ཁྲི་པའི་འོས་མི་བློ་བཟང་སེང་གེ་མཆོག་གིས་༢༠༠༥ལོར་༼ཕྱིར་སྡོད་རྒྱ་མི།༽ཡིན་པ་ངོས་འཛིན་བྱས་ནས་རྒྱ་ནག་ནང་ཕྱིན་པ་དེ་བཞིན་ཟླ་གཉིས་པའི་ཚེས་༡༤ཉིན་དང་ཚེས་༡༥ཉིན་རྡ་རམ་ས་ལར་བློ་སེང་མཆོག་ནས་ཁ་གསལ་གྱིས་ཁས་ལེན་བྱས་ཡོད།
¹༢༠༡༡ ཟླ་༡ཚེས་༨ ཉིན་ཨ་མེ་རི་ཁའི་མེ་ནི་སོ་ཌར་གནས་ཚུལ་དེའི་ཐོག་དྲི་བ་དྲིས་པའི་ལན་དུ་ཁོང་གིས་གསུངས་པར་ཁོང་རྒྱ་ནག་དུ་འགྲོ་བའི་ལག་འཁྱེར་དེ་སྐུ་ཚབ་གཞན་ཚོ་ཕེབས་སྐབས་ཀྱི་ལག་འཁྱེར་དང་གཅིག་པ་རེད་གསུངས་ཡོད། གནས་ཚུལ་དེ་ནི་བརྙན་པར་ནང་ཁོང་རང་གི་དྲྭ་རྒྱའི་ནང་མཐོང་རྒྱུ་འདུག
²༢༠༡༡ཟླ་༢ ཚེས་༡༥ ཉིན་སླར་ཡང་ཟླ་བ་བློ་སྐྱིད་ཀྱི་དྲི་ལན་ལ་བློ་བཟང་སེང་གིས་སྐུ་ཚབ་ཚོ་དང་དེ་བཞིན་འཇམ་དབྱངས་ནོར་བུ། ལྷ་བཟང་ཚེ་རིང་སོགས་ལག་འཁྱེར་ཤོག་བུ་དཀར་པོ་དེ་འཁྱེར་ཏེ་ཕྱིན་ཚུལ་བཤད་ཡོད།
གནད་དོན་དེ་ནི་རྫབ་ཆེན་པོ་ཞིག་ཡིན་པ་དང་སྐུ་ཚབ་ཚོས་༼ཕྱིར་སྡོད་རྒྱ་མི་བྱས་ནས་༽ཕེབས་ཡོད་ན་ད་བར་བོད་དོན་བདེན་མཐའ་གསེལ་ཐབས་ལ་ཆ་རྐྱེན་ཡོད་པ་རྣམས་རྩེས་མེད་ཕྱིན་ཡོད།
དེར་བརྟེན་བོད་གཞུང་ངོས་ནས་སྐུ་ཚབ་སུ་༼ཕྱིར་སྡོད་རྒྱ་མི་བྱས་ནས་༽ཕྱིན་པ་དང་། ག་དུས་ཕྱིན་ཡོད་མེད། ཡང་ན་སྐུ་ཚབ་སུ་ཡང་༼ཕྱིར་སྡོད་རྒྱ་མི་བྱས་ནས་༽ཕྱིན་མེད་ལུགས་སོགས་གནས་ཚུལ་ཁ་གསལ་ཞིག་གཞུང་འབྲེལ་གྱིས་ཕྱིར་བསྒྲག་གནང་དགོས་པར་མཐོང་གི་འདུག
རྒྱུ་མཚན་ནི།
༡༽བློ་སེང་མཆོག་རྒྱ་སྤྱིའི་ཁྲིམས་ལུགས་ལ་མཁས་པ་ཡིན་པ་དང་། ཁོང་གིས་འབུམ་རམས་པའི་རྩོམ་དེ་ ༡༩༥༩ ནས ༢༠༠༤ བར་གྱི་བཙན་བྱོལ་བོད་གཞུང་གི་ལོ་རྒྱུས་དང་དམངས་གཙོ་འཕེལ་རིམ་ཐོག་བྲིས་པ་རེད། དེར་བརྟེན་གནས་ཚུལ་ཁ་གསལ་ཤེས་ཀྱིས་ཡོད་རེད།
