བོད་ཀྱི་ན་གཞོན་དང་མ་འོངས་པའི་འགོ་ཁྲིད་ཅེས་པའི་ཟབ་སྦྱོང།

youth leaderཟླ་འདིའི་ཚེས་༥ ཉིན་བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བོད་ཀྱི་མཐོ་རིམ་སློབ་མ་ཚོར་གཙོ་བོ་བོད་ཀྱི་གནས་སྟངས་ངོ་སྤྲོད་དང་འབྲེལ་བའི་“དེང་གི་ན་གཞོན་དང་མ་འོངས་པའི་འགོ་ཁྲིད་”ཅེས་པའི་ཟབ་སྦྱོང་ཐེངས་བཅུ་པ་དེ་འཚོག་བཞིན་ཡོད་པ་དང། དེར་མཐོ་སློབ་ཁག་བཅུ་ཙམ་ནས་སློབ་མ་༦༠ ཙམ་འཛུལ་ཞུགས་བྱས་པའི་ཁྲོད་བུད་མེད་༡༥ ཙམ་ཡོད་འདུག ཉིན་དགུའི་རིང་བརྗོད་གཞི་ཉི་ཤུ་ཙམ་གྱི་ཐོག་ཆེད་ལས་པ་དང་ལས་དོན་དང་འབྲེལ་ཡོད་མི་སྣ་སོགས་ཀྱིས་ཟབ་ཁྲིད་བྱེད་རྒྱུ་ཡིན་པ་རེད།

ཟབ་སྦྱོང་ཐོག་བཅར་བའི་སློབ་མ་ཁག་ཅིག་ལ་འདིར་ཡོང་བའི་དམིགས་ཡུལ་དང་། མཐོ་རིམ་སློབ་མ་ཚོའི་དཀའ་ངལ། བོད་དོན་ལ་འགན་ཁུར་སྟངས་བཅས་ཀྱི་སྐོར་ལ་འདི་གའི་གསར་འགོད་པས་བཅར་འདྲི་བྱས་པ་ཡིན།

tenzin norbu saraབསྟན་འཛིན་ནོར་བུ། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་འཛིན་རིམ་བཅུ་གཉིས་མཐར་ཕྱིན་པ་དང་། ད་ལྟ་སཱ་ར་མཐོ་སློབ་ཏུ་སློབ་གཉེར་བྱེད་བཞིན་ཡོད་པ་རེད། ཁོང་གིས། “བོད་མིའི་སྒྲིག་འཛུགས་འདིའི་འགྲོ་སྟངས་དང་། བཀའ་ཤག་སོགས་ཀྱི་ནང་ལས་བྱེད་ཚོས་ལས་དོན་བྱེད་ཕྱོགས་ག་འདྲ་ཡིན་མིན་སྔོན་མ་ངས་ཏོག་ཙམ་ཤེས་ཀྱི་ཡོད་ལ། ད་ལྟ་དེ་ཚོ་གསལ་པོ་ཞིག་ཤེས་རྟོགས་ཡོང་ཆེད་དུ་ཟབ་སྦྱོང་འདིར་བཅར་བ་ཡིན་”ཞེས་དང་། ཁོང་གིས་མཐོ་རིམ་སློབ་མའི་གནས་སྟངས་སྐོར་བརྗོད་དོན། “སློབ་མ་ཚོ་མཐོ་སློབ་ཏུ་འགྲོ་སྐབས་ཡར་མར་ལ་འགྲིམ་འགྲུལ་གྱི་ཉམས་མྱོང་མེད་པ་དང་། མཐོ་སློབ་གང་དུ་ཞུགས་ན་ཡག་པོ་ཡོད་མེད་གསལ་པོ་མ་ཤེས་པའི་དཀའ་ངལ་ཡོད་པ་རེད། གཙོ་བོ་སློབ་གྲྭའི་ནང་དུ་སྡོད་སྐབས་སོ་སོས་འགན་མ་ཁུར་བར་དོ་སྣང་བྱེད་མ་ཐུབ་པ་དང་གནས་ཚུལ་ཤེས་རྟོགས་མ་བྱུང་བའི་དཀའ་ངལ་འདུག འོན་ཀྱང་ཕན་ཚུན་འགྲུལ་བཞུད་དང་མཐོ་སློབ་ཏུ་འགྲོ་སྟངས་སོགས་ལ་སློབ་མ་རྙིང་པ་ཚོས་ལམ་སྟོན་གོ་སྒྲིག་ཡོད་པ་རེད། སྤྱིར་བཏང་བོད་པའི་རྩ་དོན་ཆེད་འགན་ཁུར་སྟངས་དེ་ཕྱོགས་གཅིག་ནས་བལྟས་ན་ཡག་པོ་རེད་མོད། མཚམས་རེ་འགན་ཁུར་ཟེར་དུས་མར་དཔའ་ཞུམ་འགྲོ་བ་དང་ངོ་ཚ་བྱེད་མཁན་གྱི་རིགས་གཅིག་ཀྱང་འདུག ད་ཐེངས་ང་ཚོའི་ཟབ་སྦྱོང་ཐོག་སོ་སོས་འདོད་མོས་ལྟར་ལྷན་ཁང་དུ་འགྲོ་རྒྱུར་རུ་ཁག་བཟོས་ནས་བསྐྱོད་པ་ཡིན། དེ་རིང་སྦྱངས་པ་དེ་སྙན་ཐོ་བཟོ་དགོས་ཀྱི་ཡོད་པ་རེད་མོད། ངས་མི་ཤེས་ཟེར་མཁན་མང་པོ་སླེབས་ཡོང་བ་ལྟ་བུ་དཔེ་མཚོན་ཙམ་རེད་”ཅེས་འགྲེལ་བརྗོད་བྱས་སོང་།

