ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེའི་མཛད་འཕྲིན།

དེ་རིང་སྔ་དྲོ་ཆུ་ཚོད་དགུ་པའི་ཐོག་དཔལ་ས་སྐྱ་༧གོང་མ་བདག་ཁྲིི་རིན་པོ་ཆེ་བཞུགས་སྒར་ར་ཛ་སྤུར་ནས་ཆིབས་ཞལ་བསྒྱུར་ཏེ། ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཅིག་གི་ནང་མཛད་འཆར་ཡོད་པ་རེད།

ཟླ་འདིའི་ཚེས་༢༦ ཉིན་གྱི་སྔ་དྲོ་ཚོུད་དགུ་པའི་ཐོག་ས་སྐྱ་ཆོས་སྒར་གྱི་དགེ་འདུན་པ་དང་བླ་བྲང་ཁག་མི་མང་དང་བཙུན་དགོན་སོགས་ཀྱིས་སྐུ་ཚབ་ཁག་གིས་ཕེལ་སྐྱེལ་གྱི་མཇལ་དར་ཕུལ་རྗེས། ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་ཨི་ཤ་ཡའི་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་གྱི་ཆེད་ཆིབས་ཞལ་བསྒྱུར་གནང་སོང་།

དེ་རིང་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་སང་ཉིན་ལྡི་ལི་ནས་མཁའ་ལམ་གྱི་རྒྱུད་སེང་ག་པུར་ས་སྐྱ་བསྟན་འཕེལ་གླིང་དུ་ཞབས་སོར་འཁོད་རྒྱུ་དང། ཁུལ་དེར་མི་མང་ལ་ཆོས་འབྲེལ་དང་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒྲུབ་མཆོད་སོགས་ཉིན་བཅོ་ལྔ་ལྷག་གི་མཛད་རིམ་རྣམས་གྲུབ་རྗེས་ཕྱི་ཟླ་དྲུག་པའི་ཚེས་༡༥ཉིན་ མཁའ་ལམ་རྒྱུད་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ལ་ཞབས་སུ་འཁོད་ནས། ཁུལ་དེར་རྟེན་གཞིས་ བྱས་པའི་ས་སྐྱའི་ཆོས་ཚོགས་སུ་གསུང་ངག་རིན་པོ་ཆེའི་ལམ་འབྲས་ཀྱི་བཀའ་ཆོས་ཟླ་གཅིག་རིམ་གནང་རྒྱུ་ཡིན་པ་མ་ཟད། དེར་བཞུགས་བོད་རིགས་སོགས་ལ་ཡང་མཇལ་འཕྲད་དང་བཀའ་སློབ་གནང་རྒྱུ་རེད་འདུག ཕྱི་ཟླ་༨པའི་ཚེས་༩ནས་ཉིན་ཉི་ཤུག་ལྷག་ཙམ་རིང་མ་ལ་ཤི་ཡའི་ས་གནས་ཁག་ཅིག་ནང་ཆིབས་སྒྱུར་གནང་སྟེ། ས་གནས་དེར་ཡོད་པའི་རྒྱ་རིག་ནང་པ་དང་ཆོས་ཚོགས་ཁག་ལ་གསུང་ཆོས་སོགས་གནང་རྒྱུ་དང་། དེ་ནས་ཕྱི་ཟླ་བརྒྱད་པའི་ཚེས་༢༤ ཉིན་མཁའ་ལམ་གྱི་བརྒྱུད་ནས་ཕྱིར་རྒྱ་གར་དུ་ཕེབས་རྒྱུ་རེད་འདུག

གནས་ཚུལ་མཁོ་གཏོང་བ་ས་གནས་ནས་ཐུབ་བསྟན་རྒྱལ་མཚན་གྱིས།

ཁྱེད་ཀྱིས་གཟིགས་མེད་སྲིད།