ཆོས་རིག་བཀའ་བློན་གྱིས་མོན་གྷོར་གཟིགས་སྐོར།

pema chojor come in mundgod 2012  6  7-8 1ཟླ་འདིའི་ཕྱི་ཚེས་ ༧ དང་༨ ཉིན་གཉིས་རིང་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་དང་། གདན་ས་གྲྭ་ཚང་ཁག་ལ་འཚམས་འདྲི་གཟིགས་སྐོར་དང་ས་གནས་གནད་ཡོད་མི་སྣར་བཞུགས་མོལ་ཚོགས་འདུ་དང་། མི་མང་ལ་གསུང་བཤད་གནང་ཡོད་པ་རེད།

དེ་ཡང་ཆོས་རིག་བཀའ་བློན་མཆོག་ཕྱི་ཚེས་༧་ཉིན་གྱི་སྔ་དྲོ་ཆུ་ཚོད་༨་ཐོག་གདན་ས་ཆེན་མོ་དགའ་ལྡན་ཤར་བྱང་གཉིས་ཀྱི་འདུས་མང་ཡོངས་དགའ་ལྡན་བླ་སྤྱིའི་འདུ་ཁང་དུ་འཚོགས་ནས་འཚམས་འདྲི་དང་སྦྲགས་ད་ལྟའི་བཀའ་ཤག་གསར་པའི་ལྟ་གྲུབ་དང་འབྲེལ་བའི་འདས་པའི་དུས་ཡུན་ཟླ་བ་བརྒྱད་དང་ཕྱེད་ཀྱི་རིང་བཀའ་ཤག་གིས་ལས་དོན་གང་བྱས་སྐོར་ལས་འཕྲོས་པའི་གཏམ་བཤད་དང་བཀའ་འདྲི་དགོངས་སྐོར་ལྷུག་པོར་གནང་ཡོད་པ་རེད།

pema chojor come in mundgod 2012  6  7-8 1དེ་བཞིན་ཉིན་འདིའི་དགོང་དྲོ་ཆུ་ཚོད་༧་ཐོག་གདན་ས་ཆེན་མོ་དཔལ་ལྡན་འབྲས་སྤུངས་སྒོ་མང་དང་བློ་གསར་གླིང་ས་སྐྱ་བཅས་ཀྱི་འདུས་མང་ཡོངས་འབྲས་སྤུངས་བླ་སྤྱིའི་འདུ་ཁང་དུ་འཚོགས་ནས་རང་གཞུང་ཆོས་དོན་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་འདས་པའི་ཟླ་བ་བརྒྱད་དང་ཕྱེད་ཙམ་གྱི་རིང་ལ་བཀའ་ཤག་གསར་པའི་ལྟ་གྲུབ་གཞི་རྩར་བཟུང་ནས་སྲིད་སྐྱོང་བ་བློ་བཟང་སེངྒེ་མཆོག་གིས་ལམ་སྟོན་བཞིན་ཕྱི་འབྲེལ་དང་ནང་སྲིད། ཆོས་དོན་དང་ཤིས་རིག་བཅས་ཀྱི་རེ་རེ་ནས་ལས་དོན་གང་བྱས་དེའི་གྲུབ་འབྲས་བཅས་ཀྱི་སྐོར་ལ་གཏམ་བཤད་གནང་དོན།