lobsan junpa banglorབློ་བཟང་སྦྱིན་པ་ནི་བོད་ནས་ཡོང་བ་དང་སུ་ཇཱ་སློབ་གྲྭར་ཞུགས། ད་ལྟ་བྷེང་ལོར་དུ་ཚོང་རིགས་མཐོ་སློབ་ཏུ་བསྐྱོད་བཞིན་ཡོད་པ་རེད། ཁོང་གིས་བརྗོད་དོན། “ང་འདིར་ཡོང་དོན་བོད་མི་ཞིག་ཡིན་པའི་ཆ་ནས་བོད་གཞུང་གི་གནས་སྟངས་དང་ལས་དོན་བྱེད་ཕྱོགས་ཤེས་དགོས་པ་གལ་ཆེན་པོ་རེད་མོད། སྔོན་མ་ང་ཆུང་ཆུང་ཡིན་སྐབས་དེབ་ཀློག་པ་སོགས་ཀྱི་གོམས་གཤིས་ཞེ་དྲག་ཆགས་མི་འདུག དགེ་རྒན་ཚོའི་སློབ་ཁྲིད་ལ་ཉན་པ་གཅིག་པུ་རེད། ད་ལྟ་མཐོ་སློབ་ཀྱི་གུང་སེང་དང་སྟབས་བསྟུན་ནས་དུས་ཚོད་འཕྲོ་བརླག་མ་སོང་བ་དང་བོད་གཞུང་གི་སྐོར་ལ་ཅུང་ཙམ་ཤེས་ན་བསམ་ནས་ཟབ་སྦྱོང་འདིར་བཅར་བ་ཡིན་”ཞེས་དང་། “སྤྱིར་བཏང་བོད་ཕྲུག་ཚོ་འཛིན་གྲྭ་བཅུ་གཉིས་བར་བོད་མིའི་སློབ་གྲྭའི་ནང་སྡོད་ཀྱི་ཡོད་པ་རེད། འཛིན་གྲྭ་བཅུ་གཉིས་མཐར་ཕྱིན་པ་དང་ཕྱི་ལོག་ཏུ་སོང་ནས་རྒྱ་གར་གྱི་སློབ་མ་དང་ཕྱི་རྒྱལ་སློབ་མ་ཚོ་མཉམ་དུ་དཔུང་པ་གཤིབ་ནས་འགྲོ་དགོས་པ་རེད། སློབ་གྲྭའི་ནང་ནམ་རྒྱུན་བོད་སྐད་བཤད་བསྡད་ཡོད་པས། ཕྱི་ལོག་ཏུ་སླེབས་སྐབས་ལམ་སང་དབྱིན་ཇིའི་སྐད་ཁ་ནས་བཤད་མི་ཐུབ་པའི་དཀའ་ངལ་ཞིག་ཡོད་པ་རེད། དབྱིན་ཡིག་འབྲི་རྒྱུར་དཀའ་ངལ་དེ་ཙམ་མི་འདུག སྤྱིར་བཏང་ང་ཡོད་སའི་མཐོ་སློབ་ཏུ་བོད་པ་ཉུང་ཉུང་རེད། བོད་མིའི་གནས་བབ་ལ་དོ་སྣང་བྱས་ཏེ། ཚགས་པར་དང་དེབ་ཀློག་མཁན་ཡོད་པ་རེད་མོད། དེ་ཙམ་དོ་སྣང་བྱེད་མི་ཐུབ་མཁན་མང་བ་རེད། སྤྱི་ཚོགས་གང་སར་ནམ་རྒྱུན་བོད་གཞུང་ཟེར་ནས་ཁ་ནས་བཤད་མཁན་མང་པོ་ཡོད་པ་རེད་མོད། དོན་དངོས་སུ་ལག་ལེན་ག་ཚོད་བསྟར་གྱི་ཡོད་མེད་ངས་བཤད་ཚོད་ཐིག་གི་མི་འདུག་”ཅེས་བརྗོད་སོང་།

