རིས་མེད་དགེ་འདུན་པར་རྒྱ་སྐད་སྦྱོང་བརྡར་ལོ་གཅིག་བྱ་རྒྱུའི་གོ་སྐབས་འབུལ་རྒྱུའི་གསལ་བསྒྲགས།

༄༅།།  གསུང་བསྒྱུར་ལ་བརྟེན་མི་དགོས་པའི་ཐོག་ནས་རང་ཉིད་སོ་སོས་རང་རྐྱ་ཕེར་བའི་ཐོག་ནས་ཆོས་འཆད་སྤེལ་ཐུབ་པ་ཞིག་ཡོང་རྒྱུར་གཙོ་བོར་དམིགས་ཏེ་དཔལ་ལྡན་སྐུ་སྒེར་ཡིག་ཚང་མཆོག་གིས་འགྲོ་གྲོན་གཏོང་གནང་མཛད་པའི་སྒོ་ནས་དྷ་ས་རིགས་ལམ་སློབ་གཉེར་ཁང་གི་གོ་སྒྲིག་འོག་

ད་ལྟ་འདིར་རྒྱ་སྐད་སྦྱོང་བརྡར་གནང་བཞིན་པའི་དགེ་བཤེས་ལགས་རྣམ་པའི་རྒྱ་སྐད་ཀྱི་ཤེས་ཚད་དང་མཉམ་པ་ཡོད་པའི་རིས་མེད་དགེ་འདུན་པ་རྒྱ་སྐད་ཡར་རྒྱས་གཏོང་འདུན་ཤུགས་ཆེ་ཡོད་པ་སྐོར་ཞིག་ལ་ ༢༠༡༢ ཕྱི་ཟླ་ ༧ ཚེས་ ༡ ནས་ ༢༠༡༣ ཕྱི་ཟླ་ ༦ ཚེས་ ༣༠ བར་རྒྱ་སྐད་སྦྱོང་བརྡར་ལོ་གཅིག་འབུལ་རྒྱུ་ཡིན།  དེས་ན་དྷ་ས་རིགས་ལམ་སློབ་གཉེར་ཁང་དུ་རྒྱ་སྐད་སྦྱོང་བརྡར་ནང་འཛུལ་ཞུགས་བྱ་བློ་ཡོད་མཁན་རིས་མེད་དགེ་འདུན་པ་རྣམ་པར་གཤམ་གསལ་ཆ་རྐྱེན་རེ་རེ་ནས་ངེས་པར་དུ་ཚང་དགོས་པ་ཡིན།

