ཐེ་ཝན་གྱི་མི་ཁག་ཅིག་བཀག་ཉར་གྱི་གནད་དོན་འདྲི་རྩོད།
ཐེ་ཝན་གྱི་རྒྱ་མི་ཁག་ཅིག་རྒྱ་གར་ཉེན་རྟོག་པས་བཀག་ཉར་བྱས་པ་དང་འབྲེལ་ཏེ། ཟླ་འདིའི་ཚེས་༡༥ ཉིན་གངས་དཀར་རིན་པོ་ལྡི་ལི་ནས་ཉེན་རྟོག་པས་ཁོང་གི་བཞུགས་གནས་ཅཱོན་ཏ་ར་ལ་ཁྲིད་རྒྱུ་ཡིན་པའི་གནས་ཚུལ་IANS དྲ་ཐོག་ཏུ་སྤེལ་འདུག
དེ་ཡང་ཟླ་འདིའི་ཚེས་༡༢ ཉིན་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་ཅཱོན་ཏ་ར་ནས། རྒྱ་གར་ཉེན་རྟོག་པས་རྒྱ་མི་ ༨ བཀག་ཉར་བྱས་ཡོད་པ་དང་། ཁོང་ཚོ་ཡུལ་སྐོར་སྤྲོ་འཆམ་པའི་མིང་ཐོག་ནས་རྒྱ་གར་དུ་ཡོང་སྟེ་གངས་དཀར་རིན་པོ་ཆེའི་བླ་བྲང་དུ་ལས་ཀ་བྱེད་ཀྱི་ཡོད་སྐོར་དང་། རྒྱ་མིའི་གསང་ཉུལ་བའི་དོགས་གཞི་ཡོད་སྐོར་གྱི་གནས་ཚུལ་བརྒྱུད་ལམ་ཁག་ཏུ་སྤེལ་ཡོད་པ་རེད།
གནས་ཚུལ་ཤེས་རྟོག་བྱུང་བ་ལྟར་ན། རྒྱ་མི་དེ་དག་ཐེ་ཝན་ནས་ཡིན་པ་དང་། རིན་པོ་ཆེའི་སློབ་མ་ཡིན་འདུག བླ་བྲང་དུ་ཁོང་ཚོས་དྭངས་བླང་ཐོག་ཁང་པ་རྒྱག་རོགས་བྱེད་ཀྱི་ཡོད་པ་དང་། ཁོང་ཚོ་ཉེན་རྟོག་པས་བཀག་ཉར་འཇུ་བཟུང་སྐབས། གངས་དཀར་རིན་པོ་ཆེའི་བླ་བྲང་དུ་དྭངས་བླང་ཐོག་ལས་ཀ་བྱེད་ཀྱི་ཡོད་སྐོར་བརྗོད་པར་བརྟེན། གངས་དཀར་རིན་པོ་ཆེ་ལྡི་ལི་ནས་ཁོང་གི་བླ་བྲང་ཡོད་སའི་ཅཱོན་ཏ་ར་ས་གནས་སུ་ཁྲིད་དགོས་སྐོར་བརྗོད་འདུག དངོས་ཡོད་གནས་ཚུལ་ཐོག་གནད་དོན་དེར་ཉེན་ཁ་ཆེན་པོ་མེད་ནའང། རྒྱ་མི་ཚོར་རྒྱ་གར་དུ་ལས་ཀ་བྱེད་ཆོག་པའི་ལག་ཁྱེར་མེད་པས། དེ་ལ་དཀའ་ངལ་ཅུང་སྐོར་བཤད་མཁན་ཡང་འདུག །