གཞོན་ལྷན་གྱི་རྒྱུན་ལས་གསུམ་གྱིས་ཟས་བཅད་ངོ་རྒོལ་ལས་འགུལ།

tyc_2012_9_3དེ་ཡང་ཟླ་འདིའི་ཚས་༣ ཉིན་ནས་རྒྱ་གར་གྱི་རྒྱལ་ས་དྷི་ལིར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱུན་ལས་གསུམ་གྱིས་དུས་ཚེས་ངེས་མེད་ཀྱི་རྒྱ་གཞུང་ལ་ཟས་བཅད་ངོ་རྒོལ་ཞིག་འགོ་འཛུགས་བྱེད་ཡོད་པ་རེད།

དབུས་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས། ད་ཐེངས་ཀྱི་ཟས་བཅད་ངོ་རྒོལ་དེ་བོད་ཀྱི་འཐབ་རྩོད་ཆེད་རང་ལུས་མེར་སྲེག་གི་རྐྱེན་པས། ད་ལྟའི་གནས་སྟངས་ཛ་དྲག་ཞིག་ཏུ་འགྱུར་ཡོད་པ་གསལ་སྟོན་དང་། རྒྱ་གཞུང་གྱིས་བོད་ནང་དྲག་པོའི་བཙན་འཛུལ་བྱེད་བཞིན་པ་དེར་ངོ་རྒོལ་བྱེད་ཆེད་ཡིན་ཞེས་གསུངས་འདུག

tyc_2012_9_3

ཟས་བཅད་ངོ་རྒོལ་ནང་མཉམ་བཞུགས་བྱེད་མཁན་དབུས་རྒྱུན་གསུམ་སྟེ། ཚོགས་གཞོན་དོན་གྲུབ་ལྷ་དར་དང་། སྒྲིག་འཛུགས་འགན་འཛིན་སྤེན་པ་ཚེ་རིང་། རིག་གཞུང་འགན་འཛིན་ཞོལ་པ་འཇིགས་མེད་བཅས་ཡིན་པ་རེད། ཚོགས་གཞོན་དོན་གྲུབ་ལྷ་དར་ནི་ལོ་སྔོན་མའི་ནང་རྒྱལ་ས་ལྡི་ལིའི་ཇན་ཏར་མན་ཏར་རུ་དུས་ཚེས་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་བྱེད་སྐབས་མཉམ་བཞུགས་བྱས་ཡོད་པ་དང་། ཉིན་གྲངས་ ༢༥ ཙམ་ཟས་བཅད་ངོ་རྒོལ་བྱས་རྗེས། སྨན་པས་སྲོག་ལ་ཉེན་ཁ་ཡོད་སྐོར་བརྗོད་པ་དང་། ཡུ་རོབ་མཉམ་འབྲེལ་གྱི་དཔོན་རིགས། དེ་མིན་གྱི་བོད་དོན་རྒྱབ་སྐྱོར་བ། བོད་མི་གནད་ཡོད་མི་སྣ་སོགས་ཀྱིས་གཟུགས་པོ་བདག་སྐྱོང་བྱེད་རྒྱུ་གལ་ཆེ་སྐོར་ཐེངས་མང་གསུངས་པར་བརྟེན། ཟས་བཅད་པ་རྣམས་སྨན་ཁང་དུ་ཁྲིད་ཡོད་པ་རེད།།

དེ་བཞིན་འདི་ལོའི་ཕྱི་ཟླ་༢ ཚེས་༢༢ ནས་གཞོན་ལྷན་གྱི་གོ་སྒྲིག་འོག ཨ་རིའི་གྲོང་ཁྱེར་ནུའུ་ཡོག་ཏུ་ཤིང་བཟའ་རིན་པོ་ཆེ་དང་། རྡོ་རྗེ་རྒྱལ་པོ། ཡེ་ཤེས་བསྟན་འཛིན་བཅས་ཀྱིས་རྒྱལ་ཚོགས་ལ་བོད་སྐྱོབ་དགོས་པའི་དགོས་འདུན་ཁག་ཅིག་བཏོན་ནས། ཟས་བཅད་ངོ་རྒོལ་བྱས་ཡོད་པ་རེད། ཕྱི་ཟླ་༣ ཚེས་༢༢ ཉིན་རྒྱལ་ཚོགས་ཀྱི་སྐུ་ཚབ་ཡོང་ནས་ཟས་བཅས་ངོ་རྒོལ་མཚམས་འཇོག་དགོས་པ་དང་། དགོས་འདུན་ཁག་ལ་རྒྱལ་ཚོགས་ཀྱི་ཞིབ་འཇུག་བྱེད་རྒྱུ་ཡིན་ཞེས་ཁས་ལེན་བྱས་པ་དང་། ད་ཐེངས་ཀྱི་ཟས་བཅད་ངོ་རྒོལ་སྐབས་ཀྱང་རྒྱལ་ཚོགས་ཀྱི་ཁས་ལེན་ཁག་མཇུག་སྐྱོང་དགོས་པའི་དགོས་འདུན་ཡང་བཏོན་ཡོད་པ་རེད།།

tyc1_2012_9_3

ལས་འགུལ་སྐབས་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་གཏམ་བཤད་སྐབས།

tyc3_2012_9_3

tyc2_2012_9_3

ལས་འགུལ་འགོ་འཛུགས་ཐོག་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷ་གད་ཏི་སིང་ཁོ་ཤི་ཡར་རེས་གཏམ་བཤད་སྐབས།

ཁྱེད་ཀྱིས་གཟིགས་མེད་སྲིད།