ཝཱ་ར་ཎ་སིར་བདེན་པའི་མེ་ལྕེ་སྐོར་བསྐྱོད།

ཟླ་འདིའི་ཚེས་༩ ཉིན་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤེལ་བའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དེ་ཝཱ་ར་ཎ་སི་གཙུག་ལག་སློབ་གཉེར་ཁང་དུ་འབྱོར་བ་དང་།

དེར་ས་གནས་རང་བདེན་ཚོགས་ཆུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་རྩིས་ལེན་གནང་སྟེ། ས་གནས་ཁག་ཏུ་སྐོར་བསྐྱོད་དང་། མི་མང་ཁྲོད་མཚན་རྟགས་བསྡུ་རུབ་བྱ་བཞིན་ཡོད་པ་རེད།། ས་གནས་གསར་འགོད་པ་བཅོ་ལྔ་ཚེ་རིང་གིས།

དེ་ཡང་ཟླ་འདིའི་ཚེས་ ཉིན་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དེ་གནས་མཆོག་རྡོ་རྗེ་གདན་ནས་ཝཱ་ར་ཎ་སི་གཙུག་ལག་སློབ་གཉེར་ཁང་དུ་འབྱོར་པ་དང་། དེར་ས་གནས་རང་བདེན་ཚོགས་ཆུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཞོན་ནུ་དང་བུད་མེད། ཧེ་མ་ལ་ཡ་མཐུན་ཚོགས་བཅས་ནས་རྩིས་ལེན་གནང་སྟེ། ས་གནས་ཁག་ཏུ་སྐོར་བསྐྱོད་དང་། མི་མང་ཁྲོད་མཚན་རྟགས་བསྡུ་རུབ་བྱ་བཞིན་ཡོད་པ་རེད།

ཕྱི་ཚེས་ ༡༡ ཉིན་ཕྱི་དྲོ་ཆུ་ཚོད་ ཐོག་སློབ་གྲྭའི་རྒྱ་སྒོའི་མདུན་ཐང་ནས་བདེན་པའི་མེ་ལྕེ་གདན་འདྲེན་དང་མཉམ་དུ་ཞི་བའི་གོམ་འགྲོས་ངང་བོད་དགོན་བཤད་སྒྲུབ་འདོད་དགུ་འཁྱེལ་དུ་གཞུང་འབྲེལ་གྱི་མཛད་སྒོ་འཚོགས་ཡོད་པ་དང་། མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ད་ལྟའི་སྤྱི་འཐུས་རྣམ་དག་གཙུག་ཕུད་མཆོག་དང་། རྒྱ་གར་གྱི་དམག་མི་རྒན་ཡོལ་ཟིན་པར་ཀ་ནར་མཆོག དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ལས་ཀྱི་སྣེ་མོ་བ་དང་། མི་མང་ཚང་འཛོམས་ཐོག བོད་མི་མང་སྤྱི་འཐུས་མཆོག་ནས་བདེན་པའི་མེ་ལྕེའི་སྐོར་བསྐྱོད་བྱ་དགོས་པའི་དམིགས་ཡུལ་དང་བོད་ནང་གི་བོད་མི་རྣམས་དམར་གསོད་དང་བཙོན་འཇུག གཅར་རྡུང་དང་སུན་བཙིར་སོཊ་བྱས་ཏེ་སྡུག་སྦྱོང་མནར་གཅོད་ཚད་མེད་གཏོང་བཞིན་ཡོད་ཚུལ་དང་། བོད་ནང་གི་བོད་མི་ཚོས་སོ་སོའི་ཕ་མེས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་བྱ་ཆེད། རྒྱ་གཞུང་གི་དྲག་གནོན་ཇི་ལྟར་བྱས་མིན་ལ་མ་ལྟོས་པར་བདེན་པའི་འཐབ་རྩོད་གནང་བཞིན་ཡོད་སྐོར། ལྷག་པར་དུ་ ༢༠༠༨ ལོ་ནས་རྒྱ་གཞུང་གིས་བོད་ཆོལ་ཁ་གསུམ་གྱི་བོད་མི་རྣམས་གང་བྱུང་དམར་གསོད་བཙོན་འཇུག་སྣ་ཚོཊ་བྱས་པ་དེས། བོད་ནང་གི་གནས་སྟངས་སྔར་ལས་ཛ་དྲག་ཅན་ཏུ་གྱུར་ཡོད་སྟབས། བོད་ནང་གི་བོད་མི་ཚོས་འུ་ཐུག་ཐབས་ཟད་ཐོག་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་དང་། རྒྱལ་སྤྱིའི་སྟེང་བོད་མིར་རྒྱབ་སྐྱོར་ཡོང་བའི་འབོད་སྒྲ་བསྒྲཊ་ཡོད་ཚུལ་སོཊ་ངོ་སྤྲོད་གནང་སོང་།  དེ་རྗེས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འཐུས་མི་ནས་བོད་རྒྱ་དབྱིན་གསུམ་གྱི་ཐོག་ཡོད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཀྱི་ཡིག་ཆ་དེ་སྒྲོགས་སྦྱང་གནང་སོང་བ་དང་། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་ནས་སྐར་མ་ལྔའི་རིང་བོད་མི་རིགས་ཀྱི་རང་དབང་སླར་གསོ་ཡོང་ཐབས་ལ་བོད་ཀྱི་གཞོན་སྐྱེས་རྣམས་གལ་ཆེན་པོ་ཡིན་ཚུལ་དང་། བོད་དོན་ལ་རྒྱབ་སྐྱོར་ཡོད་པ་སོགས་ཀྱི་གཏམ་བཤད་གནང་སོང་།

ལས་འགུལ་འདི་ནི་ཕྱི་ཚེས་ ༡༢ ནས་ ༡༦ བར་ཝཱ་ར་ཎ་སིའི་གྲོང་ཁྱེར་ནང་རྐང་འཁོར་བཞོན་ནས་བོད་དོན་དྲིལ་བསྒྲགས་དང་། མཚན་རྟགས་བསྡུ་རུབ་བྱ་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༡༦ ཉིན་མན་སྤར་ཊི་ཕན་བདེ་གླིང་གཞིས་ཆགས་སུ་བརྒྱུད་སྤྲོད་གནང་རྒྱུ་ཡིན་པ་རེད་འདུག

ས་གནས་ནས་གསར་འགོད་པ་བཅོ་ལྔ་ཚ་རིང་གིས།

ཝཱ་ར་ཎ་སིར་བདེན་པའི་མེ་ལྕེ་སྐོར་བསྐྱོད།

ཟླ་འདིའི་ཚེས་༩ ཉིན་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤེལ་བའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་དེ་ཝཱ་ར་ཎ་སི་གཙུག་ལག་སློབ་གཉེར་ཁང་དུ་འབྱོར་བ་དང་། དེར་ས་གནས་རང་བདེན་ཚོགས་ཆུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་རྩིས་ལེན་གནང་སྟེ། ས་གནས་ཁག་ཏུ་སྐོར་བསྐྱོད་དང་། མི་མང་ཁྲོད་མཚན་རྟགས་བསྡུ་རུབ་བྱ་བཞིན་ཡོད་པ་རེད།། ས་གནས་གསར་འགོད་པ་བཅོ་ལྔ་ཚེ་རིང་གིས།