གཞོན་སྐྱེས་ཚོར་སེམས་འགུལ་ཞིག་ཐེབས་ཐུབ་པའི་རེ་བ་ཡོད།

news photo from mundgod 2012  4  11 1

ཕྱི་ཚེས་༡༡ ཉིན་འདི་ག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གཞིས་གྲོང་བརྒྱད་པའི་ནང་སྡོད་མི་སྐྱ་༡༦ གིས་དང་བླངས་ཐོག བོད་དོན་དྲིལ་བསྒྲགས་ཆེད་སྦག་སྦག་གམ་འཕྲུལ་རྟ་རྒྱང་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་འགོ་བཙུགས་སོང་།

དེ་ཡང་ཟླ་འདིའི་ཚེས་༡༡ ཉིན་གྱི་ཞོགས་པའི་ཆུ་ཚོད་༨ ཐོག མོན་གྷོ་ས་གནས་གཞིས་གྲོང་བརྒྱད་པ་ནས་སྦག་སྦག་རྒྱང་བསྐྱོད་ཀྱི་ལས་འགུལ་དེ་འགོ་འཛུགས་ཀྱིས། ནོར་བུ་རི་རྩེར་བསང་གསོལ་དང་རླུང་རྟ་བསྒྲེངས་འཛུགས་སོགས་ཀྱི་ལས་རིམ་གྲུབ་རྗེས།   མོན་གྷོ་ས་གནས་གཞོན་ལྷན་དང་བུད་མེད་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག བོད་བསྟན་སྲིད་ཆེད་དུ་སྐུ་ལུས་མཆོད་མེར་ཕུལ་མཁན་བོད་ཕྱི་ནང་གཉིས་ཀྱི། རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་ཆེད་དུ་བསྔོ་སྨོན་མཆོད་འབུལ་དང་འབྲེལ། སྦག་སྦག་རྒྱང་བསྐྱོད་ཀྱི་ལས་འགུལ་བ་ཚོར་གདུང་སེམས་མཉམ་བསྐྱེད་དང་མཐུན་འགྱུར་ཆེད་ཚོགས་འདུ་ཞིག་གཞིས་སྤྱི་ཚོགས་ཁང་ནང་ཚོགས་ཡོད་པ་དང་།

news photo from mundgod 2012  4  11 2འཚོགས་ཐོག་ཏུ་མོན་གྷོ་ས་གནས་འགོ་འཛིན་བསོད་ནམ་བསྟན་འཛིན་ལགས་དང་། མདུན་ལམ་སློབ་སྟོན་པ་འཇམ་དབྱངས་དབང་རྒྱལ་ལགས་གཉིས་ཀྱི་གཙོས། གཞིས་གྲོང་ཁག་གི་སྤྱི་མི་རྣམ་པ་དང་སྦག་སྦག་རྒྱང་བསྐྱོད་ཀྱི་ལས་འགུལ་བ་རྣམ་པ།  གཞན་ཡང་མི་མང་ཉིས་བརྒྱ་མ་ཟིན་ཙམ་མཉམ་ཞུགས་གནང་སྟེ། ཐོག་མར་ས་གཞོན་ཚོགས་གཞོན་པདྨ་ཚེ་རིང་ལགས་ཀྱིས་བསྔོ་སྨོན་མཆོད་འབུལ་གནང་དགོས་པའི་རྒྱུ་མཚན་དང་སྦྲགས།   སྦག་སྦག་རྒྱང་བསྐྱོད་བོད་དོན་དྲིལ་བསྒྲགས་གནང་མཁན་ཚོར་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་སོགས་གསུངས་བཤད་གནང་སོང་།

དེ་ནས་མོན་གྷོ་ས་གནས་འགོ་འཛིན་བསོད་ནམས་བསྟན་འཛིན་ལགས་ཀྱིས་ལས་འགུལ་དེ་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་གནང་དོན།    རྣམ་པ་ཚོའི་དང་བླངས་ཐོག་བོད་དོན་ཁྱབ་བསྒྲགས་ཆེད་དུ་སྦག་སྦག་རྒྱང་བསྐྱོད་ཀྱི་ལས་འགུལ་འདིར་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཡོད་ལ།  དེ་རིང་མི་གྲངས་བཅུ་དྲུག་ལས་འགུལ་སྤེལ་དུ་ཕར་འགྲོ་ཡི་ཡོད་པ་ནང་བཞིན། རྗེས་སུ་ས་གནས་འདིར་ཚུར་འབྱོར་སྐབས་ཀྱང་ཚང་མ་ནད་མེད་ཐོག་ལས་འགུལ་ལམ་ལྷོང་ཡོང་པའི་རེ་བ་དང་སྨོན་ལམ་ཡོད་ཅེས་སོགས་གསུངས་སོང་།

