དྷ་ས་ས་གནས་འཐུས་ཚོགས་ཀྱི་ཚོགས་འདུ།

ཟླ་འདིའི་ཚེས་༨ ཉིན་སྐབས་བདུན་པའི་དྷ་ས་ས་གནས་འཐུས་ཚོགས་ཀྱི་ཚོགས་དུས་བཞི་པ་དེ་དྷ་སའི་ཁོར་ཡུག་ཚོགས་ཁང་དུ་འཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་གཙོ་བོ་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་སྐོར་ཡིན་པ་རེད།

ཕྱི་ལོ་༢༠༡༢ ཟླ་༣ ཚེས་༡ ནས་ཕྱི་ལོ་༢༠༡༢ ཟླ་༨ ཚེས་༣༠ བར་དྷ་ས་ས་གནས་འགོ་འཛིན་ལས་ཁང་གི་ལས་དོན་ཇི་ཞུས་ལས་བསྡོམས་སྙན་སྒྲོན་ཞུས་རྗེས།  ལས་བསྡོམས་ཐོག་བགྲོ་གླེང་མཐིལ་ཕྱིན་པ་གནང་ཡོད་པ་རེད།
དེ་བཞིན་རིང་མིན་འཚོག་རྒྱུ་ཡིན་པའི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་ཐོག  ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གདོང་ལེན་གནང་ཕྱོགས་སྐོར་ལ། ས་འཐུས་སོ་སོ་ནས་གདོང་ལེན་གནང་ཕྱོགས་ཇི་དགེ་སྐོར་དགོངས་འཆར་བསྡུ་ལེན་ཡང་གནང་སོང་།།

ཁྱེད་ཀྱིས་གཟིགས་མེད་སྲིད།