དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ལ་དྲི་བ།

བོད་ཀྱི་དབུས་བུད་མེད་ལྷན་ཚོགས་ལ་དྲི་བ་ལྔ་ཕུལ་བར་ལན་འདེབས་གནང་བར་རེ་ཡོད། ༡ རྒྱ་ནག་གཞུང་གི་གྲངས་མྱོང་མི་རིགས་ཀྱི་བུད་མེད་སྤྱི་དང་ལྷག་པར་དུ་བོད་ཀྱི་བུད་མེད་རྣམས་ལ་སྐྱེས་སྒོ་བཀག་དང་འགོག་བཞིན་ཡོད་པའི་ཐད་ལ་ཁྱེད་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་གནད་དོན་དེའི་ཐད་ལ་དོན་ཕན་ལྡན་པའི་བྱ་བ་གང་དང་གང་བསྒྲུབ་ཡོད་དམ།

  ༢ བོད་ནང་གི་བུད་མེད་ཚོས་ཕྱི་ལོ་ ༡༩༥༩  ཟླ་ ༣ ཚེས་ ༡༢ ཉིན་བོད་ནང་བུད་མེད་སྒེར་ལངས་བྱས་ཏེ་བོད་བསྟན་སྲིད་ཆེད་དུ་གཅེས་སྲོག་གྲངས་མེད་ཕུལ་ཟིན་པ་རེད་མོད། ཁྱེད་རྣམས་ཀྱིས་དེའི་ཐད་ལ་འཛམ་གླིང་མི་མང་སྤྱ་ཡི་མིག་མདུན་དུ་མཐོང་ཐོས་ཐུབ་པའི་ལས་ཀ་བ་རེ་བྱས་ཡོད།  ༣ དེང་ཆར་བོད་ནང་ལོག་གི་བོད་ཀྱི་བུད་མེད་ཚོས་ལུས་སྲོག་བློས་གཏོང་གི་བོད་མི་རིགས་ཀྱི་རང་དབང་བདེ་སྐྱིད་ཆེད་དུ་རང་ལུས་མེ་བསྲེག་གཏོང་མཁན་གཅིག་མཇུག་གཉིས་མཐུད་ནས་བུད་མེད་ལྔ་ཙམ་ཞིག་བྱུང་བ་རེད། རང་དབང་ལུང་པར་གནས་པའི་བུད་མེད་ཚོས་ངོས་ནས་་དེ་ལྟར་རང་ལུས་མེར་གཏོང་མཁན་མི་འདུག་ལ་ཤིང་བཟའ་བླ་མ་སོགས་བོད་མི་རྒན་གཞོན་གསུམ་གྱི་ངོས་ནས་རྒྱལ་རྒྱ་ཚོགས་ལ་བོད་དོན་ལས་འགུལ་ནུས་པ་ལྡན་ཞིག་སྤེལ་ཡོད་རེད། ཁྱེད་བུ་མེད་ལྷན་ཚོགས་ཀྱིས་ལྟར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་མི་རིགས་ཀྱི་བདེ་སྡུག་ཐད་བརྡ་ལན་གྲུབ་འབྲས་ལྡན་པ་ཞིག་འཕྲོད་ཀྱི་མེད་དོན་ཅི་ཡིན་ནམ།  ༤ ཕྱི་ལོ་ ༡༩༥༩ ནས་ད་ལྟ་ ཕྱི་ལོ་ ༢༠༡༢ བར་དུ་བོད་ནང་གི་བོད་ཀྱི་བུད་མེད་རྒྱལ་གཅེས་དཔའ་མོ་ཚོའི་ལུས་སྲོག་ཤོར་བ་དང། མནར་སྤྱོད་མྱངས་རིགས། བཙོན་དུ་ཚུད་དེ་ལོ་ངོ་མང་པོ་འགོར་རིགས་ཡོངས་ཀྱི་གནས་སྟངས་དང་ལོ་རྒྱུས་བདེ་སྡུག་སོགས་འཁོད་པའི་བོད་རྒྱ་དབྱིན་གསུམ་ལས་གྲུབ་པའི་དྲ་གནས་གསར་པ་ཞིག་བཟོ་མི་ཐུབ་དོན་གང་ཡིན་ནམ། དེ་བཞིན་སྐད་ཡིག་དེ་དག་གི་ཐོག་ནས་ལོ་རྒྱུས་དེབ་ཐར་རེ་ཕྱོགས་བསྒྲིགས་དང་འགྲེམས་སྤེལ་མི་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ།  ༥ བོད་ནང་གི་བོད་མི་ཚོས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་གཅེས་སྲོག་བློས་བཏང་གིས་ལས་འགུལ་ཇི་ལྟར་སྤེལ་ན་འབོད་ཚིག་ཨང་དང་པོ་དེ་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་དུ་ཕེབས་འཇུག་དགོས་ཟེར་གྱི་ཡོད་རེད། རང་དབང་ལུང་པར་གནས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་སོགས་ཚོགས་སྡེ་དེ་དག་གི་ངོས་ནས་༧གོང་ས་མཆོག་བོད་དུ་གདན་འདྲེན་བྱེད་དགོས་པའི་ཐད་ལ་རྒྱལ་སྤྱིའི་ཚོགས་སྤྱི་དང་ལྷག་པར་སྟོབས་ཤུགས་ནུས་པ་ལྡན་པའི་རྒྱལ་ཁབ་སོ་སོའི་གྲོས་ཚོགས་དང་གཞུང་འཛིན་མི་སྣ་ཁག དེ་བཞིན་རྒྱ་ནག་རྒྱ་ཆེའི་མི་མང་ཡོངས་ལ་ཁ་གསལ་དོན་གསལ་ཐོག་ནས་གནད་དོན་དེའེ་ཐོག་ལ་ནུས་པ་མཉམ་སྤུངས་དགོས་པའི་འབོད་བསྐུལ་བྱེད་ཐུབ་རྒྱུ་མེད་པའི་རྒྱུ་མཚན་གང་ཡིན་ནམ།                                                        དྲི་བ་འདོན་མཁན།  ཕྱི་གླིང་ཨོ་སི་ཁྲུ་ལི་ཡར་གནས་སྡོད་མཁན་ཕྲན་སེར་ཤུལ་དཀོན་མཆོག་ཡིན། ཕྱི་ལོ་༢༠༡༢ ཟླ་ ༤ ཚེས ༡༨ ལ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།