སྐྲ་བཞར་བའི་ཞོར་དུ་སྨ་ར་ཤོར།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༣༢ 

༧གོང་ས་མཆོག་གིས་བོད་མི་རྣམས་ཕ་མས་བུ་ཕྲུག་ལ་བྱམས་སྐྱོང་གནང་བ་བཞིན། དེང་དུས་ཀྱི་ཤེས་ཡོན་དང་རང་དབང་སོགས་འཛམ་གླིང་མི་མང་གཞན་དང་དཔུང་པ་མཉམ་གཤིབ་བྱེད་ཐུབ་པ་དང།  ནང་པ་སངས་རྒྱས་པའི་རྗེས་འཇུག་ཡིན་པའི་ཆ་ནས།

འཚེ་མེད་ཞི་བ་དང་བདག་ལས་གཞན་གཅེས་ཀྱི་ཉམས་ལེན་ཐོག་ནས་འཛམ་གླིང་མི་མང་གི་མདུན་དུ་བསྐྱོད་ཐུབ་པའི་ཐུགས་རེ་གནང་ནས། བོད་མི་རྣམས་ལ་དུས་ནས་དུས་སུ་མང་གཙོའི་ལམ་ཆེན་དུ་ཤར་བསྐྱོད་བྱེད་ཐུབ་པའི་ལམ་སྟོན་གནང་ཡོད། ཉེ་ཆར་གྲོས་ཚོགས་ནང་བསྩལ་བའི་གསུང་འཕྲིན་ནང་ཇི་ལྟར་འཁོད་པ་དེའང། ལོ་རེ་ཟུང་གི་འཆར་གཞི་ཙམ་མིན་པར་དྲུག་ཅུ་རེ་གྲངས་ནས་ཐུགས་ལ་བརྣགས་པའི་དགོངས་གཞི་གཙོ་བོ་ཡིན་པ་བཀའ་སློབ་ཁག་ལས་རྟོགས་ཐུབ།

༧གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཟིན་བྲིས་དེ་ད་ཆ་རྒྱ་ཆེའི་མི་མང་ལ་འགྲེམས་སྤེལ་གནང་ཟིན་པ་དང། ཟིན་བྲིས་ཀྱི་ནང་དུ་གསལ་བའི་གནད་དོན་གཅིག་རྩལ་དུ་བཏོན་ནས་གླེང་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་“བཙན་བྱོལ་བོད་གཞུང་”ཞེས་འཁོད་པར། ད་ལྟ་༧གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་གང་མང་ཞིག་ལ་འགྱུར་བ་མི་གཏོང་ཐབས་མེད་ཡིན་པས། དེའི་ཞོར་དུ་ཟིན་བྲིས་ཚོགས་ཆུང་གིས་མངོན་པར་མི་གསལ་བའི་ཐོག་ནས་སྐྲ་བཞར་བའི་ཞོར་དུ་སྨ་ར་ཤོར་བའི་དཔེ་བཞིན། བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཚིག་འདི་ཡང་། “བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་”ཞེས་པར་བསྒྱུར་རྒྱུའི་འཆར་གཞི་ཕུལ་ཡོད་པ་རེད། འོན་ཀྱང་བཅའ་ཁྲིམས་བསྐྱར་བཅོས་བྱེད་ཐུབ་དང་མི་ཐུབ་སྤྱི་འཐུས་ལྷན་ཚོགས་ཀྱི་ལག་ཏུ་ཡོད་པས། གནད་དོན་འདི་ཚོར་འཕྲལ་ཕུགས་རྒྱང་གསུམ་གྱི་ཐོག་ནས་དགོངས་བཞེས་གནང་དགོས་པ་ཧ་ཅང་གལ་ཆེ།

“བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་”ཞེས་པ་དེ་ལ་བརྟེན་ནས་བཙན་བྱོལ་བོད་གཞུང་དེ་བོད་གཞིས་བྱེས་གཉིས་ཀྱི་ཚབ་མཚོན་ཡིན་པའི་སྤོབས་པ་དང་རེ་བ་དེ་ཡང་རང་བཞིན་གྱིས་ཉམས་དམས་སུ་གྱུར་པ་དང། ཚིག་དོན་དེ་ལྟར་འགྱུར་བ་སོང་བའི་དབང་དུ་བཏང་ན་རྒྱ་དམར་གཞུང་གིས་དུས་རྒྱུན་ཡུལ་གྱར་སྲིད་གཞུང་དེ་ཕྱིའི་རྒྱལ་ཁབ་སུ་གཅིག་གིས་ངོས་ལེན་མེད་ཅེས་ཤོད་ཀྱི་ཡོད་པ་ལས་ལྷག་པར། ད་ནས་བཟུང་བཙན་བྱོལ་བོད་གཞུང་དེ་བོད་པ་རང་ངོས་ནས་ཀྱང་བོད་གཞིས་བྱེས་གཉིས་ཀའི་ཚབ་མཚོན་རང་བཞིན་གྱི་གཞུང་ཡིན་པ་དེ་ངོས་ལེན་མི་བྱེད་པའམ། བྱེད་མི་ཕོད་པར་བཙན་བྱོལ་བོད་མི་ཁོ་ནའི་སྒྲིག་འཛུགས་ཤིག་ཏུ་གྱུར་སོང་བ་རེད།

