༧གོང་ས་མཆོག་གིས་བོད་པ་ཁ་ཆེ་ཚོར་འཚམས་གཟིགས།
ཟླ་འདིའི་ཚེས་༡༢ ཉིན་༧གོང་ས་མཆོག་ཤི་རི་ན་གྷར་ཞབས་སོར་ལེགས་པར་འཁོད་དེ། ཁུལ་དེའི་མངའ་སྡེ་བློན་ཆེན་གཙོས་པའི་དད་ལྡན་མང་ཚོགས་དང་མཉམ་དུ་མཇལ་འཕྲད་གནང་བ་དང་། ས་གནས་ཀྱི་བོད་པ་ཁ་ཆེའི་མི་མང་ལ་མཇལ་ཁ་དང་བཀའ་སློབ་གནང་རྒྱུ་ཡིན་པ་རེད།
དེ་ཡང་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༢ ཉིན་༧གོང་ས་མཆོག་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཤི་རི་ན་གྷའི་གནམ་ཐང་དུ་ཞབས་སོར་འཁོད་ཡོད་པ་དང་། སྐབས་དེར་ཀ་ཤི་མིར་གྱི་མངའ་སྡེ་བློན་ཆེན་ཨོ་མར་ཨབ་ཊོ་ལ་མཆོག་དང་། མངའ་སྡེ་དེའི་ཡུལ་སྐོར་སྤྲོ་འཆམ་ལྷན་ཁང་གི་བློ་ཆེན་ངག་དབང་རིག་འཛིན་མཆོག་གཉིས་གནམ་ཐང་དུ་ཆེད་བཅར་གྱིས། ༧གོང་ས་མཆོག་ཕེབས་བསུའི་སྣེ་ལེན་དང་ཕན་ཚུན་ལ་མཇལ་འཕྲད་གནང་ཡོད་པ་རེད། དེ་ནས་ཉིན་གུང་ཆུ་ཚོད་༡༢ ཡོལ་ཙམ་གྱི་སྟེང་༧གོང་ས་མཆོག་གིས་དབུས་པའི་མངའ་སྡེའི་བློན་ཆེན་རྣམ་པ་གཉིས་དང་། ཆིབས་ཞབས་པ་རྣམ་པ་ཤི་རི་ན་གྷའི་གྲོང་ཁྱེར་གྱི་མི་སྣ་ཆེ་གྲས་བཞུགས་ས<
མཛད་འཆར་ལྟར་ན་དེ་རིང་དང་སང་ཉིན་སྟེ་ཉིན་གཉིས་ཀྱི་རིང་དམིགས་བསལ་གྱི་མཛད་འཕྲིན་གང་ཡང་མེད་པར། སྐུ་ངལ་གསོ་རྒྱུ་ཡིན་པ་དང་ཕྱི་ཚེས་༡༤ ཉིན་ཤི་རི་ན་གྷའི་རྒྱལ་སར་རྟེན་གཞི་བྱས་པའི་