དགའ་ལྡན་བྱང་རྩེ་གྲྭ་ཚང་གི་མཁན་པོའི་ཁྲི་སྟོན།

news photo gaden kanpo 2ཟླ་འདིའི་ཚེས་༢༩ ཉིན་འདི་ག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་རྟེན་བཞི་བྱས་ཡོད་པའི་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་མཁོན་པོ་གསར་པ་བློ་བཟང་ཆོས་ཉིད་མཁན་ཁྲིར་མངའ་གསོལ་གྱི་ཁྲི་སྟོན་མཛད་སྒོ་ཞིག་དགའ་བྱང་གཙུག་ལག་ཁང་ཆེན་མོའི་ནང་འཚོགས་ཡོད་པ་རེད།

དེ་ཡང་ཉིན་དེའི་ཞོགས་པ་ཆུ་ཚོད་༥ པའི་ཐོག་མཁན་རིན་པོ་ཆེ་གཟིམས་ཤག་ནས་དྲི་ཞིམ་སྤོས་སྣེས་སྔོན་བསུས་ཏེ། ཁང་ཚན་ཚོམས་ཁང་དུ་གདན་འདྲེན་ཞུས་ཏེ་ཁང་ཚན་དུ་བཀྲ་ཤེས་པའི་གསོ་སྦྱོང་འཚོགས་རྗེས་གྲྭ་ཚང་དང་། ཁང་ཚན་བཅས་ཀྱི་ལས་སྣེ་བ་ཡོངས་ཚང་འཛོམས་ཐོག་དགའ་བྱང་ཏྲེ་ཧོར་ཁང་ཚན་དུ་རྟེན་འབྲེལ་མཛད་སྒོ་གནང་གྲུབ་པ་དང་། ཞོགས་པའི་ཆུ་ཚོད་༦ པའི་ཐོག་གྲྭ་ཚང་དང་ཁང་ཚན་གྱི་ལས་སྣེ་བ་ཡོངས་ཀྱིས་སྤོས་སྣེས་ཀྱི་ཁང་ཚན་ནས་གྲྭ་ཚང་གཙུག་ལག་ཁང་དུ་གདན་ཞུས་ཐོག  དེར་མཁན་རིན་པོ་ཆེས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལརིན་པོ་ཆེར་གུས་ཕྱག་དང་རྟེན་གསུམ་འདེགས་འབུལ་སོགས་གནང་།  དེ་ནས་བཞུགས་ཁྲི་རིན་པོ་ཆེར་འཁོད་མཚམས་དབུ་མཛད་ནས་དཔལ་ལྡན་ཡོད་ཏན་མ་དབུ་བསྐུལ་མཛད་པ་དང་ཆབས་ཅིག་གྲྭ་ཚང་གི་བླ་སྤྲུལ་དགེ་བཤེས་ཡོངས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་མཇལ་དར་བསྒྲོན་འབུལ་གནང་སོང་།

news photo gaden kanpo3དེ་བཞིན་སྔ་དྲོ་ཆུ་ཚོད་༨ པའི་ཐོག་ཆོས་གྲྭར་བརྩི་བཞག་གི་ཚོགས་མཇུག་གྲུལ་མཚམས་མཁན་རིན་པོ་ཆེ་གྲྭ་ཚང་གི་ཆོས་རྭར་ཕེབས་ནས་བརྩི་བཞག་གི་ལས་རིམ་གྲུབ་པ་དང་།  ཁོང་གི་བླ་བྲང་དུ་རྟེན་འབྲེལ་མཛད་སྒོ་གནང་སོང་།  དེ་ནས་ཉིན་གུང་ཆུ་ཚོད་༡༡། ༣༠ ཐོག་དགའ་བྱང་ཏྲེ་ཧོར་ཁང་ཚན་གྱི་བཞུགས་ཁྲིར་མཁན་རིན་པོ་ཆེ་གདན་འདྲེན་གྱི་རྟེན་འབྲེལ་མཛད་སྒོའི་ཐོག་དགའ་འབྲས་གཉིས་ཀྱི་གཙོས་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་རྣམ་པ་དང་། མོན་གྷོ་ས་གནས་འགོ་འཛིན་གྱི་གཙོས་ས་གནས་ཀྱི་གནད་ཡོད་མི་སྣ་བཅས་ཕེབས་ཡོད་པ་དང་། དེ་ཡང་ཐོག་མར་སྐུ་མགྲོན་གཙོ་བོ་རྣམ་པས་རྟེན་གསུམ་འདེགས་འབུལ་དང་དེ་ནས་རིམ་པའི་སེར་སྐྱ་གཉིས་ཀྱིས་མཇལ་དར་བསྒྲོན་འབུལ་སོགས་ཀྱི་ལས་རིམ་ཡོངས་སུ་གྲུབ་དང་།   སྐུ་མགྲོན་ཡོངས་ལ་གསོལ་ཚིགས་ཟབ་རྒྱས་ཕུལ་གནང་བ་བཅས་ཉིན་འདིའི་མཛད་སྒོ་རྒྱལ་ཁའི་ངང་མཇུག་དྲིལ་ཡོད་པ་རེད།

དགའ་བྱང་མཁན་པོ་བློ་བཟང་ཆོས་ཉིད་ནི་བོད་དབུས་ཕྱོགས་ལྷོ་བྲག་ཁུལ་དུ་སྐུ་འཁྲུངས་ཡོད་པ་དང་། ཁོང་དགུང་ལོ་༨ ནས་༡༥ བར་སློབ་གྲྭར་ཕེབས། དགུང་ལོ་༡༥ སྟེ་ཕྱི་ལོ་༡༩༧༡  ལོར་རབ་ཏུ་བྱུང་ནས་གདན་ས་ཆེན་མོ་དགའ་ལྡན་རྣམས་པར་རྒྱལ་བའི་གླིང་དུ་ཆོས་ཞུགས་བྱས། དེ་ནས་རིམ་པའི་ནང་བསྟན་རིག་པའི་གཞུང་ལུགས་ལ་གསན་བསམ་ལྷོད་མེད་མཛད་ནས་མཐར་ཕྱི་ལོ་༡༩༩༣ ལོར་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག་ཡོད་འདུག

མོན་གྷོ་གསར་འགོད་པས།

ཁྱེད་ཀྱིས་གཟིགས་མེད་སྲིད།