རྒྱ་གར་ཨ་སམ་མངའ་སྡེར་ཆུ་ལོག་གིས་གནོད་སྐྱོན།

ཟླ་འདིའི་ཚེས་༡ ཉིན་རྒྱ་གར་ཨ་སམ་མངའ་སྡེའི་ནང་ཡར་ཀླུང་གཙང་པོའི་ཆུ་ལོག་གིས་གནོད་སྐྱོན་ཐེབས་ཡོད་པ་དང་། ད་ལྟ་རྐྱེན་ལམ་དུ་ཤོར་བའི་མི་གྲངས་༦༠ ལ་སླེབས་ཡོད་ཅིང་། གྲོང་གསེབ་པ་༢༠༠༠ ལྷག་གི་ཁྱིམ་གཞིར་གནོད་པ་ཚབས་ཆེན་ཕོག་ཡོད་པའི་གནས་ཚུལ་སྤེལ་འདུག

ཆུ་ལོག་དེ་གཟའ་འཁོར་གཅིག་ཙམ་རིང་བརྒྱབ་པ་དང་། རྒྱ་གར་ཨ་སམ་ཞིང་ལས་ཀྱི་བློན་ཆེན་ནི་ལོ་མོ་ནི་སེང་དྷེ་ཀས། ཆུ་ལོག་དང་ས་རུད་ཀྱིས་མི་མང་༦༢ རྐྱེན་ལམ་དུ་སོང་བ་དང་། མི་མང་ས་ཡ་གཉིས་ལྷག་ལ་གནོད་སྐྱོན་བཟོས་ཡོད་པ་རེད་ཅེས་བརྗོད་ཡོད་པ་རེད།

མངའ་སྡེའི་གོད་ཆག་འཛིན་སྐྱོང་ལས་ཁུངས་ནས་བརྗོད་ན། ཁྱིམ་གཞི་སྟོང་ཕྲག་དུ་མ་མེད་པ་ཆག་པ་དང་། མི་མང་༤༨༠༠༠༠ ལྷག་ལ་གཞུང་ངོས་ནས་སྐྱོབ་གསོའི་ཁང་ཁྱིམ་བཙལ་ཡོད་ཅེས་བརྗོད་འདུག

རེས་གཟའ་ཉི་མ་ཉིན་མངའ་སྡེའི་དེ་ཆར་པ་བབས་མེད་ཀྱང་འབྲུག་སྐད་བརྒྱབ་ཅིང་སྤྲིན་ནག་ཆུ་ཚོད་༢༤ རིང་འཐིབས་ཡོད་པ་རེད། རྒྱ་གར་གྱི་ཆར་དུས་ཕྱི་ཟླ་༦ ནས་འགོ་ཚུགས་ཤིང་༩ ནས་མཇུག་སྒྲིལ་གྱི་ཡོད་ཅིང་། ནམ་དུས་དེར་ལོ་ལྟར་ཨ་སམ་ལ་ཆུ་ལོག་གི་དཀའ་ངལ་ཡོད་ཀྱང་། ད་ཐེངས་ཀྱི་ཆུ་ལོག་འདི་ལོ་བཅུ་རིང་གི་ཆེ་ཤོས་དེ་ཡིན་པ་རེད།།

ཁྱེད་ཀྱིས་གཟིགས་མེད་སྲིད།