སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མྱུར་དུ་གློད་གྲོལ་གཏོང་དགོས།

sft_7_4_2012ཟླ་འདིའི་ཚེས་༧ ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལ་རྒྱ་གཞུང་གིས་ཆབ་སྲིད་ཀྱི་ཉེས་མིང་འོག་ཚེ་བཙོན་དུ་བཅུག་ནས་ལོ་ཧྲིལ་པོ་བཅུ་འཁོར་བའི་དུས་དྲན་སྐབས་དང་བསྟུན། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་སྤྲུལ་སྐུ་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་ཞུ་ཡིག་ཐོག་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་དྷ་སར་སྤེལ་ཡོད་པ་རེད།

jigdal_7_12_2012རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འཆར་འགན་འཛིན་བསྟན་འཛིན་འཇིགས་བྲལ་ལ་ལས་འགུལ་སྤེལ་ཡུལ་སྐོར་ལ་དྲིས་པར། ཁོང་གིས་དེ་རིང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་འདི་དྷ་རམ་ས་ལ་གཅིག་པུ་མ་རེད། རྒྱ་གར་གྱི་གནད་ཡོད་ས་གནས་ཆེ་ཁག་དཔེར་ན་དྷི་ལི་དང་། མ་ཌ་ར་སི། བྷང་ལོར། མོན་བྷེ་སོགས་ལའང་ལས་འགུལ་གོ་སྒྲིག་བྱས་ཡོད་པ་མ་ཟད། ཕྱིའི་རྒྱལ་རྒྱལ་ཁབ་ཆེ་ཁག་དཔེར་ན་ཨ་རི་དང་། དབྱིན་ཡུལ། ཁེ་ན་ཌ་སོགས་ལའང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་མུས་རེད་ཅེས་ངོ་སྤྲོད་བྱས་སོང་།

ཡང་བསྟན་འཛིན་འཇིགས་བྲལ་གྱིས་མཚན་རྟགས་བསྡུ་རུབ་འདི་དེ་རིང་ཙམ་མིན་པར། སྔོན་མ་ནས་སྤེལ་བསྡད་པའི་ལས་འགུལ་ཞིག་ཡིན་པས། དྲ་རྒྱའི་ནང་མཚན་རྟགས་བསྡུ་རུབ་བྱས་ནས་ད་བར་ཁྲི་ལྔ་མ་ཟིན་ཙམ་བྱུང་ཡོད་སྐོར་ཡང་འབྲེལ་བརྗོད་བྱས་སོང་།

ཁོང་གིས་མུ་མཐུད་བརྗོད་དོན། དེ་རིང་གི་ལས་འགུལ་དེ་ནི་སྤྲུལ་སྐུ་བསྟན་བདེ་ལེགས་སྔོན་རྒྱ་དཔོན་ཀྲུ་ཡུང་ཁཱང་ཟེར་བ་ཟི་ཁྲོན་ཞིང་ཆེན་དམར་ཤོག་ཚོགས་པའི་དྲུང་ཆེ་ཡིན་པའི་སྐབས་རིན་པོ་ཆེར་མ་ཉེས་ཁ་གཡོགས་བྱས་ཏེ། ཚེ་བཙོན་དུ་བཅུག་ཡོད་རེད། ད་ལྟ་ཁོ་རང་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཆབ་སྲིད་དང་ཁྲིམས་དོན་ལྷན་ཚོགས་ཀྱི་དྲུང་ཆེར་ཆགས་ཡོད། རྒྱུ་མཚན་དེར་བརྟེན་ནས། ང་ཚོའི་ཞུ་ཡིག་འདི་ཁོ་རང་རང་ལ་དམིགས་ཀྱི་ཡོད་ལ། ཞུ་ཡིག་ནང་སྤྲུལ་སྐུ་མཆོག་ནག་ཉེས་སྤུ་ཙམ་མེད་པར་ཚེ་བཙོན་བྱས་ཡོད་རེད། དེ་ཡིན་དུས་ད་བར་ཁོང་ཚེ་བཙོན་དུ་བཅུག་དགོས་པའི་ནག་ཉེས་ཚང་མ་ཁྱེད་རང་ལ་ཡོད་རེད། ང་ཚོ་བོད་དོན་འཐབ་རྩོད་པ་དང་འཛམ་གླིང་གི་བོད་དོན་རྒྱབ་སྐྱོར་བ་ཚང་མས་ལས་འགུལ་སྤེལ་སྡད་ཡོད་རེད་ལ། ད་དུང་མུ་འཐུད་ནས་ལས་འགུལ་སྤེལ་གྱི་རེད། གང་ལྟར་ཁྱེད་རང་གིས་རིན་པོ་ཆེ་གང་མགྱོགས་གློད་གྲོལ་དགོས་ཞེས་འབོད་སྐུལ་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་བྱས་སོང་།

