རང་སྲེག་ངོ་རྒོལ་ལས་འགུལ་བ་དར་རྒྱས་ལགས་སྐུ་གྲོངས།

ཕྱི་ཟླ་༥ པའི་ཚེས་༢༧ ཉིན་ལྷ་སའི་ཇོ་ཁང་མདུན་དུ་རང་ལུས་མེར་བསྲེག་གིས། རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྒྱལ་གཅེས་དཔའ་བོ་དར་རྒྱས་ལགས་སེ་ར་དགོན་པའི་ཉེ་འགྲམ་གྱི་དམག་མིའི་སྨན་ཁང་ཞིག་ཏུ་སྐུ་གྲོངས་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༥ པའི་ཚེས་ ༢༧ ཉིན་ལྷ་སའི་ཇོ་ཁང་མདུན་དུ་མདོ་སྨད་བླ་བྲང་བསང་ཆུ་རྫོང་འབོ་ར་དཔེ་ལུང་སྡེ་བ་ནས་ཡིན་པ་རང་ལོ་ ༡༩ ཡིན་པའི་རྡོ་རྗེ་ཚེ་བརྟན་ལགས་དང་། རྔ་པ་སོ་རུ་མ་ནས་ཡིན་པ་རང་ལོ་ ༢༥ ཡིན་པའི་དར་རྒྱས་ལགས་གཉིས་ཀྱིས། རང་ལུས་མེར་བསྲེག་གིས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་པ་དང་། ཉིན་དེ་རང་གི་ཉིན་རྒྱབ་ཆུ་ཚོད་ ༢ པ་ཡས་མས་སུ་རྡོ་རྗེ་ཚེ་བརྟན་སྐུ་གྲོངས་ཡོད་ཅིང་། དར་རྒྱས་ཉིན་དེར་ཉེན་རྟོག་པས་སྨན་ཁང་དུ་འཁྲིད་རྗེས། ད་ལྟའི་བར་ནང་མི་གཉེན་འབྲེལ་ཚོར་ཐུག་འཕྲད་བྱས་མ་བཅུག་པར་དམ་དྲག་ཁྲོད་སྨན་བཅོས་བྱེད་དགོས་བྱུང་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༧  ཉིན་སེ་ར་དགོན་པའི་ཉེ་འགྲམ་གྱི་དམག་མིའི་སྨན་ཁང་ཞིག་གི་ནང་དུ་སྐུ་གྲོངས་ཡོད་འདུག

ཁྱེད་ཀྱིས་གཟིགས་མེད་སྲིད།