གཞི་རྩའི་བཀའ་ཤག་གསར་བའི་འགན་ཁུར་ཕྱག་ལས་གནང་ནས་ཟླ་བ་བརྒྱད་དང་ཕྱེད་ཙམ་འགྲོ་གི་ཡོད་པ་རེད། དེ་འདྲ་ཡིན་དུས་ད་ལྟའི་བཀའ་ཤག་གསར་པའི་ལྟ་གྲུབ་དང་སྲིད་སྐྱོང་པ་མཁས་དབང་བློ་བཟང་སེངྒེའི་དགོངས་གཞི་ལ་བཀའ་བློན་རྣམས་པ་དྷ་སར་བསྡད་འདུག་པ་གཅིག་པུ་མ་ཡིན་པར་མི་མང་དང་འབྲེལ་བ་བྱས་ནས་བདེ་སྡུག་གང་ཡོད་བསམ་ཚུལ་བསྡུ་ལེན་དང་། ལེགས་སྤེལ་ཉེས་འགོག་གི་ལམ་སྟོན་བཅས་ཀྱི་ཆེད་དུ་འཚམས་གཟིགས་ལ་འགྲོ་རྒྱུ་ཧ་ཅང་གལ་ཆེན་པོ་ལ་རྩི་ཡི་ཡོད་པ་རེད།  དེ་འདྲ་ཡིན་དུས་སོ་སོ་རང་ཉིད་ལ་མཚོན་ན་ཆོས་རིག་བཀའ་བློན་གྱི་འགན་ཡོད་པས། ཆོས་སྒར་ཁག་གི་དགེ་འདུན་པའི་སྡེ་དང་འབྲེལ་བ་ཆེན་པོ་ཆགས་བསྡད་ཡོད་པ་རེད། ཉེ་སྔོན་རྒྱ་གར་བྱང་ཕྱོགས་ཀྱི་དགོན་སྡེ་ཁག་ལ་ཆོས་མཇལ་དང་མི་མང་ལ་ཐུག་འཕྲད་བྱེད་རྒྱུའི་གོ་སྐབས་བྱུང་།

ཁ་སང་སེ་ར་དང་རྣམ་གྲོལ་གླིང་སོགས་སུ་བཅར་བ་ཡིན། བཞི་རྩིའི་དགོན་པ་གྲྭ་ཚང་དང་དགེ་འདུན་པའི་སྡེ་ཧ་ཅང་སྤུས་དག་པོ་རེད། ༧སྐྱབས་མགོན་རིན་པོ་ཆེས་ང་ཚོ་ལ་འཛམ་གླིང་ཐོག་ངོམ་རྒྱུ་གཅིག་ཡོད་པ་དེ་ནང་ཆོས་འདི་ཁོ་ན་རེད་མ་གཏོགས་གཞན་ང་ཚོ་ལ་གང་ཡང་ཡོད་པ་མ་རེད་ཅེས་དུས་ནས་དུས་སུ་གསུང་གི་ཡོད་པ་བཞིན་དོན་དངོས་ཐོག་དེ་ག་རང་རེད། སོང་ཙང་། རྣམ་པ་ཚོའི་ངོ་ནས་ནང་བསྟན་ཆོས་ལུགས་འདིའི་ཐོག་བསླབ་པ་སློབ་གཉེར་མཐར་ཕྱིན་པ་ཞིག་དང་སྤུ་དག་པོ་ཞིག་ཡོང་བར་འབད་རྩོན་གནང་རོགས། རྩ་བའི་རྒྱ་གར་ལྷོ་ཕྱོགས་སུ་གདན་ས་ཆོས་སྒར་དང་མི་མང་འབོར་ཆེན་པོ་ཡོད་ཙང་དམིགས་བསལ་གྱི་གལ་ཆེན་པོ་ལ་བརྩིས་ནས་དུས་ཚོད་ཐུང་ཐུང་ཞིག་ལས་མེད་ན་ཡང་བཅར་དགོས་པ་རེད་ཅེས་བཀའ་གནང་བ་གཞིར་བཟུང་གི་བཅར་བ་ཡིན། སྤྱིེར་བཏང་ཚང་མའི་མཁྱེན་གསལ་རེད། བཙན་བྱོལ་གཞུང་གི་བཅའ་ཁྲིམས་ལ་བསྐྱར་བཅོས་ཀྱི་༧གོང་ས་སྐྱབས་མགོན་རིན་པོ་ཆེའི་ཆབ་སྲིད་ཀྱི་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་སྲིད་སྐྱོང་པར་གནང་ཡོད་རེད།  སྐབས་དེར་༧གོང་ས་མཆོག་གིས་ངའི་ཆབ་སྲིད་ཀྱི་སྐུ་དབང་དེ་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་དགའ་སྤྲོ་ངང་བློ་བདེ་བོ་བྱས་ནས་གནང་བ་ཡིན་ཅེས་ཡང་ནས་ཡང་དུ་གསུང་ཡོད་པ་རེད།

