སྨན་པའི་ས་མིག་གསལ་བསྒྲགས།
འདི་ག་འབྲས་སྤུངས་བློ་གསལ་གླིང་སྨན་ཁང་དུ་བོད་རིགས་ཕྱི་ལུགས་སྨན་པ་ཞིག་དང་སོ་སྨན་པ་ཞིག་དགོས་མཁོ་བྱུང་དོན་བཞིན་སྨན་པའི་ས་མིག་གཉིས་འདུག་ན། དེར་ཞུགས་འདོད་ཡོད་རིགས་རྣམས་ནས་གཤམ་གསལ་འབྲེལ་གཏུག་ཁ་པར་དང་ཁ་བྱང་ཐོག་ཏུ་གང་མྱུར་འབྲེལ་གནང་ཡོད་པའི་དགོངས་འཇགས་ཞུ།
དགོས་མཁོའི་ཆ་རྐྱེན།
༡༽ གཙོ་བོ་ MD འམ་ MBBS ཐོན་པ་དགོས།
༢༽ ས་གནས་གང་ནས་ཡིན་ཡང་དོ་རྒྱལ་བསྟེན་གསོལ་མི་བྱེད་པའི་རང་ཁོངས་ས་གནས་འགོ་འཛིན་གྱི་ངོས་སྦྱོར་དགོས།
༣༽ གལ་ཏེ་ད་ལན་སྤྱི་སྒེར་གང་དུ་ཕྱག་ལས་གནང་མུས་ཡིན་ཚེ་ལས་ཁང་འདིའི་འགན་འཛིན་ནས་རྩོད་རྙོག་མེད་པའི་ངོས་སྦྱོར་དགོས།
༤༽ དེ་སྔོན་སྨན་པའི་ཕྱག་ལས་གནང་བའི་ཉམས་མྱོང་ནི་དམིགས་བསལ་ཆ་རྐྱེན་དུ་བརྩི་རྒྱུ།
མཐུན་རྐྱེན།
༡༽ MD འམ་ MBBS སྨན་པའི་ལག་འཁྱེར་ཡོད་རིགས་ལ་ཟླ་རེར་གསོལ་་ཕོགས་ཧིན་སྒོར་ ༣༠༠༠༠། སུམ་ཁྲི་ཐམ་པ་འབུལ་རྒྱུ།
༢༽ སོ་སྨན་པའི་ལག་འཁྱེར་ཡོད་རིགས་ལ་གསོལ་ཕོགས་ཡིད་ཚིམས་པ་ཡོད།
༣༽གཟུགས་མཐོང་རླུང་འཕྲིན་དང༌ཁྲུས་ཁང་མཉམ་ལྡན་གྱི་བཞུགས་ཁང་སྤུས་ལེགས་ཡོད།
༣༽ བཞེས་ལག་རྣམས་སྨན་ཁང་རང་ནས་འབུལ་རྒྱུ།
འབྲེལ་གཏུག་ཁ་པར་དང་ཁ་བྱང༌།
Email lamaclinic@yahoo.co.in