tenzin kyizom jandugarབསྟན་འཛིན་སྐྱིད་འཛོམས་ནི་འཛིན་གྲྭ་བཅུ་གཉིས་བོད་སློབ་འཛིན་སྐྱོང་ཁོངས་གཏོགས་ཀྱི་མ་སུ་རི་སློབ་གྲྭ་ནས་མཐར་ཕྱིན་པ་དང་། ད་ལྟ་ཅཱན་དྷི་གྷར་མཐོ་སློབ་ཏུ་དཔལ་འབྱོར་རིག་པའི་ཐོག་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད། ཁོང་གིས་བརྗོད་དོན། “ངས་གཞུང་གི་སྐོར་ལ་ཞེ་དྲག་ཤེས་ཀྱི་མེད་པས་དེའི་སྐོར་ལ་སློབ་སྦྱོང་ཅུང་རག་ན་བསམ་ནས་ཟབ་སྦྱོང་འདིར་བཅར་བ་ཡིན་”ཞེས་དང་། ཁོང་གིས་མཐོ་རིམ་སློབ་མའི་གནས་སྟངས་སྐོར་བརྗོད་དོན། “བོད་པའི་མཐོ་རིམ་སློབ་མ་ཚོར་དང་ཐོག་མཐོ་སློབ་ཏུ་འཛུལ་སྐབས་སྐད་བརྡ་མ་འཕྲོད་པའི་དཀའ་ངལ་ཆེན་པོ་ཡོད་པ་རེད། དེ་ནས་བོད་པའི་གཤིས་ཀ་ལ་ངོ་ཚ་ཆེན་པོ་དང་། འཛིན་གྲྭའི་ནང་དགེ་རྒན་ལ་སྐད་ཆ་འདྲི་མི་ཐུབ་པ་དང་སྐད་ཆ་བཤད་མི་ཐུབ་པའི་དཀའ་ངལ་ཡོད་པ་རེད། ང་རྒྱ་གར་དུ་སྐྱེས་པ་རེད། ང་རང་སྒེར་ལ་མཚོན་ན་བོད་དོན་སྐོར་ལ་འགན་མ་ཁུར་པ་ལྟ་བུ་ཚོར་སོང་། མཚམས་མཚམས་གསུམ་བཅུའི་དུས་དྲན་ལྟ་བུར་ཅུང་ཧ་གོ་བ་དང་། གནས་སྐབས་སེམས་ཤུགས་འཕར་བ་ཙམ་ཞིག་རེད། ད་ལྟ་ང་རང་གིས་བོད་དོན་སྐོར་ལ་དོ་སྣང་བྱེད་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། ངའི་ཨ་ཁུས་རྟག་པར་བོད་དོན་ལ་དོ་སྣང་བྱས་ཏེ། དེ་འབྲེལ་གྱི་བརྙན་འཕྲིན་དང་གསར་འགྱུར་བརྒྱུད་ལམ་དུ་དོ་སྣང་བྱས་དུས། ངས་ཀྱང་དོ་སྣང་མ་བྱས་རང་བྱས་ལྟ་བུ་ཆགས་ཀྱི་འདུག གཞོན་སྐྱེས་དེ་འདྲ་མང་པོ་ཡོད་པ་ལྟ་བུ་མཐོང་གི་འདུག ད་ལྟ་ངའི་དམིགས་ཡུལ་གཙོ་བོ་དེ་འགྲུབ་ཀྱི་ཡོད་མེད་མི་ཤེས་ཡོད། སློབ་སྦྱོང་དེ་དཔལ་འབྱོར་སྐོར་ལ་བྱེད་ཀྱི་ཡོད་པས། མ་འོངས་པར་རྒྱ་ནག་གི་དཔལ་འབྱོར་སྐོར་ལ་ཉམས་ཞིབ་བྱེད་རྒྱུའི་དམིགས་ཡུལ་ཡོད་”ཡོད་ཅེས་བརྗོད་སོང།