གནང་ནས་ཐུགས་འགན་བཞེས་ནས་ཟླ་བ་བརྒྱད་དང་ཕྱེད་ཙམ་འགྲོ་ཡི་ཡོད་པ་རེད། དེའི་རིང་འཐུས་ཤོར་དང་གྲ་མ་འགྲིག་པ་དེ་འདྲ་རྩ་བ་ནས་བྱུང་མེད་པ་མ་ཟད། ད་ལྟ་བར་དུ་ཕྱོགས་ཡོངས་ནས་ཕྱག་ལས་གཟི་བརྗིད་དང་ལྡན་པ་བྱུང་ཡོད་པ་རེད་ཅེས་གསུངས་སོང་།

ཁོང་གིས་བཀའ་ཤག་གསར་པའི་ཟླ་བ་བརྒྱད་དང་ཕྱེད་ཀྱི་རངས་ཕྱག་ལས་གང་གནང་ཡོད་པ་དང་དེའི་གྲུབ་འབྲས་བཅས་ཀྱི་སྐོར་ལ་གསུང་དོན། དེ་ཡང་ཕྱི་འབྲེལ་དང་ནང་སྲིད་སོགས་ཀྱི་ཐོག་གང་གནང་བའི་ཕྱག་ལས་ཚང་མ་ཞིབ་ཚགས་ཐོག་ལབ་པ་ཡིན་ན་དུས་ཚོད་ཀྱི་འདང་ངེས་མ་རེད། དེ་འདྲ་ཡིན་དུས་ཆ་ཤས་ཤིག་སྤོབས་པ་ཆེན་པོ་ཐོག་ནས་ཞུ་འདོད་བྱུང་།

