བཙུན་མ་གསར་བསྡུའི་གསལ་བསྒྲགས།

༄༅ ། ། བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་འདི་ཉིད་སྤྱི་ནོར་༧གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་འོག་བོད་ཀྱི་བཙུན་མའི་ལས་འཆར་ཁང་གི་མཐུན་འགྱུར་ལ་བརྟེན་ནས་བོད་ནས་ཕེབས་པའི་བཙུན་མ་དང་། བཙན་བྱོལ་དུ་འཚར་ལོང་བྱུང་བ།

དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་སོགས་ཀྱི་དོན་གཉེར་ཅན་གྱི་བཙུན་མ་ཚོར་རིས་མེད་ཆོས་བརྒྱུད་ཁག་གི་གཞུང་ལུགས་གཙོ་བོར་གྱུར་པའི་བོད་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་ཁག་ཉམས་པ་སླར་གསོ་དང་། མི་ཉམས་རྒྱུན་འཛིན་ཆེད་སློབ་གཉེར་ཁང་འདི་བཞིན་གསར་དུ་བཙུགས་ཤིང་། གཙོ་བོར་རིས་སུ་མ་ཆད་པའི་བོད་ཀྱི་ཆོས་བརྒྱུད་ཁག་གི་གཞུང་ལུགས་དང་། བོད་ཀྱི་སྐད་ཡིག བརྡ་སྤྲོད། ལོ་རྒྱུས། རྩོམ་ཡིག་དེ་བཞིན་དབྱིན་ཡིག་སོགས་སློབ་སྦྱོང་སྤྲོད་བཞིན་ཡོད་ལ། འདི་ལོར་ཡང་བཙུན་མ་གསར་བསྡུ་བྱ་གཏན་ཁེལ་སོང་བས། འཛུལ་ཞུགས་བྱ་བློ་ཡོད་རིགས་རྣམས་དགོས་འཁོའི་ཆ་རྐྱེན་ཁག་ཚང་ཞིང་དུས་ཚོད་འགྱངས་མེད་ཞུ་སྙན་འབུལ་རྒྱུ་དང༌། གལ་ཏེ་དུས་བཀག་ཚང་རྗེས་སྙན་ཞུ་འབྱོར་རིགས་རང་བཞིན་རྩིས་མེད་དུ་གཏོང་རྒྱུ་ཡིན། དངོས་གཞིའི་རྒྱུགས་སྤྲོད་སྐབས་འབྲི་ཀློག་གཉིས་ཀྱི་རྒྱུགས་ལེན་དང་། འབྲི་ཀློག་གང་ཡང་མི་ཤེས་རིགས་རྣམས་ངག་རྒྱུགས་ཁོ་ནའི་ལམ་ནས་རྒྱུགས་ལེན་འདེམས་བསྒྲུགས་བྱ་རྒྱུ་ལགས་ན། དེ་དོན་དགོངས་འཇགས་ཡོང་བར་མཁྱེན། །

ཆ་རྐྱེན་ཁག    ༡། བཙུན་མ་རང་ཉིད་ཀྱི་ལོ་རྒྱུས་དང་འབྲེལ་བའི་སྙན་ཞུ་དང་ཕྱེད་པར་གཅིག
༢།  བཙུན་མ་རང་ཉིད་ཀྱི་གཉེན་ཉེ་གང་རུང་གི་རྒྱབ་གཉེར་ཞུ་ཡིག་དགོས།
༣།  རང་ལོ་ ༡༤ ཡན་དང་ ༢༥ མན་ཡིན་དགོས།
དུས་ཚོད།        ༡།  ཕྱི་ལོ་ ༢༠༡༡ ལོའི་ ཟླ་༤  ཚེས་༡༠ སྔོན་སྙན་ཞུ་ཕུལ་ཟིན་པ་དགོས།
༢། ཕྱི་ལོ་ ༢༠༡༡ ལོའི་ ཟླ་༤  ཚེས་ ༢༠ རྒྱུགས་སྤྲོད་དངོས་གཞི།
བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་ནས། ཕྱི་ལོ་ ༢༠༡༡ ཟླ་༣་ཚེས་༢༠ ཉིན་ལ།

Ringzin Chodak(Principal)Phone number 9816158248
Dolma Ling  Institude of Dialecties
P.O. Sidhpur-176057   
Distt. Kangra(H.P.)india
Ph; 01892-226419/  226415
ཁ་པར་ཨང་གྲངས། 9816158248

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།