ལྷོ་ཀོ་རི་ཡར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས།

ལྷོ་ཀོ་རི་ཡར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཤིག་ཟླ་འདིའི་ཚེས་༡༡ ནས་ཉིན་ལྔ་རིང་འཚོག་གི་ཡོད་པ་དང་། དེར་བཀའ་ཁྲི་ཟུར་པ་ཟམ་གདོང་རིན་པོ་ཆེ་༧གོང་ས་མཆོག་གི་སྐུ་ཚབ་ཞུས་ཏེ་ཕེབས་ཡོད་པ་རེད།

དེ་ཡང་ཟླ་ལྷོ་ཀོ་རི་ཡའི་རྒྱལ་སའི་ལྷོ་ངོས་སུ་ཆགས་པའི་ཡོ་སོའི་གྲོང་ཁྱེར་དུ། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ (World Fellowship of Buddhists conference) ཡོད་པ་དང་། དེ་བཞིན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ནང་པའི་འཐུས་མི་མང་དག་ཅིག་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག ལྷན་ཚོགས་སྐབས་རྒྱལ་ཁབ་ ༣༠ ཙམ་ནས་ནང་པའི་དབུ་ཁྲིད་ ༤༠༠ ཙམ་ལྷན་འཛོམས་གནང་ཡོད་པ་དང་། དེའི་ནང་རྒྱ་ནག་སྐམ་ས་ནས་ཀྱང་ནང་པའི་འཐུས་མི་ ༡༦ ཙམ་སླེབས་ཡོད་པ་རེད།།

ཁྱེད་ཀྱིས་གཟིགས་མེད་སྲིད།