pema chojor come in mundgod 2012  6  7-8 1

དུས་ཡུན་ཟླ་བ་བརྒྱད་དང་ཕྱེད་ཀྱི་རིང་ལ་བཀའ་བློན་ཁྲི་བར་མཚོན་ན་ཨ་རི་དང་ཡོ་རོབ་ནང་གི་རྒྱལ་ཁབ་ཁག་གཅིག་དེ་བཞིན་གལ་གནད་ཆེ་བའི་ཉིན་ཧོང་རྒྱལ་ཁབ་སོགས་འཛམ་གླིང་གི་རྒྱལ་ཁབ་སྟོབས་འབྱོར་ཆེ་ཤོས་བཅུ་གྲངས་ཤིག་གི་ནང་ཕེབས་ནས། ཆེས་མཐོའི་དཔོན་རིགས་ཁག་དང་མཇལ་འཕྲད་ཀྱི་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དྲིལ་བསྒྲགས་དང་ངོ་སྤྲོད། དེ་བཞིན་བོད་དོན་རྒྱབ་སྐྱོར་འཚོལ་སྒྲུབ་སོགས་རླབས་ཆེན་གྱི་ཕྱག་ལས་གནང་དང་གནང་བཞིན་པ་དེར་གྲུབ་འབྲས་ཀྱང་གང་མཚམས་ཐོན་གྱི་ཡོད་པ་རེད་ལ། དཔེ་མཚོན་ཙམ་ཞུས་ན། སྤྱིར་བཏང་ཨ་རིའི་བོད་དོན་རྒྱབ་སྐྱོར་ཚད་མཐོན་པོ་བྱེད་ཀྱི་ཡོད་པ་རེད། ཉེ་བའི་ཆར་བཀའ་ཁྲི་མཆོག་ཨ་རིའི་ནང་ཕེབས་པ་དང་མཐོ་རིམ་མི་སྣ་ཁག་ལ་མཇལ་འཕྲད་གནང་རྗེས་སྔོན་ལས་ལྷག་རྒྱབ་སྐྱོར་ཆེ་རུ་སོང་ནས་ཕྱི་སྲིད་བློན་ཆེན་རང་གིས་རྒྱ་མིའི་བོད་ཐོག་འཛིན་པའི་སྲིད་བྱུས་ཡག་པོ་མེད་པ་དང་འགྲོ་བ་མིའི་ཐོབ་ཐང་སོགས་རྩིས་མེད་རྡོག་རོལ་གཏོང་གི་འདུག་ཅེས་གསལ་བསྒྲགས་གནང་ཡོད་རེད། དེ་བཞིན་ཉེ་བའི་ཆར་ཁ་ན་ཌར་བོད་དོན་རྒྱབ་སྐྱོར་གསར་འཛུགས་གནང་ཐུབ་ཡོད་པ་དང་། གཞན་ཡང་ཉི་ཧོང་རྒྱལ་ཁབ་ལ་མཚོན་ན་ཨེ་ཤི་ཡའི་རྒྱལ་ཁབ་ཡོངས་ཀྱི་ནང་ནས་དཔལ་འབྱོར་དང་ཆབ་སྲིད་དམག་དོན་སོགས་གང་ཅིའི་ཐད་ནས་སྟོབས་འབྱོར་ཆེ་ཤོས་རེད། སྤྱིར་བཏང་ལོ་རྒྱུས་ཐོག་ནས་རྒྱ་མི་དང་མ་མཐུན་པ་དང་མི་འགྲིག་པ་ཞེ་དྲག་ཡོད་རེད། ཡིན་ན་འང། ད་ལྟ་བར་དངོས་སུ་བོད་དོན་རྒྱབ་སྐྱོར་གང་ཡང་བྱས་ཡོད་པ་མ་རེད། ཉེ་ཆར་བཀའ་བློན་ཁྲི་པ་ཕེབས་ནས་སྲིད་བློན་ཟུར་བ་གཉིས་དང་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་མཇལ་འཕྲད་གནང་རྗེས། ཉི་ཧོང་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་འཇོག་ཐུབ་པ་སོགས་བྱུང་ཡོད་པ་རེད་ཅེས་སོགས་གསུང་སོང་།

