འཇང་དགུན་ཆོས་ཚོགས་གཏན་འཁེལ་བའི་བརྡ་ཁྱབ་གསལ་བསྒྲགས།

༄༅།། རབ་འབྱམས་གཞུང་ལུགས་སྨྲ་ལ་འགྲན་པའི་ཟླ་དང་བྲལ་བ་གདན་ས་ཆོས་སྒར་ཁག་གི་གཙོས་དོན་གཉེར་ཅན་གྱི་ཕྱོགས་བཞུགས་སློབ་གཉེར་བ་རྣམ་པ་ལྷན་རྒྱས་ཀྱི་སྙན་ལམ་དུ།

ཆེད་ཞུ། དགོངས་མངའ་ལྟར་འགྲོ་བ་ཡོངས་ཀྱི་མགོན་སྐྱབས་སྤྱི་ནོར་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་མཛད་ཆེན་ཁག་སྟབས་བསྟུན་འདི་ལོའི་འཇང་དགུན་ཆོས་ཆེན་མོ་བོད་རྒྱལ་ལོ་༢༡༣༨ བོད་ཟླ་དགུ་པའི་ཚེས་༢༡ ནས་བོད་ཟླ་བཅུ་པའི་ཚེས་༧བར་དང་། ཕྱི་ལོ་༢༠༡༡ ཕྱི་ཟླ་༡༡ཚེས་༡༦ ནས་ཕྱི་ཟླ་༡༢ ཚེས་༡ བར་ཉིན་ཞག་བཅུ་དྲུག་རིང་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་ཚོགས་གཏན་འཁེལ་བ་ལགས་ན། འཇང་དགུན་ཆོས་འཚོགས་ཡུལ་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གྲྭ་ཚང་གཉིས་ནས་སློབ་གཉེར་བ་རྣམས་ཀྱི་བཞུགས་ཡུལ་སོགས་གོ་སྒྲིག་ཞུ་སྒོ་ཁག་སྔར་སྲོལ་བཞིན་གནང་སྐྱོང་དགོངས་འཇགས་དང་། འཇང་དགུན་ཆོས་ལ་ཕེབས་མཁན་གདན་ས་ཁག་དང་། ཕྱོགས་མཐའ་ཁག་སོ་སོ་ནས་སློབ་གཉེར་བ་ཇི་ཡོད་ཀྱི་གྲངས་བསྡོམས་མཚན་གཞུང་ཞིག བོད་ཟླ་༩ཚེས་༡༠ ནང་ཚུད་འདི་ལས་སུ་གནང་སྐྱོང་ཡོང་བ་དང་། ཕྱོགས་མཐའ་ཁག་ནས་འཇང་དགུན་ཆོས་ལ་ཕེབས་མཁན་རྣམ་པས་བཞུགས་གནས་དང་ཞལ་ལག་སོགས་གོ་སྒྲིག་ཞུ་ཕྱོགས་ཐད་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གྲྭ་ཚང་གཉིས་ལ་ཁུངས་སོ་སོས་ཐད་ཀར་འབྲེལ་བ་གནང་ནས་ཐབས་འཚོལ་གནང་རྒྱུ་ལས་འདི་གའི་ཚོགས་ཆུང་ནས་གོ་སྒྲིག་ཞུ་ཐབས་མེད་པ་དགོངས་འཇགས་ཞུ་རྒྱུ་བཅས་སུ།
འཇང་དགུན་ཆོས་ཚོགས་ཆུང་ནས་༢༠༡༡ཕྱི་ཟླ་༡༠ཚེས་༥ཉིན།

E-MAIL: gadenlachi@yahoo.com

དགའ་ཤར་མཁན་རིན་པོ་ཆེ།
དགེ་བཤེས་བྱང་ཆུབ་སྟོབས་རྒྱས།
བརྩོན་འགྲུས་རྒྱལ་མཚན།
བློ་བཟང་རིན་ཆེན།
mobile No: 9945905780
Mobile No: 9731027182
Mobile No: 9663227436
Mobile No: 9741776596

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།