ས་ག་ཟླ་བའི་ཉིན་དྷ་སར་མི་མང་གིས་མཆོད་མཇལ།

dhenma lochoe rinbo cheeདེ་རིང་ས་ག་ཟླ་བའི་ཚེས་པ་༡༥ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལྡན་མ་བློ་ཆོས་རིན་པོ་ཆེས་གསོ་སྦྱོང་གནང་བ་དང་། མི་མང་ཧ་ཅང་མང་པོ་མཆོད་མཇལ་ལ་ཕེབས་ཀྱི་ཡོད་པ་རེད།

དེ་ཡང་ས་ག་ཟླ་བའི་ཚེས་པ་༡༥ ནི་སྟོན་པ་བཅོམ་ལྡན་འདས་སྐུ་འཁྲུངས་པ་དང་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་སོགས་ཀྱི་ནང་པའི་དུས་ཆེན་ཁྱད་པར་ཅན་ཡིན་པས། saga dawa1བོད་གཞུང་གིས་གུང་སེང་བཏང་ཡོད་པ་དང་། དེ་རིང་སྔ་དྲོར་ཐེག་ཆེན་མཆོག་གླིང་གཙུག་ལག་ཁང་མི་མང་གིས་ཕྱག་དང་མཆོད་འབུལ་རྒྱ་ཆེར་ཞུས་ཤིང་། ལྷག་པར་དུ་དགེ་འདུན་པ་གྲྭ་བཙུན་བརྒྱ་ཕྲག་དུ་མ་གསོ་སྦྱོང་འཚོགས་ཡོད་པ་རེད། དེ་བཞིན་དད་ལྡན་མི་མང་བརྒྱ་ཁྲག་དུ་མར་དགེ་བཤེས་བླ་མ་དཀོན་མཆོག་རིན་པོ་ཆེ་དང་རྙིང་མ་བླ་མ་ལྷ་ཐང་སྤྲུལ་སྐུ་རྣམ་གཉིས་ཀྱི་རིང་བསྲེལ་མཇལ་ཁ་དང་ངོ་སྤྲོད་གནང་ཡོད་པ་རེད། འབྲེལ་ཡོད་ཀྱིས་བརྗོད་དོན། དེ་རིང་མི་མང་ལ་རིང་བསྲེལ་མཇལ་ཁ་ནི་བདག་ཅག་གི་སྟོན་པ་བླ་མེད་རྗེས་དྲན་གྱི་དུས་ཆེན་དང་བསྟུན་ནས་དད་ལྡན་རྣམས་ལ་གོ་སྐབས་བཟང་པོ་འདི་བསྩལ་ཡོད་པ་རེད། དེ་མ་གཏོགས་འདི་ལྟ་བུའི་རིང་བསྲེལ་སྤྱིར་བཏང་གི་ཆ་ནས་ཁྲོམ་འགྲེམས་བྱེད་མི་རུང་བ་མ་ཟད། མཇལ་ཁ་ཡང་གནང་རྒྱུ་ལས་སླ་བོ་ཡོད་པ་མ་རེད་ཅེས་འགྲེལ་བརྗོད་གནང་སོང་།

saga dawa2མི་མང་རུ་བསྟར་བསྒྲིགས་ནས་དཔྲལ་རུས་ལས་འཁྲུངས་པའི་རྟ་མགྲིན་དང་། དོན་བཞི་ལས་འཁྲུངས་པའི་ཐང་སྟོང་རྒྱལ་པོ། ཕྱག་རུས་ལ་འཁྲུངས་པའི་སྒྲོལ་དཀར་རང་བྱོན། དཔུང་རུས་ལས་འཁྲུངས་པའི་བྱང་ཆུབ་མཆོད་རྟེན། སྙན་གོང་ལས་འཁྲུངས་པའི་ཚེ་དཔག་མེད། བརླ་རུས་གཡས་ལས་སྤྱན་རས་གཟིགས་དང་གཡོན་ལས་གུ་རུ་རིན་པོ་ཆེ་རང་བྱོན། དབུ་ཐོད་ལས་རྒྱལ་བ་རིགས་ལྔ་སོགས་འཁྲུངས་པའི་རིང་བསྲེལ་མཇལ་ཁ་ཐོབ་ཡོད་པ་རེད། སྤྱིར་བཏང་རིང་བསྲེལ་དེ་ཆེད་མངགས་བོད་རིགས་ན་གཞོན་ཚོར་ནང་ཆོས་ངོ་སྤྲོད་གནང་སྐབས་བོད་ཁྱིམ་ཚོགས་ཁང་དུ་མཇལ་ཁ་གནང་བ་དང་། དེ་རིང་ས་ག་ཟླ་བའི་དུས་ཆེན་དང་བསྟུན་ནས་མཇལ་ཁ་གནང་བ་ཞིག་ཡིན་པ་རེད།

དེ་བཞིན་དེ་རིང་དྷ་ས་གཙུག་ལག་ཁང་གི་སྐོར་ལམ་ཡོངས་རྫོགས་སྤྲང་པོ་ཡིས་ཁེངས་འདུག་ལ། སྦྲང་འགྱེད་བྱེད་མཁན་ཡང་ཧ་ཅང་མང་པོ་འདུག །

ཁྱེད་ཀྱིས་གཟིགས་མེད་སྲིད།