རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷར་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད།

2012-8-3-golegala 1ཟླ་འདིའི་ཚེས་ ༣ ཉིན་རྒྱ་གར་ལྷོ་ཕྱོགས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀོ་ལེ་གྷལ་དོན་ལྡན་གླིང་དུ་འབྱོར་ཡོད་པ་དང་། དེར་ས་གནས་སོར་སྐོར་བསྐྱོད་དང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཚེས་༣ ཉིན་རྒྱབ་ཆུ་ཚོད་ ༡ པོར་དོན་ལྡན་གླིང་ས་གནས་འགོ་འཛིན་ལས་ཁང་གིས་གཙོས་པའི་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་། དགོན་སྡེ་ཁག་དང་། ཚོགས་པ་སྡེ་ཚན་ཁག་གི་འཐུས་མི་དང་། གཞིས་གྲོང་ཁག་གི་སྤྱི་མི་སོགས་ཀྱིས་བོད་ཀྱི་རྒྱལ་དར་དང་། གཞོན་ནུ་དང་བུད་མེད་ཀྱི་དར་ཆ། ཁ་དར་དང་མེ་ཏོག་ཆེན་པོ་སོགས་ཐོགས་ཏེ་ T གྲོང་སྡེའི་སྒོ་ཆེན་ནས་བདེན་པའི་མེ་ལྕེ་རྩིས་ལེན་དང་བསུ་མ་བྱས་ནས་ས་གནས་འགོ་འཛིན་ལས་ཁང་གི་མདུན་ཐང་དུ་འབྱོར་ཡོད་པ་རེད།

2012-8-3-golegala 3དེར་ས་གནས་མི་མང་གིས་བོད་རྒྱལ་ལོ་ཞེས་འབོད་སྒྲ་སྒྲོགས་བཞིན་བསུ་མ་དང་བཅས་ས་གནས་སུ་མེ་ལྕེ་སྐོར་བསྐྱོད་ཀྱི་མཛད་སྒོ་འཚོགས་སོང་། མཛད་སྒོའི་ཐོག་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་ལགས་ཀྱིས་གཏམ་བཤད་གནང་སྟེ། བདེན་པའི་མེ་ལྕེ་སྐོར་བསྐྱོད་ནི་བོད་ཀྱི་བདེན་པ་དང་། བོད་ཀྱི་དཀའ་ངལ། རྒྱ་ནག་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་དང་བྱ་སྤྱོད་སོགས་འཛམ་གླིང་ལ་གསལ་སྟོན་བྱ་ཆེད་དུ་རེད་ཅེས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་དམིགས་ཡུལ་སྐོར་གསུངས་སོང་།
དེ་བཞིན་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་རཱ་རྗ་ཅ་ར་ཡ་ལགས་ཀྱིས་ཀྱང་། བོད་ནང་ལ་དཀའ་ངལ་འཕྲད་རྗེས་བོད་མི་མང་པོ་ཞིག་རྒྱ་གར་ལ་སྐྱབས་འབྱོར་དུ་འབྱོར་བ་དང་ཀརྣ་ཊ་ཀའི་ནང་གཞིས་ཆགས་ཁག་ལྔ་ཙམ་ཡོད་པ་འདི་དག་ལ་རྒྱ་གར་དབུས་ས་གཉིས་དགའ་པོ་ཡོད་སྐོར་དང་། མེ་ལྕེ་སྐོར་བསྐྱོད་ཡག་པོ་ཡིན་པ། ས་གནས་ཧིན་བོད་མི་སེར་གྱི་འབྲེལ་ལམ་གལ་ཆེན་ཡིན་སྐོར་གྱི་གཏམ་བཤད་གནང་སོང་།

གཞན་ཡང་ཧོན་སུར་ནས་བདེན་པའི་མེ་ལྕེ་སྐོར་སྐྱོད་ཚོགས་ཆུང་ནས་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་ང་ཚོས་བདེན་པའི་མེ་ལྕེ་སྐོར་བསྐྱོད་བྱས་ནས་བོད་ནང་གི་གནས་ཚུལ་དྲིལ་བསྒྲགས་བྱས་པ་ཙམ་མ་ཡིན་པར། བོད་ནང་ནས་བོད་དོན་དུ་རང་སྲོག་དོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་རེ་བ་སྒྲུབ་རྒྱུའི་ཆེད་དུ་རེད། ང་ཚོས་མེ་ལྕེ་སྐོར་བསྐྱོད་དེས་ང་ཚོར་དཀའ་ངལ་ཞིག་ཡོད་པ་སྟོན་གྱི་ཡོད་པས། མེ་ལྕེ་སྐོར་བསྐྱོད་སྐབས་ས་གནས་ཡུལ་མི་རྣམས་ལ་མིང་དོན་མཚུངས་པའི་རྣམ་འགྱུར་ཡག་པོ་སྟོན་དགོས་པ་དང་། ལྷག་པར་ས་གནས་ཡུལ་མི་ལ་གུས་ཞབས་དང་བརྩི་བཀུར་ལྡན་པ། ཆེ་མཐོང་ཡོད་པའི་སྒོ་ནས་མེ་ལྕེ་སྐོར་བསྐྱོད་བྱེད་དགོས་པ་རེད་ཅེས་སོགས་གསུང་བཤད་གནང་ཡོད་པ་རེད།

དེ་རྗེས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོས་བོད་མི་མང་སྤྱི་འཐུས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་གསལ་བསྒྲགས་སྒྲོགས་སྦྱང་སོགས་མཛད་སྒོ་གྲུབ་པ་དང་ས་གནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཚོགས་ཆུང་གི་ངོས་ནས་ས་གནས་ཡུལ་མིའི་གྲོང་བརྡལ་ཨོ་ཊེ་ཡར་པ་ལ་སོགས་སུ་སྐོར་བསྐྱོད་བྱས་པ་ཡོད་པ་དང་། ཚེས་ ༤ ཉིན་ནས་བཟུང་ས་གནས་ཀྱི་གྲོང་སྡེ་ཁག་དང་། ཉེ་འཁོར་ས་གནས་ཡུལ་མིའི་གྲོང་བརྡལ་ཆམ་ར་རྗུ་ན་གྷར་སོགས་སུ་རིམ་བཞིན་ཉིན་ ༥ ལྔའི་སྐོར་བསྐྱོད་བྱ་རྒྱུ་ཡིན་པ་རེད་འདུག །

མེ་སོར་གསར་འགོད་པས།

ཁྱེད་ཀྱིས་གཟིགས་མེད་སྲིད།