ས་སྐྱ་གོང་མའི་མཛད་འཕྲིན།
ཨེ་ཤ་ཡ་རྒྱལ་ཁབ་ཁག་ཅིག་གི་ནང་དཔལ་ས་སྐྱ་༸གོང་མ་བདག་ཁྲི་རིན་པོ་ཆེས་མཛད་ཕྲིན་བསྐྱངས་སྟེ། ཟླ་འདིའི་ཕྱི་ཚེས་༢༥ ཉིན་ལྡེ་ར་ལྡུན་བཞུགས་སྒར་དུ་ཞབས་སུ་བདེ་བར་འཁོད་ཡོད་པ་རེད།
དེ་ཡང་དུས་ཡུན་ཟླ་བ་གསུམ་ཙམ་གྱི་རིམ་དཔལ་ས་སྐྱ་༸གོང་མ་བདག་ཁྲི་རིན་པོ་ཆེ་ཨེ་ཤ་ཡ་རྒྱལ་ཁབ་སིང་གྷ་པུར་དང་ཐེ་ཝན་སོགས་ལ་མཛད་འཕྲིན་ཁག་ཅིག་བསྐྱངས་ཏེ་ས་གནས་དེ་དག་ལ་གནས་བསྡོད་བྱས་པའི་མང་ཚོགས་དང་གནད་ཡོད་མི་སྣ་སོགས་མཇལ་འཕྲད་དང་བཀའ་སློབ་སོགས་བསྩལ་ཡོད་པ་རེད། ཐེ་ཝན་ཀྱི་མཛད་འཕྲིན་ཁག་ལེགས་སྒྲུབ་རྗེས་(Philippines)ཕེབ་ལེབ་པའི་ནང་ཞབས་སུ་འཁོད་གནང་ཡོད་ཅིང་སྐབས་དེར་ཕེབ་ལེབ་པས་གཞུང་འབྲེལ་ཐོག་ཕེབས་བསུ་ཟབ་རྒྱས་ཞུ་གནང་བ་དང་། ཁུལ་དེའི་ཆེ་བསྟོད་ཀྱི་གཟིངས་རྟགས་(manila city key)ཞེས་པ་དེ་སྐུ་ཞབས་Alfrdo siojo lim གྱི་ཕྱག་ནས་འབུལ་བཞེེས་མཛད་ཡོད་པ་དང། (Philippines་སྲིད་འཛིན་གཞོན་པ་JejomarBinay་ལགས་དང་གྲོས་ཚོགས་མཐུས་མི་སོགས་མཇལ་འཕྲད་གནང་སྟེ་ཉིན་བཅུའི་རིམ་འཚམས་འདྲི་གཟིགས་སྐོར་དང་མི་མང་ལ་བཀའ་སློབ་སོགས་བསྩལ་གནང་ཡོད་འདུག ཐེངས་འདིའི་མཛད་འཕྲིན་ཁག་ལེགས་བསྒྲུབས་ཟིན་ནས་ཁ་སང་ཕྱི་ཚེས་༢༥ཉིན་ལྡི་ལི་ནས་མཁའ་ལམ་གྱི་རྒྱུད་དེ་ཧ་དུན་མངའ་ཁུལ་རི་ཤི་ཀི་ཤེ་གནམ་ཐང་དུ་ཞབས་སུ་འཁོད་གནང་སྐབས་ས་གནས་དེ་ཧ་ར་དུན་དུ་བརྟན་གཞིས་བྱས་པའི་དགོན་ཁག་རྣམས་ཀྱི་མཁན་ལས་དབུ་འཛིན་རྣམ་པ་དང་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་རྣམ་པ་གཙོས་པའི་མི་མང་བཅས་ཀྱིས་འཕེབས་བསུ་ཟབ་རྒྱས་འཕྲོད་བཞུགས་སྒར་ར་ཛ་སྤུ་དུ་ཞབས་སུ་བདེ་བར་འཁོད་གནང་སོང་། མ་ཟད་གྱེས་གྱི་གདན་སར་ས་སྐྱ་ཆོས་སྒར་དུ་ལོ་བལྟར་བཞིན་ཚོགས་བཞིན་པའི་ཕུར་པའི་སྒྲུབ་མཆོད་ཆེན་མོའི་ཚོགས་མགོན་དུ་ཕེབས་རྒྱུ་དང་ཟླ་རྗེས་མའི་ཕྱི་ཚེས་༦ཉིན་ཕུར་པའི་སྒྲུབ་པ་ཆེན་མོའི་དཀྱིལ་འཁོར་གཤེགས་སོ་དང་འབྲེལ་བསྔོ་སྨོན་སོགས་གནང་རྒྱུའི་མཛད་འཆར་ཡང་འདུག །
ས་གནས་ནས་ཐུབ་བསྟན་རྒྱལ་མཚན་གྱིས།