ཡང་ཁོང་གིས་ནང་སྲིད་དང་ཤེས་རིག་གཉིས་ཀྱི་ཐོག་ནས་དུས་ཡུན་ཐུང་ངུའི་ནང་གང་གནང་བའི་ཕྱག་ལས་དང་དེའི་གྲུབ་འབྲས་སྐོར་ལ་གསུང་དོན། དེ་བཞིན་བཀའ་བློན་ཁྲི་པ་མཆོག་གིས་ཤེས་རིགས་དེ་ཧ་ཅང་གལ་ཆེན་པོ་བརྩི་ཡི་ཡོད་པ་སོང་ཙང་། བོད་སློབ་འཛིན་སྐྱོང་ཚོགས་པའི་སློབ་གྲྭ་ཁག་ད་ལྟ་བར་དུ་རྒྱ་གར་གཞུང་གིས་འཛིན་སྐྱོང་ལྟ་རྟོགས་བྱས་ནས་འགྲོ་སོང་ཆེན་པོ་བཏང་ཡོད་པ་རེད། ཡིན་ན་ཡང་འགྲོ་སོང་ཆེན་པོ་བཏང་བ་ནང་བཞིན་བོད་པའི་སློབ་ཕྲུག་ཚོ་ཡར་རྒྱུས་འགྲོ་ཡི་ཡོད་པ་མ་རེད། བྱས་ཙང་དེའི་འགན་ང་ཚོ་ཤེས་རིག་གིས་ཁུར་ན་ཡར་རྒྱུས་འགྲོ་ས་རེད་ཅེས་སྔོན་ནས་ཞུས་ཡོད་ཀྱང་ང་ཚོ་ལ་གནང་ཡོད་པ་མ་རེད། ཉེ་བའི་ཆར་བཀའ་བློན་ཁྲི་པ་མཆོག་ལྡི་ལིར་ཕེབས་ནས་མི་སྣ་གལ་ཆེན་ཚོར་ཐེངས་མང་མཇལ་འཕྲད་གནང་ནས་ད་ལྟའི་ཆར་བོད་སློབ་འཛིན་ཚོགས་ཕལ་ཆེར་འཛིན་སྐྱོང་བྱེད་ཆོག་པའི་ཞལ་བཞེས་གནང་གྲུབ་པ་རེད། དེ་དང་དེའི་མཚོན་པའི་སྐྱབས་བཅོལ་ལག་དེབ་ལོ་ལྔར་དུས་འགྱང་བྱེད་ཐུབ་པ་དང་། ཨ་རི་ན་ཅལ་ཕྱོགས་ནས་བོད་མིའི་གཞིས་ཆགས་གསུམ་ནང་ནས་བོད་མི་གཅིག་སྟོང་ཞིག་ཁ་ན་ཌལ་ལེན་གྱི་ཐུགས་གཏན་ཁེལ་ཚར་བ་རེད། ད་རིམ་པའི་འགྲོ་རྒྱུ་མ་གཏོགས་ལྷག་ཡོད་པ་མ་རེད། གཞན་ཡང་མ་འོངས་པར་ག་ཚོད་ཐུབ་ཐུབ་ཀྱི་སྔར་ཡོད་ཡར་རྒྱས་གཏོང་རྒྱུ་དང་སྔ་མེད་གསར་བཏོད་བྱེད་རྒྱུའི་འཆར་གཞི་རབ་དང་རིམ་པ་ཡོད་པ་རེད། དེ་ཚོ་ཚང་མ་ལག་ལེན་བསྟར་ཐུབ་པའི་འབད་རྩོན་བྱས་དང་བྱེད་བཞིན་པ་རེད་ལ་གང་མཚམས་སྒྲུབ་ཐུབ་པའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་དང་།

