བུད་མེད་ཚོགས་པའི་དབུས་རྒྱུན་སྐབས་བཅུ་པ།

tashi dolma_2012_4_16ཟླ་འདིའི་ཚེས་༡༦ མཚན་མོ་དབུས་རྒྱུན་སྐབས་བཅུ་པའི་རྒྱུན་ལས་བཅུ་གཅིག་གསར་འདེམས་བྱས་པ་དང་། ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་འདེམས་ཐོན་བྱུང་འདུག ད་ཐེངས་ལས་དོན་ལ་འཐུས་ཤོར་མི་འགྲོ་ཆེད་སྤྱི་འཐུས་ལས་ཐོག་རྣམས་དབུས་རྒྱུན་ནང་ཞུགས་མི་ཆོག་པ་བྱས་ཡོད་པ་རེད།

twa_2012_4_16དབུས་རྒྱུན་ཚོགས་གཙོ་བདེ་སྐྱིད་གླིང་ནས་ཡོང་བ་བཀྲ་ཤིས་སྒྲོལ་མ་དང་། ཚོགས་གཞོན་སྐབས་དགུ་པའི་ཚོགས་གཞོན་བསམ་བསྟན་ཆོས་སྒྲོན། དྲུང་ཆེ་དྷ་ས་ནས་ཡིན་པའི་ཉི་མ་ལྷ་མོ། རྒྱུན་ལས་དྷ་ས་ནས་ཡིན་པའི་བསྟན་འཛིན་ཚེ་ལྷ། ལྡི་ལི་ནས་ཡིན་པ་ཚེ་རིང་ཆོས་སྒྲོན། དྷ་ས་ནས་ཡིན་པའི་ཚེ་རིང་དབང་མོ། དྷ་ས་ནས་ཡིན་པའི་བསྟན་འཛིན་བདེ་སྐྱིད། བལ་ཡུལ་ནས་ཡིན་པ་ཚེ་རིང་སྒྲོལ་མ། དྷ་ས་ནས་ཡིན་པའི་པད་མ་ཆོས་སྒྲོན། ར་ཇི་སྤུར་ནས་ཡིན་པ་ཚེ་རིང་སྒྲོལ་མ། བསྟན་འཛིན་སྤི་ཊི་བཅས་ཡིན་པ་རེད།

twa1_2012_4_16ཟླ་འདིའི་ཚེས་༡༡ ནས་ཉིན་༦ རིང་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་ཆེན་དྷ་ཤོད་བོད་ཁྱིམ་དུ་འཚོགས་པ་དང་། ཚོགས་ཆེན་ཐོག་སྒྲིག་གཞི་བསྐྱར་བཅོས་དང་གྲོས་ཆོད་གཏན་འབེབས་བྱས་ཡོད་པ་དང་། གྲོས་ཆོད་༧གོང་ས་མཆོག་གི་སྐུ་ཕྱའི་སྐོར་དང་། བོད་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ཕྱོགས། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་ཐབས། སྤྱི་ཚོགས་ཞབས་ཕྱི། བུད་མེད་ཀྱི་ནུས་ཤུགས་སྤེལ་ཐབས། བཙུན་མའི་ནུས་ཤུགས་སྤེལ་ཐབས། དབུས་ས་གཉིས་ནས་ལས་ཐོག་པ་སུ་ཡིན་ཡང་སྤྱི་རྒྱུ་སྒེར་ཟས་ལྟ་བའི་བྱས་ཉེས་ཚབ་ཆེན་བྱས་པའི་དཔང་རྟགས་ཁུངས་འཕེལ་ཡོད་ཚེ་གནས་དབྱུང་གཏོང་དབང་གི་འགན་དབང་ཆ་ཚང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་ཡོད་པ་སོགས་གཏན་འབེབས་བྱས་ཡོད་པ་རེད།།

ཁྱེད་ཀྱིས་གཟིགས་མེད་སྲིད།