ཁོང་ཚོས་བློས་གཏོང་དེ་ཆུད་ཟོས་སུ་མི་འགྲོ་བ་བྱ་དགོས་རེད།

pray_21_4_2012དེ་རིང་ཕྱི་དྲོ་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག ཉེ་ཆར་བོད་ནང་གི་འཛམ་ཐང་དུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེག་གཏོང་མཁན་གཉིས་གཙོས་བོད་དོན་ཆེད་རང་སྲོག་ཤོར་མཁན་ཚོའི་ཆེད་དུ་མཆོད་འབུལ་སྨོན་ལམ་ཞིག་འཚོགས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༤ པའི་ཐོག བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག pray1_21_4_2012རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་བགྲེས་གཞོན་གཉིས་ཀྱི་གཙོས། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྲི་ཞུ་བ་རྣམ་པ། གཞན་ཡང་དྷ་སའི་ཉེ་འཁོར་གྱི་གྲྭ་ཚང་དང་བཙུན་དགོན་ཁག་གི་གྲྭ་པ་དང་བཙུན་མ་རྣམ་པ་བཅས་སེར་སྐྱ་མི་མང་བརྒྱ་ཕྲག་བརྒལ་བ་མཉམ་འཛོམས་ཀྱིས། ཉེ་ཆར་མཛམ་ཐང་ནས་བོད་བསྟན་སྲིད་ཀྱི་ཆེད་རང་ལུས་མེར་བསྲེག་གཏོང་མཁན་ཆོས་འཕགས་སྐྱབས་དང་། བསོད་ནམ་གཉིས་ཀྱི་གཙོས་པའི་བོད་བསྟན་སྲིད་ཀྱི་ཆེད་རང་སྲོག་བློས་བཏང་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་བསྔོ་སྨོན་དང་། དེ་དག་གི་ཤུལ་ལུས་ནང་མི་ཚོེར་གདུང་སེམས་མཉམ་བསྐྱེད་ཆེད་མཆོད་འབུལ་སྨོན་ལམ་གཞི་རྒྱ་ཆེ་བ་ཞིག་འཚོགས་ཡོད་པ་དང་།

pema chojol21_4_2012མཆོད་འབུལ་སྨོན་ལམ་ཐོག་ཆོས་རིག་བཀའ་བློན་མཆོག་གིས་“ཉེ་ཆར་མདོ་སྨད་འཛམ་ཐང་ནས་ཆོས་འཕགས་སྐྱབས་དང་བསོད་ནམས་གཉིས་ཀྱིས། རྒྱ་གཞུང་གིས་བོད་ཐོག་བཟུང་བའི་དྲག་པོའི་སྲིད་ཇུས་ལ་ངོ་རྒོལ་གྱིས། རང་ལུས་མེར་བསྲེག་བཏང་ཡོད་པ་རེད། དེ་དང་ཆབས་ཅིག་དོན་འགྲུབ་ཕུན་ཚོགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་ཀ་ལི་ཀ་ཏའི་ཟམ་ཐོག་ནས་མཆོངས་ཏེ་རང་སྲོག་ཤོར་ཡོད་པ་དང་། དམ་པ་དེ་ཚོའི་ཆེད་དུ་ང་ཚོས་འདི་ནས་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་མཆོད་འབུལ་སྨོན་ལམ་འཚོག་གི་ཡོད། ད་ལྟའི་བར་བོད་ནང་གཞོན་སྐྱེས་༣༥ ཙམ་གྱིས་རྒྱ་གཞུང་གི་བཙན་གནོན་ལ་ངོ་རྒོལ་གྱིས་རང་སྲོག་མེ་རུ་སྤར་ཏེ། གཞོན་སྐྱེས་༢༧ འདས་གྲོངས་སུ་སོང་ཡོད་པ་དང་། རྒྱ་གར་ནང་ནས་ད་ལྟའི་བར་བོད་མི་༥ ཡིས་རང་ལུས་མེར་བསྲེག་བཏང་སྟེ། དཔའ་བོ་༣ འདས་གྲོངས་སུ་སོང་ཡོད་རེད། དེར་བརྟེན་འདས་པོ་ཁོང་ཚོས་རང་སྲོག་བློས་བཏང་བ་དེ་ཆུད་ཟོས་སུ་མི་འགྲོ་བ་བྱ་དགོས་པ་གལ་ཆེན་པོ་རེད། ང་ཚོས་དྷ་རམ་ས་ནས་མྱ་ངན་གུས་འདུད་དང་མཆོད་འབུལ་སྨོན་ལམ་བྱས་པ་ཙམ་གྱིས་ཡོང་གི་མ་རེད། ང་ཚོ་བོད་མི་ཚང་མས་འཛམ་གླིང་རྒྱལ་སྤྱིའི་ཐོག་ལ་ཁོང་ཚོའི་དམིགས་ཡུལ་དང་འབོད་སྒྲ་དེ་དག་གསལ་པོ་བཟོ་དགོས་ཀྱི་ཡོད་རེད”་ཅེས་གསུངས་སོང་།

ཁྱེད་ཀྱིས་གཟིགས་མེད་སྲིད།