ལྷག་པར་དུ་བཀའ་ཤག་གིས་ངོས་ནས་༧གོང་ས་སྐྱབས་མགོན་རིན་པོ་ཆེའི་སྐུ་ཕྱྭའི་ཐོག་འགན་ཁུར་དང་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཉེ་ཆར་༧གོང་ས་མཆོག་གིས་གསུངས་ཡོད་པ་རེད། རྒྱ་གཞུང་གིས་སྦྱོང་བརྡར་སྤྲད་ནས་བོད་པའི་བུད་མེད་དེ་འདྲའི་སྐྲ་དང་སེན་མོ་དེ་བཞིན་ཁ་དར་སོགས་ཀྱི་ངོས་སུ་དེང་སང་གི་རྫས་ངན་བྱུག་ནས་གཏོང་བཞིན་ཡོད་པ་རེད་གསུངས་ཡོད་པ་རེད། རྩ་བའི་ཆ་ནས་བོད་ནང་གི་བོད་མི་ཚོའི་རྒྱ་མིའི་ལས་ཀ་ལས་རྒྱ་མིའི་ཕོག་ལེན་བཞིན་ཡོད་ན་ཡང་༧གོང་ས་མཆོག་ལ་ཡིད་ཆེས་དང་དད་པ་ཆེན་པོ་ཡོད་པ། མི་རིགས་དང་རྒྱལ་ཁབ་ཀྱི་རྩ་དོན་ཐོག་ལྷག་བསམ་དང་ལ་རྒྱ་ཡོད་མཁན་མང་པོ་རེད། ཡིན་ན་ཡང་རེ་ཟུང་དེ་འདྲ་ཡོང་སྲིད་པ་རེད། གང་ལྟར་བདེ་སྲུང་ལས་ཁུངས་རེད། རྒྱ་གར་གཞུང་གི་ངོས་ནས་༧སྐྱབས་མགོན་རིན་པོ་ཆེའི་སྐུ་ཕྱྭའི་ཐོག་ཞིབ་ཚགས་པོའི་ཐོག་ནས་སྐུའི་ཉེན་སྲུང་གི་ཐོག་འགན་ཁུར་བཞིན་ཡོད་པ་རེད། དེ་ཙམ་དུ་མ་ཟད་འཛམ་གླིང་གིས་༧གོང་ས་མཆོག་གི་སྐུའི་ཉེན་སྲུང་ལ་དོ་ཁུར་ལེན་གྱི་ཡོད་པ་རེད། ང་རང་ཚོའི་སེམས་ཁྲལ་ཞེ་དྲག་དགོས་པ་མ་རེད་དྲན་གྱི་འདུག  ཡིན་ནའང་རྒྱ་མི་བཙན་བྱོལ་སྤྱི་ཚོགས་ནང་ལ་ཡོང་ནས་གཏོར་བཤིགས་དང་༧རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་ལ་ཉེན་ཁ་རྩ་བ་ནས་བཟོ་ཡི་མ་རེད། བོད་པ་ཉོས་ནས་ཚང་མ་བོད་པས་བཟོ་ཡི་རེད། དེ་འདྲ་ཡིན་ཙང་ཚང་མའི་དོ་སྣང་བྱེད་རྒྱུ་དེ་འགན་ཆེན་པོ་ཞེ་དྲག་རེད་ཅེས་སོགས་གསུངས་སོང་།

