པཎ་ཆེན་རིན་པོ་ཆེའི་མ་ཡུམ་ལ་རྗེས་དྲན་མཆོད་འབུལ།

dalai lama_3_6_2012ཉེ་ཆར་པཎ་ཆེན་སྐུ་ཕྲེང་བཅུ་པའི་མ་ཡུམ་སྐུ་གཤེགས་ཡོད་པར་བརྟེན། དེ་རིང་ཞོགས་པར་༧གོང་ས་མཆོག་དབུ་བཞུགས་ཐོག བོད་གཞུང་གི་མཛད་གཙོ་རྣམ་པ་དང་། མི་མང་མཉམ་ཞུགས་ཀྱིས་མཆོད་འབུལ་སྨོན་ལམ་ཞིག་དྷ་སར་འཚོགས་སོང་།

kashang_3_6_2012དེ་ཡང་ཟླ་འདིའི་ཕྱི་ཚེས་༣ ཉིན་གྱི་ཞོགས་པའི་ཆུ་ཚོད་༨ པའི་སྟེང་། མདོ་སྨད་དབུས་ས་གཉིས་ཀྱི་གོ་སྒྲིག་འོག ཕྱི་ཟླ་༦ པའི་ཚེས་༢༩ ཉིན་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གི་མ་ཡུམ་བསོད་ནམས་སྒྲོལ་མ་སྐུ་གཤེགས་ཡོད་པར་བརྟེན། མ་ཡུམ་ཁོང་གི་ཆེད་མཆོད་འབུལ་སྨོན་ཞིག་འཚོགས་སོང་ལ། ཚོགས་ཐོག་དེར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་དབུས། ལས་ཁུངས་ཁག་གི་སྲི་ཞུ་བ་རྣམ་པ་དང་། བླ་སྤྲུལ་ཁག དྷ་སའི་ཉེ་འཁོར་གྱི་གྲྭ་ཚང་ཁག་དང་བཙུན་དགོན་ཁག་གི་གྲྭ་བཙུན་རྣམ་པ་དང་། གཞན་ཡང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མཛད་གཙོ་རྣམ་པ་བཅས་སེར་སྐྱ་མི་མང་ཧ་ཅང་མང་པོ་མཉམ་ཞུགས་བྱས་ཡོད་པ་རེད།

students_2_6_2012ཉེ་ཆར་བརྒྱུད་ལམ་ཁག་ཏུ་ཁོང་སྐུ་གཤེགས་སའི་ས་ཆ་པེ་ཅིང་ཡིན་སྐོར་གྱི་གནས་ཚུལ་ཐོན་འདུག་ཀྱང་། ས་གནས་དེ་དང་འབྲེལ་ཡོད་ཀྱི་མི་སྣ་ཁ་ཤས་ལ་ཞལ་པར་བརྒྱུད་འབྲེལ་བ་བྱེད་སྐབས། སྐུ་གཤེགས་ས་མཚོ་སྔོན་རང་རེད་ཟེར་གྱི་འདུག་ཅེས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་བསྟན་པའི་དངོས་གྲུབ་ཀྱིས་བརྗོད་སོང་།

sonam dolma a ma༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་གི་མ་ཡུམ་བསོད་ནམས་སྒྲོལ་མ་མཆོག་ཕྱི་ལོ་༡༩༡༥ ལོར་སྐུ་འཁྲུངས་ཏེ། ལོ་འདིར་ཁོང་དགུང་གྲངས་༩༨ ལ་ཕེབས་ཡོད་པ་དང་། ཁོང་གིས་ལོ་ངོ་དེ་དག་གི་རིང་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་དང་། བོད་རང་སྐྱོང་ལྗོངས་ཀྱི་འགན་འཛིན་གཞོན་པ་བཅས་ཀྱི་འགན་བཞེས་མྱོང་བ་མ་ཟད། ༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་། ཁོང་གི་ཡབ་གུར་མགོན་ཚེས་བརྟན་གཉིས་དགོངས་པ་ཆོས་དབྱིངས་སུ་ཐིམས་རྗེས། ༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་གསར་འཛུགས་གནང་བའི་སློབ་གྲྭ་ཁག་དང་། དགོན་སྡེ་ཁག དེ་བཞིན་ཁོང་གི་འཁྲུངས་ཡུལ་<<ཡ་རྫི>>རྫོང་ཞོན་ཧྭ་བོད་ཡིག་སློབ་འབྲིང་དང་། བིས་མདོ་དགོན་ཆེན་བཅས་ཀྱི་མཐུན་རྐྱེན་དང་འཛུགས་བསྐྲུན། ས་གནས་མང་ཚོགས་ཀྱི་བདེ་སྡུག་སོགས་ལ་ཕྱོགས་ཡོངས་ནས་ཐུགས་ཁུར་ཆེར་བཞེས་ཀྱིས་ཕྱག་ལས་གནང་ཡོད་པ་རེད།།

ཁྱེད་ཀྱིས་གཟིགས་མེད་སྲིད།