དགེ་འདུན་པ་སྟོང་གིས་བསྔོ་སྨོན་གསུངས་པ།

2012-4-14-namdol-ling-chugangཟླ་འདིའི་ཚེས་ ༡༤ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་ཆུ་བཞི་སྒང་དྲུག་གིས་སྐྱབས་འཇུག་ཞུས་པ་ལྟར། བོད་བསྟན་སྲིད་རང་དབང་སླར་གསོའི་ཆེད་སྐུ་སྲོག་མེ་རུ་སྤར་མཁན་རྣམ་ཀྱི་ཆེད་དུ། རྣམ་གྲོལ་གླིང་དགོན་པའི་འདུ་ཁང་ཞིག་ཏུ་དགེ་འདུན་པ་ཆིག་སྟོང་ལྷག་འདུས་པའི་བཟང་སྤྱོད་སྨོན་ལམ་སོགས་གསུངས་ཡོད་པ་རེད།

2012-4-14-namdol-ling-chugang

དེ་ཡང་ས་གནས་ཆུ་སྒང་ཚོགས་གཙོ་ཐོས་པ་ལགས་ཀྱིས་གསར་འགོད་པར་བསྔོ་སྨོན་དེའི་སྐོར་ལ་འགྲེལ་བརྗོད་བྱེད་དོན། “འདས་པའི་མི་མི་ལོ་དྲུག་བཅུ་ལྷག་གི་རིང་ལ་བོད་བསྟན་སྲིད་རང་དབང་གི་ཆེད་དུ་བོད་མི་རྣམས་ཀྱི་ལས་འགུལ་རིགས་སྣ་ཚོགས་པ་ཞིག་སྤེལ་ཡོད་པ་རེད། བོད་བསྟན་སྲིད་རང་དབང་གི་ཆེད་དུ་སྐུ་སྲོག་ཤོག་མཁན་ཡང་གྲངས་མེད་པ་ཞིག་བྱུང་ཡོད་པ་རེད། དེ་ཚོའི་ཆེད་དུ་བསྔོ་སྨོན་འདོན་རྒྱུ་ནི་ང་ཚོ་ནང་པ་སངས་རྒྱས་པ་ཞིག་གི་ངོས་ནས་གལ་ཆེན་པོ་རེད། ལྷག་པར་དུ་ཕྱི་ལོ་ ༡༩༩༨ རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་ལུས་མེ་རུ་སྤར་ནས་རང་བཙན་འཐབ་རྩོད་བྱས་པ་ནས་ད་ལྟའི་བར་བོད་ཕྱི་ནང་གཉིས་ནས་མི་གྲངས་ ༣༨ ཙམ་གྱིས་རླབས་ཆེ་བའི་སྐུ་སྲོག་མེ་རུ་སྤར་བའི་ལས་འགུལ་བརྩམས་པ་རེད། ལྷག་པར་དུ་ཉེ་བའི་ལོ་གཉིས་གསུམ་གྱི་ནང་ལ་བོད་མདོ་ཁམས་ཁུལ་གྱི་དཔའ་བོ་དཔའ་མོ་མང་པོ་ཞིག་གིས་གཅིག་འཕྲོ་གཉིས་མཐུད་བྱས་ནས་སྐུ་སྲོག་མེ་རུ་སྤར་མཁན་བྱུང་བ་རེད། ང་ཚོས་ཁོང་ཚོའི་ཆེད་དུ་འདས་པོ་ཚོར་སྐྱབས་འཇུག་བསྔོ་སྨོན་དང་། གར་སོང་ཆ་མེད་དུ་གྱུར་མཁན་ཚོར་ཡང་སྐྱབས་འཇུག་གསོལ་འདེབས་བྱ་རྒྱུ་དང་། ལྷག་པར་དུ་དཔའ་བོ་དེ་དག་གི་བསམ་དོན་ཡོངས་སུ་རྫོགས་པ་ཞིག་འགྲུབ་པའི་ཕྱིར་དུ་རིམ་འགྲོ་བསྔོ་སྨོན་བྱེད་རྒྱུ་ནི་ཆོས་ཕྱོགས་ཀྱི་གལ་ཆེན་ཞིག་ཡིན་པར་བརྟེན། གསལ་བསྒྲགས་ཙམ་གྱི་ཆེད་དུ་མིན་པའི་ལས་འགུལ་འདི་སྤེལ་བ་ཡིན་”ཞེས་བརྗོད་སོང་།

ཁོང་ཚོའི་སྐྱབས་ཐོའི་ནང་ ༡༩༩༨ ལོི་ནས་ད་ལྟའི་བར་བོད་ཕྱི་ནང་གཉིས་ནས་སྐུ་སྲོག་མེ་རུ་སྤར་མཁན་འདས་གྲོངས་སོང་བ་དང་། གར་སོང་ཆ་མེད་དུ་གྱུར་པ། གསོན་པོར་ཡོད་པ་བཅས་མི་གྲངས་ ༣༨ དེ་དག་རེ་རེའི་སྐུ་སྲོག་མེ་རུ་སྤར་པའི་ལོ་ཟླ་ཚེས་གྲངས་དང་། མིང་། ལོ། ས་གནས་བཅས་བཀོད་འདུག །

མེ་སོར་གསར་འགོད་པས།

ཁྱེད་ཀྱིས་གཟིགས་མེད་སྲིད།