སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་སྤྱི་འཐུས་ནས་རྩ་དགོངས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ས་སྐྱའི་སྤྱི་འཐུས་མཁན་པོ་ཆོས་གྲགས་རྒྱ་མཚོ་སྐབས་༡༥ པའི་སྤྱི་འཐུས་ལྷན་ཚོགས་ནས་རྩ་དགོངས་ཞུས་ཡོད་པའི་གསལ་བསྒྲགས་ཤིག་སྤེལ་འདུག
གསལ་བསྒྲགས་དེའི་ནང་འཁོད་དོན། ཁོང་བོད་མི་མང་སྤྱི་འཐུས་སྐབས་༡༥ པའི་ས་སྐྱའི་སྤྱི་འཐུས་སུ་བདམས་ཐོན་བྱུང་སྟེ། འདས་པའི་ལོ་གཅིག་ཙམ་གྱི་རིང་སྤྱི་པའི་རྩ་དོན་ལ་ཞབས་ཞུའི་གོ་སྐབས་བཟང་པོ་ཐོབ་པ་དེ་ལྟར་ཡང། སྐུ་ཁམས་བདེ་མིན་སྐུ་ངལ་རྒྱུན་འཕྲད་དྲག་བསྐྱེད་མི་ཡོང་བས་སྨན་པའི་ལམ་སྟོན་ལྟར་ལས་དོན་ཆེ་རིགས་མཚམས་འཇོག་གིས་སྨན་བཅོས་གནང་འཆར་ཆེད་སྤྱི་འཐུས་ནས་རྩ་དགོངས་མི་ཞུ་ཀ་མེད་དུ་གྱུར་པས། ཕྱི་ལོ་༢༠༡༢ ཟླ་ ༦ ཚེས་ ༡ ནས་རྩ་དགོངས་ཞུ་ཡོད་སྐོར་འཁོད་འདུག
དེ་བཞིན་གསལ་བསྒྲགས་དེའི་ནང་ཁོང་གི་ཚབ་གསར་འོས་ཤོག་ནས་བརྒྱ་ཆ་ལོན་ཡོད་མཁན་ཡོད་པ་འོས་བསྡུའི་འགན་འཛིན་གསུངས་འདུག གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། དགེ་བཤེས་ཚེ་རིང་པོ་ལགས་སུ་འོས་ཤོག་གི་བརྒྱ་ཆ་ལོན་ཡོད་འདུག །