news photo from mundgod 2012  4  11 1

ལས་འགུལ་ནང་མཉམ་ཞུགས་གནང་མཁན་གུ་དྲག་ལགས་ཀྱིས་བོད་དོན་དྲིལ་བསྒྲགས་ཆེད་སྦག་སྦག་རྒྱང་བསྐྱོད་ཀྱི་ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་སྐོར་གསུང་དོན། ད་ལྟའི་བར་བོད་ཕྱི་ནང་གཉིས་ཀྱི་ནང་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད། རྒྱལ་གཅེས་དཔའ་བོ་དཔའ་མོ་སོ་ལྔ་ཙམ་གྱིས་སྐུ་ལུས་མཆོད་མེར་ཕུལ་བ་དེ་ལ་རྗེས་སུ་ཡི་རངས་དང་། གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དང་། ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན་གཞན་ཞིག་ནི་བཙན་བྱོལ་རང་དབང་ལུང་པར་འཚོ་སྡོད་བྱེད་མཁན་གྱི་གཞོན་སྐྱེས་ཚོར་སེམས་འགུལ་ཞིག་ཐེབས་ཐུབ་པའིེ་རེ་བ་བྱེད་ཀྱི་ཡོད།  ང་ཚོའི་གཟུགས་པོ་མེར་བསྲེག་གཏོང་ཐུབ་ཀྱི་མེད་ན་ཡང་ཚང་མའི་ཕྱར་གྲུ་མཉམ་འདེགས་དང་། གདུང་སེམས་མཉམ་བསྐྱེད་ཐོག་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་གང་ཐུབ་ཅི་ནུས་ཀྱི་སྤེལ་རོགས་བྱས་ན་བསམ་ནས་ལས་འགུལ་འདི་སྤེལ་བ་ཡིན་ཞེས་དང་།  དེ་ཡང་ང་ཚོའི་འཕྲུལ་རྟ་དང་རླངས་འཁོར་གྱི་སྣུམ་རིན་སོགས་ལམ་གྲོན་ཡོངས། རང་ངོས་ནས་གྲ་སྒྲིག་གིས་ཀ་ཎ་ཌ་ཀ་མངའ་སྡེའི་ནང་གི་གྲོང་ཁྱེར་ཁག་ཚང་མ་ལ་་འགྲོ་ཡི་ཡོད། ད་དུང་ཆོག་མཆན་རག་པ་ཡིན་ན་གྷོ་བ་ལ་འགྲོ་རྒྱུ་ཡིན་ཞེས་དང་། ང་ཚོའི་དྲིལ་བསྒྲགས་ཀྱི་དམིགས་ཡུལ་གཙོ་བོ་རྒྱ་གར་ཡུལ་མི་ཚོས་བོད་དོན་མཁྱེན་རྟོགས་ཡོང་རྒྱུ་དང་། ལྷག་པར་དུ་བོད་ཕྱི་ནང་གཉིས་ཀྱི་ནང་ནས་མི་གྲངས་སོ་ལྔ་ཙམ་གྱིས་ག་རེ་བྱས་ནས། རང་ལུས་མེར་བསྲེག་གནང་བ་ཡིན་མི་སོགས་ཀྱི་སྐོར་ལ་ཀ་ཎ་ཌ་ཀ་དང་དབྱིན་ཇི་གཉིས་ཀྱི་ཡིག་ཐོག་ཏུ་སྦྱར་ཡིག་བཟོས་ཡོད། དེ་ཚོ་གང་མང་མང་འགྲེམས་སྤེལ་བྱེད་ཀྱི་ཡིན་ཞེས་སོགས་གསུངས་སོང་།

ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཚོ་རང་ལོ་སོ་ལྔ་ནས་ང་གཅིག་བར་གྱི་ན་གཞོན་རྐྱང་རྐྱང་ཡིན་འདུག

སྦྱར་ཡིག་དེའི་ནང་འཁོད་དོན། ༡ བོད་ནང་རྒྱ་ནག་གཞུང་གིས་གདུག་རྩུབ་བཙན་གནོན་བྱེད་བཞིན་པའི་རྐྱེན་ཀྱིས། བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་དང་གཏོང་བཞིན་པར་ང་ཚོས་རྒྱ་གཞུང་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད།༢ རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་རིགས་མྱུར་དུ་མཚམས་འཇོག་བྱེད་དགོས།  ༣ འཛམ་གླིང་རྒྱལ་སྤྱིའི་ངོས་ནས་ཕྱོགས་སུ་མ་ལྷུང་བའི་ཚོགས་པ་ཞིག་བོད་ནང་ལ་བཏང་སྟེ་བོད་ནང་ལ་འགྲོ་བ་མིའི་ཐོབ་ཡོད་མེད་དངོས་ཡོད་གནས་ཚུལ་གསལ་འདོན་བྱེད་དགོས།  ༤  ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་ཡོངས་འཕྲལ་དུ་གློད་བཀྲོལ་གཏོང་དགོས། ༥ འཛམ་གླིང་གི་དབུ་ཁྲིད་ཚོའི་བོད་ནང་གི་དངོས་ཡོད་གནས་སྟངས་དེ་འགན་འཁུར་བའི་ཐོག་ནས་རྒྱ་ནག་གི་འགོ་ཁྲིད་ཚོར། བོད་མིའི་མངོན་འདོད་དང་འཚམས་པའི་བཀའ་མོལ་དང་ཚེ་སྲོག་སྐྱོབ་དགོས་པའི་བཀའ་མོལ་ཡང་གནང་དགོས།  ༦  འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་ལ་གནོད་ཤུགས་སྤྲད་དེ་བོད་ནང་གི་དམག་མི་ཕྱིར་འཐེན་དང་།  བོད་མིའི་གཞི་རིམ་གྱི་ཐོབ་ཐང་དང་ཆོས་དད་རང་དབང་མྱུར་དུ་སྤྲོད་དགོས་ཞེས་འཁོད་འདུག

མོན་གྷོ་གསར་འགོད་པས།

ཁྱེད་ཀྱིས་གཟིགས་མེད་སྲིད།