ཡང་ཁོང་གིས་དམིགས་བསལ་སྐུ་ཚབ་གཉིས་ཀྱི་དགོངས་ཞུས་བཀའ་འཁྲོལ་གནང་བ་ལངས་ཕྱོགས་དང་ལྟ་གྲུབ་མ་མཐུན་སོགས་མ་རེད་ཅེས་གསུང་དོན། དམིགས་བསལ་གྱི་འདིར་གསལ་བཤད་བྱེད་རྒྱུ་ཞིག་ལ་དམིགས་བསལ་སྐུ་ཚབ་གཉིས་ཀྱིས་དགོངས་པ་ཞུས་པ་རེད། དེ་ལ་དགོངས་པ་གནང་བ་རེད། གཞི་རྩའི་བཀའ་ཤག་གི་ནང་བཀའ་བློན་ཁྲི་པ་ལོ་ཆུང་ཞིག་ཕེབས་ནས་དམིགས་བསལ་སྐུ་ཚབ་གཉིས་ལ་དགོངས་པ་གནང་སོང་། ད་ལངས་ཕྱོགས་ག་བ་འདྲ་ཞིག་འགྲོ་གི་ཡོད་ན། ག་འདྲ་བྱེད་རྩིས་ཡོད་ན་བསམ་ནས་མི་མང་ནང་བསམ་ཚུལ་འདྲ་མིན་ཡོང་མི་སྲིད་པ་མ་རེད། དེ་འདྲ་ཡིན་དུས་དེའི་སྐོར་གསལ་བཤད་ཅིག་བྱས་ན་དྲན་སོང་། ཁ་སང་སྔོན་མ་ཕྱི་ཟླ་བཞི་བ་ནས་རྒྱ་རི་རིན་པོ་ཆེས་དགོངས་པ་ཞུས་པ་རེད། སྐབས་དེར་དགོངས་པ་མ་གནང་ནས་ཕྱི་ཟླ་ལྔ་བའི་ཚེས་སོ་གཅིག་པར་དུ་འགྱངས་པ་རེད། ཁོང་རྣམ་པ་གཉིས་ཀྱི་དགོངས་པ་ཞུ་དོན་དེ་ཡང་རྒྱ་མི་དང་གནས་སྐབས་བཀའ་མོལ་གནང་སའི་ཁོར་ཡུག་ཞིག་མཐོང་གི་མི་འདུག་ཅེས་དགོངས་པ་ཞུ་ཡི་ཡིན་ཞེས་ལབ་པ་རེད་མ་གཏོགས་གཞན་གནད་དོན་གང་ཡང་ཡོད་པ་མ་རེད་ལ་དགོངས་ཞུས་ནང་བཞིན་དགོངས་པ་གནང་པ་རེད། མཁྱེན་རྟོགས་ཆེད་དེའི་རྒྱབ་ལྗོངས་གསལ་བཤད་ཞུས་བ་ཡིན་ན་བཀའ་ཤག་གསར་པའི་ཐོག་ནས་ད་ལྟ་བར་དུ་བཙན་བྱོལ་གཞུང་གིས་གཏན་ལ་ཕབས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་འགྱུར་བ་རྩ་བ་ནས་ཡོད་པ་མ་རེད། ལམ་དབུ་མ་དང་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་ཐོག་ནས་འགྲོ་གི་ཡོད་པ་རེད། དེ་ལ་འགྱུར་བ་རྩ་བ་ནས་ཡོད་པ་མ་རེད། ཡིན་ན་ཡང་ཕྱག་ལས་གནང་མཁན་ལ་འགྱུར་བ་འགྲོ་ཡི་ཡོད་པ་རེད། དམིགས་བསལ་སྐུ་ཚབ་གཉིས་དང་བཀའ་ཤག་གསར་པ་དང་བཀའ་བློན་ཁྲི་བའི་ཐོག་ནས་དགོངས་ཚུལ་མ་མཐུན་པ་དང་ལྟ་བ་མ་མཐུན་པ། ལངས་ཕྱོགས་མ་མཐུན་པ་སོགས་རྩ་བ་ཉིད་ནས་མ་རེད་ལ། དེ་ཚོ་མི་མང་གི་མཁྱེན་པ་གནང་དགོས་པ་རེད། གཉིས་ནས་ང་ཚོའི་མི་མང་གིས་བཤད་སྲོལ་ལ་བོད་རྒྱ་ཞི་མོལ་ཐེངས་མ་དགུ་ལ་བྱས་པ་དེ་ལ་གྲུབ་འབྲས་གང་ཡང་ཐོན་ཡོད་མ་རེད་ཅེས་ལབ་ཀྱི་ཡོད་པ་རེད། དེ་འདྲ་མཐོང་གི་ཡོད་རེད། ཡིན་ན་ཡང་ང་ཚོའི་རྩ་བའི་དམིགས་ཡུལ་འགྲུབ་ཐུབ་ཡོད་རེད་དམ་ཟེར་ན་འགྲུབ་ཡོད་པ་མ་རེད་དེ་ཕྱོགས་གཅིག་ནས་བཤད་ན་རྒྱལ་ཁབ་འདྲ་མཉམ་ཡིན་པ་ནང་བཞིན་གྱི་ཐུགས་འཕྲད་ཐེངས་མ་དགུའི་བརྒྱུད་རིམ་ནང་ལོགས་སུ་གྲུབ་འབྲས་གང་ཡང་ཐོན་ཡོད་མ་རེད་ཅེས་ལབ་ན་ཏག་ཏག་བསྡད་ཡོད་པ་མ་རེད་ཅེས་སོགས་གསུངས་སོང་།

ཡང་ཕྱིས་ཚེས་བརྒྱད་ཉིན་གྱི་སྔ་དྲོ་མོན་གྷོ་ས་གནས་གནད་ཡོད་མི་སྣ་ཚོར་མི་མང་ཚོགས་ཁང་དུ་འཚོགས་ནས་གོང་གི་བརྗོད་གཞི་ཁག་གིས་ཐོག་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་ནས་ལེགས་སྤེལ་ཉེས་འགོག་གི་ལམ་སྟོན་གསུང་བཤད་དང་དྲི་བ་དྲིས་ལན་སོགས་གནང་སོང་།

མོན་གྷོ་གསར་འགོད་པས།

ཁྱེད་ཀྱིས་གཟིགས་མེད་སྲིད།