ནང་སྲིད་བཀའ་བློན་གྱི་གཟིགས་སྐོར།

gyari1_2012_8_22ཟླ་འདིའི་ཚེས་༢༢ ཉིན་སྔ་དྲོ་ཆུ་ཚོད་༡༡་༣༠ ཐོག་བོད་གཞུང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་བྷེང་ལོར་དུ་ཕེབས་སྟེ། རྒྱ་གར་གྱི་མངའ་སྡེ་གནད་ཡོད་བློན་ཆེན་མཉམ་མཇའ་འཕྲད་གན་རྗེས། ཀོ་ལེ་གྷལ་དོན་ལྡན་གླིང་་གཞིས་ཆགས་སུ་གཟིགས་སྐོར་གནང་ཡོད་པ་རེད།

gyari_2012_8_22

སྐབས་དེར་དགོན་སྡེ་ཁག་གི་སྐུ་ཚབ་རྣམས་པ་དང་། ས་འཐུས་ཚོགས་གཙོ། རང་ བདེན་ཚོགས་ཆུང་གི་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ་སོགས་ས་གནས་ཀྱི་གནད་ཡོད་མི་སྣ་དང་། སེར་སྐྱ་མི་མང་གིས་གཞིས་ཕེབས་བསུ་ཞུས་ཡོད་པ་རེད།

དེ་ནས་ཕྱི་དྲོ་ཆུ་ཚོད་༢ ཐོག་མི་མང་ཚོགས་ཁང་ཆེན་མོས་ནང་དུ་ཚོགས་འདུ་འཚོགས་པ་དང་། ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་གིས་ངོ་སྤྲོད་དང་གསུང་བཤད་གནང་བ་དང་། དེ་ནས་ནང་སྲིད་བཀའ་བློན་གྱིས་ད་ཐེངས་རྒྱ་གར་ནང་དུ་རྙོག་གྲ་བྱུང་བ་དང་སྟབས་བསྟུན། དཀྲོག་གཏམ་འདྲ་མིན་སྤེལ་དེ་བོད་མི་ཚོར་ཡང་དཀའ་ངལ་འཕྲད་པའི་སྐོར་ལ་གསལ་བཤད་གནང་དང་། དེ་བཞིན་མ་འོངས་པར་རྒྱ་གར་མཉམ་དུ་འཆམ་མཐུན་བྱེད་ཕྱོགས་སྐོར་ལ་ལམ་སྟོན་གསུང་བཤད་གནང་ཡོད་པ་རེད།

མཐར་ས་འཐུསཚོགས་གཞོན་བློ་བཟང་སྐལ་ལྡན་གྱིས་ཐུགས་རྗེ་ཆེ་གསུང་བཤད་རྗེས། བཀའ་བློན་རྒྱ་རི་སྒྲོལ་མ་ཧོང་སོར་རབ་རྒྱས་གླིང་དུ་ཕེབས་ཡོད་པ་རེད།།

ཀོ་ལེ་གྷལ་དོན་ལྡན་གླིང་ནས་དོན་འགྲུབ་བཀྲ་ཤིས་ནས།

ཁྱེད་ཀྱིས་གཟིགས་མེད་སྲིད།