༡༽ རིས་མེད་ཆོས་སྡེ་ཆེན་པོ་ཁག་གི་ནང་གཞུང་ཆེན་སློབ་གཉེར་མ་ལུས་པ་དཔྱིས་ཕྱིན་པར་བགྱིས་ཏེ་ནང་ཆོས་ཐོག་ཤེས་ཚད་མཐོན་པོ་སོན་ཡོད་པའི་དགེ་བཤེས་དང་མཁན་པོ། སློབ་དཔོན་གྱི་ལག་འཁྱེར་ཡོད་པ།
༢༽ རྒྱ་སྐད་ཡི་གེ་རྨང་གཞི་རང་རྐྱ་འཕེར་བ་ཡོད་པའི་ཁར་རྒྱ་སྐད་ཀྱི་ཤེས་ཚད་ཡར་རྒྱས་གཏོང་རྒྱུར་དོན་གཉེར་ཆེན་པོས་སྦྱོང་བརྡར་བྱ་འདུན་ཤུགས་ཆེ་ཡོད་པ།
༣༽ དོ་བདག་སོ་སོའི་དགོན་སྡེ་གྲྭ་ཚང་དང་ཚོགས་པ་སོགས་ཁུངས་གང་ཡིན་གྱི་མཁན་པོ་དང་དབུ་འཛིན་གྱི་རྒྱབ་གཉེར་དང་དགོངས་འཁྲོལ་གཉིས་ཀ་ཡིག་ཐོག་ཏུ་ཡོད་པ་འབུལ་དགོས།
༤༽ རང་ཉིད་ལོ་ན་ ༤༥ ལས་མི་བརྒལ་བ་དང༌། གཟུགས་གཞི་བདེ་ཐང་ཡིན་པའི་ཁུངས་སྐྱེལ་ཚད་ལྡན་སྨན་པའི་ངོས་སྦྱོར་ཡོད་པའི་ཐོག་དོ་བདག་སོ་སོས་ཀྱང་གཟུགས་གཞི་བདེ་ཐང་ཡིན་པའི་ངོས་ལེན་ཡི་གེ་འབུལ་དགོས། 
༥༽ དྷ་ས་རིགས་ལམ་སློབ་གཉེར་ཁང་གི་སྒྲིག་གཞི་དང་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་དགོས་ཐོག་རྒྱ་སྐད་སྦྱོང་བརྡར་འཛིན་གྲྭའི་སྒྲིག་ཁྲིམས་ལ་བརྩི་སྲུང་བྱ་རྒྱུ་དང༌། ཛ་དྲག་ནད་མནར་རིགས་བྱུང་ན་ལས་དེ་མིན་གུང་སེང་སོགས་ལ་འགྲོ་བསྐྱོད་མི་ཆོག་པ་ཡིན།
༦། འདི་ནས་ནང་ཆོས་ཀྱི་ཤེས་ཚད་དང་རྒྱ་སྐད་ཀྱི་ཤེས་ཚད་གཉིས་ཀ་འབྲི་རྒྱུགས་དང་ངག་རྒྱུགས་རེ་བླངས་ཏེ་རྒྱུགས་སྤྲོད་ལེགས་པར་འཕྲོད་པ་རྣམས་རྒྱ་སྐད་སྦྱོང་བརྡར་ནང་འཇུག་བཞེས་བྱ་རྒྱུ།  
༧༽ རྒྱ་གར་ནང་བཅའ་སྡོད་ཆོག་པའི་ལག་འཁྱེར་མེད་པ་དང༌། དགོན་སྡེ་གྲྭ་ཚང་སོགས་ནས་ཕྱིར་བུད་བཏང་བ་དང༌། གོང་གསལ་ཆ་རྐྱེན་འགའ་རེ་ཚང་ཞིང་འགའ་རེ་མ་ཚང་བའི་ཞུ་སྙན་རིགས་ངོས་ལེན་བྱ་རྒྱུ་མིན།

གོང་གསལ་ཆ་རྐྱེན་མ་ལུས་པ་ཚང་ཡོད་པའི་ཁུངས་དང་དཔང་རྟགས་རེ་རེའི་ཡིག་ཆའི་ངོ་བཤུས་མཉམ་སྦྱར་དང་འབྲེལ་དོ་བདག་སོ་སོའི་ཞལ་བྱང་ཆ་ཚང་དང༌། ཞལ་པར་ཨང་གྲངས། མཚན་རྟགས་བཅས་འཁོད་པའི་ཞུ་སྙན་གཤམ་གསལ་ཁ་བྱང་ཐོག་ ༢༠༡༢ ཕྱི་ཟླ་ ༦ ཚེས་ ༡༥ འགྱངས་མེད་རིགས་ལམ་སློབ་གཉེར་ཁང་གི་འགན་འཛིན་གྱི་མཚན་ཐོག་ཏུ་འབུལ་འབྱོར་ཐུབ་པ་དགོས་རྒྱུ་དང༌། འདི་གར་སྙན་ཞུ་འབྱོར་མཚམས་སུ་འདི་ནས་དོ་བདག་སོ་སོར་ཐད་ཀར་ཞལ་པར་བརྒྱུད་འབྲེལ་བ་ཞུས་མ་ཟིན་བར་དུ་དྷ་སར་ཕེབས་གནང་མི་དགོས་པ་བཅས་དགོངས་འཇགས་ཞུ། རིགས་ལམ་སློབ་གཉེར་ཁང་གི་ཡིག་ཚང་ནས་ ༢༠༡༢ ཕྱི་ཟླ་ ༥ ཚེས་ ༤ ལ།།

Director
Institute of Buddhist Dialectics
Mcleod Ganj
Dharamsala  176219
H.P.

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།