བལ་ཡུལ་རྡརྨ་ཤར་ལྦན་སངྒྷས་གོ་སྒྲིག་གནང་བའི་འཛམ་གླིང་ཞི་བདེའི་སྨོན་ལམ།
བལ་ཡུལ་རྡརྨ་ཤར་ལྦན་སངྒྷ་ནས་ཇི་ལྟར་གསོལ་བ་འདེབས་པ་བཞིན་༧ཀུན་མཁྱེན་ཆེན་པོ་མཚོ་སྣ་བ་ཤེས་རབ་བཟང་པོའི་སྐྱེ་རབས་ཀྱི་ཕྲེང་བ་འཛིན་པ་མོན་ཡུལ་སྐྱིད་མོའི་ལྗོངས་ཀྱི་ཆོས་རིག་ཁྲིད་པ་༧སྐྱབས་རྗེ་མཚོ་སྣ་རིན་པོ་ཆེ་མཆོག་འཕགས་ཡུལ་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ཧལ་ཀོ་རིའི་ནགས་ཚལ་གྱི་གནས་སུ་ཕེབས་འབྱོར་སྐབས་རྡརྨ་ཤར་ལྦན་སང་གྷའི་དབུ་འཛིན་མཁན་པོ་བསོད་ནམས་འགྱུར་མེད་གཙོས་ཚོགས་མི་རྣམ་པ་དང༌། དད་ལྡན་མི་མང་རྣམ་པ་དང༌།
ལྷག་པར་རྟ་དམངས་མང་ཚོགས་བཅས་ནས་ཕེབས་སུའི་མཚམས་འདྲི་ཟབ་རྒྱས་ཞུས་རྗེས་ཕྱི་ལོ་༢༠༡༡ ཟླ་ ༠༢ཚེས་༡༨ ནས་༢༡ དབར་ཉིན་གསུམ་རིང་འཛམ་གླིང་ཞི་བདེར་དམིགས་ཏེ་སྨོན་ལམ་གྱི་ཚོགས་མགོན་དུ་བཞུགས་པ་དང༌། མང་ཚོགས་ལ་ཆོས་འགྲེལ་ཡང་བསྩལ་ཏེ་དད་ལྡན་མི་མང་གྲངས་༤༠༠༠ བཞི་སྟོང་ཙམ་ལ་ཡང་དག་པའི་ལྟ་བ་སྟོང་པ་རྟེན་འབྱུང་གི་གནས་ལུགས་དང༌། སྤྱོད་པ་བྱམས་དང་སྙིང་རྗེ་ལྷག་བསམ་གྱིས་ཕྱུག་སྟེ་འཚེ་བ་མེད་པའི་ལམ་ལ་འགོད་པར་མཛད་པའི་ཆོས་དོན་གྱི་མཛད་འཆར་བསྐྱངས༌། བལ་ཡུལ་བཞུགས་རིང་གྲུབ་ཆེན་རྡརྨ་སངྒྷ་དང་མཇལ་འཕྲད་གནང་ནས་ཁོང་གིས་གསུངས་པའི་གཏེར་ཆོས་ཀྱང་གཟིགས་ཞིབ་གནང༌།
གྲུབ་ཆེན་རྡ་རྨ་སང་གྷ་ནི་ལོ་ཤས་སྔོན་Dscovery སོགས་ནས་ཉམས་ཞིབ་བས་ཟིན་པའི་འཇིག་རྟེན་པའི་འཚོ་བ་བཟའ་བཏུང་སོགས་གང་ལའང་ལོངས་སུ་མི་སྤྱོད་པར་ནགས་ཚལ་སྟུག་པོའི་ནང་རིདྭགས་གཅན་གཟན་སོགས་དང་མཉམ་དུ་བཞུགས་ཏེ་མི་ལོ་ལྔ་དང་ཕྱེད་སོང་བས་རྟུལ་ཞུགས་ཅན་བོད་གངས་ཅན་ལྗོངས་ཀྱི་མི་ལ་རི་པ་གཉིས་པ་ལྟ་བུ་ཞིག་ཡིན་འདུག །