མངོན་དགའ་སློབ་གྲྭའི་འགན་འཛིན་ས་སྟོང་གསལ་བསྒྲགས།
༄༅། །བཙན་བྱོལ་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་དྷེ་ར་དྷུན་ཁུལ་དུ་རྟེན་གཞི་བྱས་པའི་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་འགན་འཛིན་གྱི་ས་མིག་སྟོང་པ་ཡོད་པར། གཤམ་གསལ་དགོས་ངེས་ཆ་རྐྱེན་ལྡན་པ་རྣམས་ནས་ ༢༠༡༡ ཟླ་ ༦ ཚེས་ ༡༠ ཕྱི་དྲོ་ཚོུད་ ༥ མ་འགྱངས་འཕྲོད་བསྟེན་ལས་ཁུངས་སུ། འཕྲོད་བསྟེན་དྲུང་ཆེའི་མཚན་ཐོག་འཚང་སྙན་འབུལ་དགོས་པ་དང༌།
འདི་ནས་དོ་བདག་སོ་སོར་འབྲེལ་བ་བྱ་བདེའི་སླད་སོ་སོའི་ཁ་བྱང༌། གློག་འཕྲིན། མྱུར་འཛིན་དང་ཁ་པར་ཨང་གྲངས་བཅས་འཚང་སྙན་ནང་ཁ་གསལ་བཀོད་དགོས།
དགོས་ངེས་ཆ་རྐྱེན།
༡། ཤེས་ཚད། དམའ་མཐར་Bachelor’s Degree ཡང་ན། རང་རེའི་ཆོས་སྡེ་དང་གདན་ས་ཁག་རིག་གནས་སློབ་གཉེར་ཁང་གང་རུང་ཞིག་ནས་ཉེ་བའི་གཙུག་ལག་རབ་འབྱམས་ཐོན་པ།
༢། འཛིན་སྐྱོང་གི་ལས་ཀའི་ཐོག་ཉུང་མཐར་ལོ་ ༣ གི་ཉམས་མྱོང་ཡོད་པ། ༼དབང་པོ་ནུས་མེད་ལྟ་སྐྱོང་དང་འབྲེལ་བའི་དམིགས་བསལ་སློབ་སྦྱོང་དང་ལས་ཀའི་ཉམས་མྱོང་ཡོད་མཁན་ལ་གོ་སྐབས་བཟང་བ་ཡོད།༽
༣། རྒྱ་གར་ནང་གནས་སྡོད་ཆོག་པའི་ཁྲིམས་མཐུན་ལག་ཁྱེར་ཡོད་པ།
༤། བོད་མིའི་དྭངས་བླང་དཔྱ་དངུལ་དུས་འབུལ་བཞིན་པ།
༥། གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར།
༦། བོད་མིའི་སྡེ་ཚོགས་གང་རུང་ནང་ལས་ཀ་བྱེད་མུས་ཡིན་པའི་མི་འགྲོ་ཞིག་འདེམས་ཐོན་བྱུང་སོང་ན། སོ་སོའི་ལས་ཡུལ་ནས་དགག་བྱ་མེད་པའི་ངོས་སྦྱོར།
གོང་གསལ་ཆ་རྐྱེན་ཁག་ཚང་བའི་ཁུངས་སྐྱེལ་དན་རྟགས་སུ་ལག་ཁྱེར་ཡིག་ཆ་ཁག་གི་ངོ་བཤུས་ལ་ས་གནས་འགོ་འཛིན་ནམ། ཡང་ན་གཞུང་ཞབས་གནས་རིམ་ཟུང་དྲུང་ཡན་ཞིག་གིས་དག་མཆན་དང་ལས་དམ་འཁོད་པ་འཚང་སྙན་གྱི་མཉམ་དུ་འབུལ་དགོས།
མཐུན་རྐྱེན་ཇི་ཡོད།
༡། ཟླ་རེར་རྩ་ཕོགས་སྒོར་ ༡༠༡༠༠།༠༠ དང༌། ཡུལ་ཐང་གུན་གསབ་སྒོར་ ༡༠༡༠།༠༠ བཅས་བསྡོམས་སྒོར་ ༡༡༡༡༠།༠༠
༢། ལས་ཤག་གི་མཐུན་རྐྱེན་འབུལ་རྒྱུ། ༼ཁང་མིག ༥ ཅན་གསང་སྤྱོད་རང་འགྲིགས་ཀྱི་མཐུན་རྐྱེན་ཡོད།༽
༣། དང་ཐོག་ལོ་གཅིག་རིང་ཆོད་གན་ངོ་བོར་བསྐོ་གཞག་གནང་རྒྱུའང༌། དེ་རྗེས་ལས་དོན་ཞུ་སྒོ་གང་ཅིར་ཕན་ཚུན་གཉིས་ཐད་ནས་འདོད་བློ་ཁེངས་ངེས་ཀྱིས་མོས་མཐུན་བྱུང་ན། ཆོད་གན་ཕར་འགྱངས་སམ་གཏན་འཇགས་ལས་བྱེད་དུ་བསྐོ་གཞག་ཇི་འོས་ཐག་གཅོད་གནང་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས། ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༥ ལ།།
ཟུར་མཆན། ལས་འགན་འདི་ནི་བརྩེ་བས་ཀུན་ནས་བླངས་ཏེ་རང་རིགས་དབང་པོ་ནུས་མེད་ཚོར་དམིགས་བསལ་གཟིགས་སྐྱོང་གནང་རྒྱུ་འདི་ཕྱི་གཉིས་ཀྱི་དོན་ཆེན་བསྒྲུབ་རྒྱུའི་གོ་སྐབས་ཤིག་ཏུ་ངོས་འཛིན་ཞུ་ཆོག་པ་ཡིན།
Email: health@tibet.net