༢༽ གནད་དོན་དེ་རྫབ་ཆེན་པོ་དང་། གནད་འགག་ཡོད་པ་བློ་སེང་གིས་ཧ་གོ་བ་དང་ཁྲིམས་ཐོག་ནས་ནག་ཉེས་ཡོད་མེད་གསལ་པོ་ཤེས་ཀྱི་ཡོད་རེད།
༣༽ འབུམ་རམས་པ་བློ་བཟང་སེང་གེས་གསུངས་པའི་སྐད་ཆ་དེ། ད་ཆ་བོད་མིའི་བཀའ་བློན་ཁྲི་པའི་འོས་མིའི་ནང་ཡོད་པའི་མི་ཞིག་གིས་བཤད་པའི་སྐད་ཆ་རེད། དེར་བརྟེན་སྐད་ཆ་དེ་ནི་སྣང་ཆུང་དུ་བཞག་མི་འོས་པར་མཐོང་གི་འདུག
༤༽ཁོང་དང་འོས་མི་གཞན་ཚོས་བཤད་པའི་སྐད་ཆ་དང་ལས་མྱོང་བའི་བྱ་རྣམས་བོད་མི་ཚོས་ཕྱི་གསལ་ནང་གསལ་ཤེས་དགོས་ཀྱི་ཡོད་པ་ན། དེ་ནི་དམངས་གཙོ་ལོངས་སུ་སྤྱོད་པའི་བརྒྱུད་རིམ་ནང་མེད་དུ་མི་རུང་བའི་ཆ་རྐྱེན་ཡིན་པར་འདོད།
གཅིག་ནས། བོད་གཞུང་གིས་ད་ཆ་བོད་མི་ཚོར་གནད་དོན་དེའི་ཐོག་ཁ་གསལ་བཟོ་དགོས་པའི་དུས་ལ་སླེབ་འདུག
གཉིག་ནས། ད་ལམ་བོད་གཞུང་གིས་བློ་བཟང་སེང་གེ་ལགས་ཀྱིས་བཤད་པའི་སྐད་ཆ་དེ་སྣང་མེད་དུ་བཞག་པ་དང་། གནད་དོན་ཁ་གསལ་བཟོ་མ་ཐུབ་པ་ཡིན་ན་ཉེས་པ་དེ་ཡང་བོད་གཞུང་དང་། བཀའ་ཤག དེ་བཞིན་འོས་བསྡུ་ལྷན་ཁང་ལའང་མི་ཡོང་བ་མི་སྲིད།
གསུམ་ནས། ད་ཆ་བོད་གཞུང་འོས་བསྡུ་ལས་ཁུངས་ཀྱིས་འོས་མིའི་ནང་འོས་མི་ལངས་ཕྱོགས་ཐད་ཀྱི་ཆ་རྐྱེན་ཁག་ལ་བསྐྱར་ཞིབ་གནང་དགོས་པ་དང་། ༼ཕྱིར་སྡོད་རྒྱ་མི་༽བྱས་ཡོད་པའི་ལག་འཁྱེར་བླངས་མྱོང་བ་དང་རྒྱ་ནག་གིས་གཞུང་ཚབ་ཁང་གནང་ཕྱིར་སྡོད་རྒྱ་མི་ཡིན་པའི་ངོས་ལེན་བྱས་ཡོད་པའི་གང་ཟག་ཞིག་གིས་བཀའ་བློན་ཁྲི་པའི་འོས་མིར་ལངས་ཆོག་མིན་དེ་ལ་ཞིབ་བཤེར་གནང་དགོས་འདུག
{jcomments on}