བལ་ཡུལ་འབྲི་གུང་རིན་ཆེན་དགོན་དུ་འཁྲུངས་སྐར་སྲུང་བརྩི།

drikung_6_7_2012ཟླ་འདིའི་ཚེས་༦ ཉིན་གྱི་སྔ་དྲོ་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག་བལ་ཡུལ་འབྲི་གུང་རིན་ཆེན་དཔལ་རི་དགོན་དུ། ༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་དབུ་བཞུགས་ཐོག་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་སོང་།

drikung1_6_7_2012དེ་ཡང་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། ཉིན་དེའི་ཞོགས་པ་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག་བལ་ཡུལ་འབྲི་གུང་རིན་ཆེན་དཔལ་རི་དགོན་དུ་ཕྱི་ལུགས་ལྟར་ན་༧གོང་ས་མཆོག་དགུང་གྲངས་བདུན་བཅུ་དོན་བདུན་ཕེབས་པའི་སྐུ་ཡི་འཁྲུངས་སྐར་དེ་ཆར་པ་ཟིམ་ཟིམ་འབབ་པའི་འོག་ཏུ་སྲུང་བརྩི་ཞུས་པ་དང་། དེའང་ཐོག་མ་འཆམ་ར་དྲི་མེད་རྒྱལ་མཚན་ལགས་ཀྱིས་འཁྲུངས་སྐར་ངོ་སྤྲོད་ཞུས་གྲུབ་པ་དང་། སྐྱ་སེར་ཉིས་བརྒྱ་ཡས་མས་ཀྱིས་སེར་ཕྲེང་བསྒྲིགས་པའི་དབུས་སུ་༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་དང་། ༧སྐྱབས་རྗེ་ནུས་པ་རིན་པོ་ཆེ། ༧སྐྱབས་རྗེ་སྒྲུབ་དཔོན་བསོད་ནམས་འབྱོར་འཕེལ་རིན་པོ་ཆེ་བཅས་དགེ་འདུན་འདུས་པ་རྒྱ་མཚོས་དྲི་ཞིམ་བདུག་སྤོས་ཀྱི་དྲི་ངད་ཐུལ་ལེ་བའི་ངང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་འདུ་ཁང་གཙོ་བོའི་ནང་དུ་གདན་འདྲེན་ཞུས་སོང་ལ། དབུ་ཆེན་མཆོག་གིས་གདངས་རྟ་སྙན་པོ་ལས་དྲངས་ཏེ་ ༧གོང་ས་མཆོག་གི་ཞབས་བརྟན་གསོག་རིམ་ལྟར་དད་ལྡན་སེར་སྐྱ་ཡོངས་ཀྱིས་མཇལ་དར་ཉིན་མོ་བདེ་ལེགས་སྒྲོན་འབུལ་གནང་ནས་བག་ཕེབས་པོའི་ངང་འཁྲུངས་སྐར་སྲུང་རྩི་ཞུས་སོང་།

drikung_6_7_2012

འབྲི་གུང་རིན་ཆེན་དཔལ་རི་དགོན་ནི། སྒྲུབ་དཔོན་བསོད་ནམས་འབྱོར་འཕེལ་རིན་པོ་ཆེ་མཆོག་གིས་བལ་ཡུལ་གླང་རི་ལུང་བསྟན་གྱི་གཡོན་ངོས་ཀྱི་རི་མགོར་གསར་བཞེངས་མཛད་དེ་ཕྱི་ལོ་༢༠༠༧ ལོར་འབྲི་གུང་ཆེ་ཚང་རིན་པོ་ཆེས་མཛད་སྒོ་གནང་པ་ཞིག་ཡིན་ལ། ད་ལྟའི་ཆར་བཤད་གྲྭ་དང་སློབ་གྲྭ དེ་དག་ལ་དགེ་རྒན་བཅུ་ཡས་མས་ཙམ་གྱིས་བོད་ཀྱི་བརྡ་སྤྲོད་རིག་པ་དང་ནང་དོན་རིག་པའི་གཞུང་ལུགས་ཁག དེ་བཞིན་འདོན་ཕྱག་ལེན་དང་། དབྱིན་ཇིའི་སྐད་ཡིག་སོགས་སློབ་ཁྲིད་གནང་བཞིན་ཡོད་འདུག་གོ།

ཁྱེད་ཀྱིས་གཟིགས་མེད་སྲིད།