བཙན་བྱོལ་བོད་གཞུང་དེ་བཙན་བྱོལ་བོད་མི་གཅིག་པུའི་གཞུང་ངམ་སྒྲིག་འཛུགས་ཤིག་ཏུ་གྱུར་ཟིན་པའི་རྗེས་སུ་ཆབ་སྲིད་ཀྱི་ཐོག་ནས་གཞིས་བྱེས་གཉིས་ཀའི་ཚབ་མཚོན་ཡོང་ཐབས་གཏན་ནས་མེད། དེར་བརྟེན་༧གོང་ས་མཆོག་གིས་ལོ་འདིའི་སྐྱེས་རབས་ཀྱི་གསུང་ཆོས་སྐབས་སུ་“བོད་སྐད་ནང་གཞུང་ཞེས་བརྗོད་དུས་དཔེར་ན་དེ་དགོན་པ་དང་གྲྭ་ཚང་གི་གཞུང་རེད་ཅེས་བརྗོད་རྒྱུ་འདུག བོད་པའི་ཚིག་ནང་གི་གཞུང་ཞེས་པ་དེ་དབྱིན་ཚིག་(Government)ཞེས་པ་དེར་གོ་དགོས་པའི་ཁྱབ་པ་མི་འདུག ང་ཚོས་དབྱིན་ཇིའི་ཚིག་ནང་གི་(Government)ཞེས་པ་དེ་དུས་རྒྱུན་ལྡན་ནས་བརྗོད་ཀྱི་མེད།”ཅེས་གསུངས་པ་དེ་དགོངས་པ་གཏིང་ཟབ་བཞེས་ནས་ལམ་སྟོན་གནང་བ་ཞིག་རེད།

མིང་ཚིག་དེ་བོད་སྐད་དང་དབྱིན་ཡིག་སོགས་སྐད་ཡིག་གཞན་བཅས་སུ་སྔར་ཇི་ལྟར་བེད་སྤྱོད་གཏོང་བཞིན་ཡོད་པ་དེ་ལྟར་གཏོང་བ་ལས་སྔར་མེད་གསར་སྤྲོས་རིགས་འདི་རིགས་མ་གནང་ན་ལེགས། ཚིག་གསར་པ་དེའི་ནང་དུའང་གཞུང་ཞེས་པའི་ཚིག་དེ་འཁོད་ཡོད་སྟབས། དེ་ལ་དམིགས་བསལ་“བཙན་བྱོལ་བོད་པའི་གཞུང་གི་སྒྲིག་འཛུགས་”ཞེས་བཟོས་ནས་གཞིས་བྱེས་བོད་མིའི་སེམས་ལ་ཚོར་སྣང་མི་སྐྱིད་པ་ཞིག་བཟོས་པ་ཙམ་ལས་གཞན་པའི་འཕྲལ་ཕུགས་གཉིས་ཐད་ནས་ཕན་ཡོན་གང་ཡང་མཐོང་རྒྱུ་མེད།

གལ་སྲིད་ཚིག་དེར་འགྱུར་བ་སོང་ན་སླད་ཕྱིན་ཆབ་སྲིད་ཀྱི་དོན་སྙིང་ལྡན་པའི་མིང་ཚིག་མང་པོ་ཞིག་རང་བཞིན་གྱིས་བསྒྱུར་བཅོས་གཏོང་དགོས་པ་མ་ཟད། ད་ལྟ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཀྱི་སྔོན་གླེང་གི་མཇུག་ཏུའང་“འགན་དབང་ཡོངས་རྫོགས་འོས་འདེམས་བྱས་པའི་འགོ་ཁྲིད་ཁག་ལ་བསྩལ་ཏེ་དེ་དག་བོད་རིགས་ཡོངས་ཀྱི་ངོ་ཚབ་དང་སྲི་ཞུ་སྒྲུབ་པའི་ནུས་ལྡན་མཛད་དེ་“ཞེས་འཁོད་པ་དེའང་སྔ་ཕྱི་མི་མཚུངས་པ་ལྟ་བུར་གྱུར་ཟིན།།

{jcomments on}

ཐུབ་པའི་ཐོག་ལས་འབད་བརྩོན་བྱེད་དགོས་པ་ནི་དེ་བས་གལ་ཆེན་པོར་གྱུར་ཡོད།།

Leave a Reply

Your email address will not be published. Required fields are marked *