sft_7_4_2012

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ད་ལྟའི་གནས་སྟངས་སྐོར་དྲིས་པར། འདས་པའི་ལོ་བཅུའི་ནང་བཙོན་དུ་ལུས་སེམས་གཉིས་ལ་མནར་གཅོད་ཚད་མེད་ཀྱི་དཀའ་སྡུག་མང་པོ་འཕྲད་ཡོད་པ་རེད། ད་ལན་གནས་ཚུལ་གོ་བ་ལྟར་ན། བཙོན་ཁང་ནང་ཁོང་ལ་ཁྲག་ཤེད་ཀྱི་ན་ཚ་དང་། སྙིང་གི་ན་ཚ། རྐང་པའི་ན་ཚ་སོགས་འཕྲོད་བསྟེན་གྱི་ཆ་ནས་གཟུགས་པོ་ཧ་ཅང་སྐྱོ་བོར་གྱུར་འདུག དེས་མ་ཚད་འབྲེལ་ཡོད་རིན་པོ་ཆེས་བོད་སྨན་གྱིས་སྨན་བཅོས་བྱེད་རྒྱུའི་འབོད་སྐུལ་གནང་ཡང་ཁས་ལེན་བྱས་མི་འདུག་ཅེས་བཙོན་སྲུང་ཉེན་རྟོག་བཤད་འདུག་ཅེས་འགྲེལ་བརྗོད་བྱས་སོང་།

 

དབྱིན་ཡིག་ནང་བཏོན་པའི་ཚོགས་པ་དེའི་གཞུང་འབྲེལ་གྱི་གསར་འགོད་གསལ་བསྒྲགས་ནང་། གཟའ་འཁོར་འདིར་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཆེས་མཐོའི་དཔོན་རིགས་ཀྲུ་ཡུང་ཁཱང་ལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་ཆ་རྐྱེན་གང་ཡང་མེད་པའི་ཐོག་འཕྲལ་དུ་གློད་གྲོལ་དགོས་པའི་ཞུ་ཡིག་སྟོང་ཕྲག་མང་པོ་རྒྱུད་མཐུད་ནས་གཏོང་གི་ཡོད་སྐོར་འཁོད་ཡོད་པ་རེད།

tenzin dolkarརྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འབྲེལ་འཐུད་པ་བསྟན་འཛིན་སྒྲོལ་དཀར་གྱིས་བརྗོད་དོན། རིན་པོ་ཆེ་ནི་སྤྱི་ཚོགས་ཞབས་ཞུའི་ཐོག་བོད་མི་རྣམས་ཀྱིས་གུས་བརྩི་དང་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་ཡོད་པས། དོན་དངོས་ཐོག་ཁོང་བོད་མི་ཞིག་ཡིན་པའི་རྒྱུ་མཚན་ཁོ་ནར་བརྟེན་ནས་འཛིན་བཟུང་བྱས་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་ཁོང་གི་མཆེད་གྲོགས་བློ་བཟང་དོན་འགྲུབ་དང་མཉམ་དུ་འབར་རྫས་འགས་འཐོར་གྱི་ཉེས་མིང་གཡོགས་ནས། ཕྱི་ལོ་༢༠༠༢ ཟླ་བ་༤ པའི་ནང་འཛིན་བཟུང་གིས་བློ་བཟང་དོན་གྲུབ་ལ་སྲོག་ཁྲིམསབཅད་དེ་སྐུ་བགྲངས་པ་དང་། སྤྲུལ་སྐུ་ལ་ལོ་གཉིས་ཀྱི་ཕྱིར་འགྱངས་དུས་ཡུན་ཐོག་སྲོག་ཁྲིམས་བཅད་ཀྱང་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་མི་མང་སྟོང་ཕྲག་དུ་མས་ཁྲིམས་ཆད་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་བརྟེན་སྲོག་ཁྲིམས་ཀྱི་ཁྲིམས་ཆད་དེ་ཚེ་བཙོན་དུ་བསྒྱུར་ཡོད་པ་རེད།།

ཁྱེད་ཀྱིས་གཟིགས་མེད་སྲིད།