sonam dolma belkop1བསོད་ནམས་སྒྲོལ་མ་ནི་སྦེལ་ཀོབ་ནས་འཛིན་གྲྭ་བཅུ་གཉིས་མཐར་ཕྱིན་པ་དང། ད་ལྟ་ཅན་དྷི་གྷར་མཐོ་སློབ་ཏུ་ཡོད་པ་རེད། “འདིར་ཡོང་དོན་བོད་གཞུང་གི་ལས་དོན་བྱེད་ཕྱོགས་ཤེས་དགོས་པ་གལ་ཆེན་པོ་རེད། ང་སྔོན་མ་འཛིན་གྲྭ་བཅུ་གཅིག་སྐབས་ཟབ་སྦྱོང་འདིར་ཐེངས་གཅིག་བཅར་བ་ཡིན་ལ། དེའི་སྐབས་གང་འཚམས་ཤེས་པ་དེ་ཡར་རྒྱས་གཏོང་ཆེད་དུ་ཟབ་སྦྱོང་འདིར་བཅར་བ་ཡིན་”ཞེས་དང་། ཁོང་གིས་མཐོ་རིམ་སློབ་མའི་གནས་སྟངས་སྐོར་བརྗོད་དོན། “རྒྱ་གར་མཐོ་སློབ་ཏུ་འགྲོ་སྐབས་དང་ཐོག་ཁྱི་ཤ་བུ་མོ་རེད་ཟེར་བ་དང་། མིག་འཐེན་བཞག་འདུག་ཟེར་བ་ལྟ་བུ་བསྙད་བརྐོ་མཁན་ཡོད་པ་རེད། སྤྱིར་བཏང་མཐོ་སློབ་ཏུ་མི་རིགས་སོ་སོའི་རིག་གཞུང་སྐོར་ལ་འཁྲབ་སྟོན་བྱེད་རྒྱུའི་གོ་སྐབས་ཡོད་པ་རེད་མོད། ད་དུང་བོད་པས་གོ་སྐབས་དེ་འདྲ་རག་མ་སོང། གོ་སྐབས་དེ་འདྲ་ལེན་ཐུབ་ན་བོད་པའི་སྐོར་ངོ་སྤྲོད་ཡག་པོ་འགྲོ་ཡི་རེད་བསམ་ནས་རྗེས་མ་གོ་སྐབས་དེ་འདྲ་རག་ཐབས་སུ་འབད་བརྩོན་བྱེད་རྒྱུ་ཡིན། ད་ལྟ་དཔལ་འབྱོར་རིག་པའི་སྐོར་ལ་MA སློབ་སྦྱོང་བྱེད་རྒྱུ་ཡིན་ལ། མ་འོངས་པར་བོད་གཞུང་དཔལ་འབྱོར་ལས་ཁུངས་སུ་ལས་ཀ་བྱེད་རྒྱུའི་དམིགས་ཡུལ་ཡོད་”ཅེས་བརྗོད་སོང་།།

{jcomments on}

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།