འཛམ་གླིང་ཁོར་ཡུག་ཉིན་མོ་སྲུང་བརྩི།
ཟླ་འདིའི་ཚེས་༥ ཉིན་མེ་སོར་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་གསུམ་གྱི་ས་གནས་བེུད་ལྷན་ཚོགས་ཁག་གི་སྣེ་འཁྲིད་འོག་འཛམ་གླིང་ཁོར་ཡུག་ཉིན་མོ་བསྲུང་བརྩིའི་བྱེད་སྒོ་ཞིག་སྤེལ་ཡོད་པ་རེད།
དེ་ཡང་ཞོགས་པའི་ཚུ་ཚོད་ ༩ པའི་ཐོག་སྦེལ་ཀོབ་ཁུལ་གྱི་ལུགས་ཟུང་བསམ་འགྲུབ་གླིང་གཞིས་ཆགས་དང་། བདེ་སྐྱིད་སླར་གསོ་གཞིས་ཆགས་ཁག་གཉིས་ས་གནས་བུད་མེད་ལྷན་ཚོགས་ཀྱི་རྒྱུན་རྣམས་ཀྱིས་གཙོས་པའི་ཚོགས་མི་རྣམས་ཀྱིས་༧རྒྱལ་བ་རིན་པོ་ཆེའི་ཕོ་བྲང་དང་གཞིས་ཆགས་ཀྱི་མཚེའུ་ཁོར་ཡུག་གཙང་བཟོ་སོགས་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། དེ་བཞིན་ཞོགས་པའི་ཆུ་ཚོད་ ༨ པ་ཙམ་ནས་ཧུན་སུར་རབ་རྒྱས་གླིང་གི་ས་གནས་བུད་མེད་ལྷན་ཚོགས་ནས་ཀྱང་རྒྱུགས་ཤར་འགྲན་སྡུར་གྱི་ལམ་ནས་ཁོར་ཡུག་ཉིན་མོ་སྲུང་བརྩི་བྱས་འདུག་པ་དང་། སྐབས་དེར་རྒྱུག་འགྲན་མཁན་མི་གྲངས་ ༥༠ མཉམ་ཞུགས་བྱས་ཡོད་འདུག །
མེ་སོར་གསར་འགོད་པས།