ཟས་དུག་གི་རྐྱེན་པས་སྨན་ཁང་དུ་ཉལ་དགོས་བྱུང་འདུག
ཟླ་འདིའི་ཚེས་ ༩ ན་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་ཆང་སའི་མཛད་སྒོ་ཞིག་གི་ཐོག ཟས་དུག་གི་རྐྱེན་པས་མི་མང་པོ་ཞིག་སྨན་ཁང་དུ་ཉལ་དགོས་བྱུང་འདུག
དེའི་སྐོར་ས་གནས་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་ལྷག་པ་ཚེ་རིང་ལགས་སུ་ཁ་པར་བརྒྱུད་གནས་འདྲི་ཞུས་པར། ཁོང་གིས། ཕྱི་ཚེས་ ༩ ཉིན་དོན་གླིང་གྲོང་སྡེ་ K ནང་ཆང་ས་མཛད་སྒོ་ཞིག་གི་སྐབས་ཞལ་ལག་ནང་ཟས་དུག་ཤོར་ཡོད་འདུག་པས་མི་མང་པོ་ཞིག་ནད་པ་ཆགས་ཏེ་སྨན་ཁང་དུ་ཉལ་ཡོད་པ་རེད། ད་ལྟའི་ཆར་མི་༢༣ སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་ ཛ་དྲག་ཆེ་བ་ཁག་གཅིག་རྒྱ་གར་གྱི་སྨན་ཁང་ཆེ་བ་ཞིག་གི་ནང་ཁྲིད་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་སོང་།
ད་ལྟ་སྨན་བཅོས་བྱེད་བཞིན་ཡོད་པ་དང་ཉེན་ཁ་ཡོད་པའི་ནད་པ་དེ་འདྲ་མི་འདུག་པས་དངངས་སྐྲག་བྱེད་དགོས་པ་གང་ཡང་མིན་འདུག་ཅེས་འགྲེལ་བརྗོད་བྱས་སོང་།།