བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་གསར་བསྡུ།

football_tibetཕྱི་ལོ་༢༠༡༢ ལོའི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་སྤོལ་རྩེད་འགྲན་གྲུབ་རྗེས། བོད་རྒྱལ་ཡོངས་རྐང་སྤོལ་རུ་ཁག་འདེམས་སྒྲིག་གིས། ཟླ་འདིའི་ཚེས་༡༩ ཉིན་འགྲེམས་སྟོན་གྱི་ཚུལ་དུ་རྩེད་འགྲན་ཞིག་བྱས་སོང་།

འདི་གའི་གསར་འགོད་པས་རྐང་སྤོལ་རྩེད་མཁན་གསར་འདེམས་བྱས་པའི་སྐོར་ལ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གི་དྲུང་ཆེ་སྐལ་བཟང་དོན་གྲུབ་ལ་བཅར་དྲི་བྱས་པར། ཁོང་གིས། ང་ཚོས་རྒྱལ་ཡོངས་རྐང་སྤོལ་རྩེད་འགྲན་པའི་ཆེད་མི་༢༠ བདམས་ཡོད་པ་རེད། དེའི་ཐོག་རྐང་སྤོལ་རྩེད་རྒྱུའི་སྒུག་ཐོའི་ནང་མི་༡༠ བདམས་ཡོད། གལ་སྲིད་བདམས་ཟིན་པའི་རྩེད་མཁན་ཉི་ཤུའི་ནང་ནས་རྩེད་མ་ཐུབ་མཁན་བྱུང་ན་གཞན་བཅུ་པོ་དེའི་ནང་ནས་ཁ་སྐོང་བྱ་རྒྱུ་རེད། སྤྱི་ཡོངས་ནས་ད་ལོར་བདམས་པའི་རུ་ཁག་དེ་དག་འདོད་བློ་ཁེངས་པ་ཞིག་བྱུང་སོང་ཞེས་འགྲེལ་བརྗོད་གནང་སོང་།

football_tibet

རྐང་སྤོལ་རུ་ཁག་དག་རྒྱལ་སྤྱིའི་རྩེད་འགྲན་ཐོག་ལ་ཞུགས་རྒྱུའི་རེ་བ་ཡོད་མེད་དྲིས་པར། ཁོང་གིས། འདི་ལོའི་རྒྱ་གར་གྱི་མངའ་སྡེ་སི་ཀིམ་གྱི་Sikkim Governor’s Cup ཞེས་པ་དེའི་ནང་འཛུལ་ཞུགས་བྱ་རྒྱུར་འབད་བརྩོན་བྱེད་བཞིན་པ་ཡིན། རྒྱ་གར་གྱི་རྐང་སྤོལ་རྩེད་འགྲན་པ་གྲགས་ཅན་བུ་ཆུང་བུ་ཊི་ཡས་གསུངས་པ་བཞིན། ང་ཚོའི་རྐང་སྤོལ་རུ་ཁག་ཅིག་བདམས་ཏེ། ཁོང་གི་རྐང་སྤོལ་རུ་ཁག་སི་ཀིམ་མཉམ་འབྲེལ་ཞེས་པ་དེ་མཉམ་དུ་རྩེད་འགྲན་བྱ་རྒྱུ་ཡིན། གལ་ཏེ་ང་ཚོའི་རུ་ཁག་ནང་ནས་རྐང་སྤོལ་ཡག་པོ་རྩེད་མཁན་དེ་དྲ་བྱུང་ན་ཁོང་གི་རུ་ཁག་ནང་དུ་ལེན་རྒྱུ་ཡིན་པས། དེ་གཉིས་ལ་འབད་བརྩོན་ཞུ་བཞིན་ཡོད་ཅེས་གསུངས་སོང།།

ཁྱེད་ཀྱིས་གཟིགས་མེད་སྲིད།