དམིགས་བསལ་ཚོགས་ཆེན་ཐོག་བསམ་ཚུལ་བསྡུ་ལེན།

news photo from mundgod 2012  9   12 2མི་མང་དཀྱུས་མའི་ནང་མང་ཆེ་བར་གཅིག་མཚུངས་ཀྱི་བསམ་ཚུལ་ཞིག་ཡོད་པ་ནི། བཙན་བྱོལ་ནང་ལམ་དབུ་མ་དང་རང་བཙན་གཉིས་ཀྱི་ལངས་ཕྱོགས་སམ། ལྟ་གྲུབ་མཐུན་མིན་གྱི་ཐོག་ནས་ནང་ཁུལ་ཕན་ཚུན་ལ་དགག་སྒྲུབ་མི་བྱེད་པའི་བསམ་ཚུལ་དང་རེ་བ་ཤུགས་ཆེན་པོ་ཡོད་པ་དེ་རེད།

དེ་ཡང་ཟླ་འདིའི་ཚེས་༡༢ ཉིན་གྱི་ཞོགས་པ་ཆུ་ཚོད་༡༠ པའི་ཐོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་གཞིས་ལས་ཁང་གི་གོ་སྒྲིག་འོག དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་ཐོག་མི་མང་གི་བསམ་ཚུལ་བསྡུ་ལེན་གྱི་ཚོགས་འདུ་ཞིག་མོན་གྷོ་ས་གནས་མི་མང་ཚོགས་ཁང་དུ་འཚོགས་ཡོད་པ་དང་། དེ་ཡང་ཐོག་མར་ས་གནས་གཞིས་འགོ་བསོད་ནམས་བསྟན་འཛིན་གྱིས་དམིགས་བསལ་ཚོགས་ཆེན་དུ་བཅར་མཁན་ཚོ་ངོ་སྤྲོད་དང་འབྲེལ་མི་མང་ལ་ལམ་སྟོན་གནང་དོན། བསམ་ཚུལ་བཤད་རྒྱུའི་ཐོབ་ཐང་བོད་མི་སྐྱེ་བོ་ཕོ་མོ་ཚང་མ་ལ་ཡོད་པས། དམིགས་བསལ་ཚོགས་ཆེན་གྱི་བརྗོད་གཞི་དང་འབྲེལ་བ་ཡོད་པའི་དགོངས་ཚུལ་གང་མང་གསུང་རོགས་གནང་།  དེ་ཡང་བརྗོད་གཞི་དང་མི་འབྲེལ་བའི་སོ་སོ་དང་། ནང་མིའི་དཀའ་ངལ།  གཞན་ཡང་གྲོང་སྡེ་དང་གཞིས་ཆགས།  དེ་བཞིན་བཙན་བྱོལ་སྤྱི་ཚོགས་ནང་ཁུལ་གྱི་རྙོག་གླེང་དང་གནས་ཚུལ་ཆུང་ཚགས་བཅས་ཀྱི་སྐོར་ལ་བསམ་ཚུལ་དང་གླེང་སློང་མ་གནང་རོགས།  ངེས་པར་དུ་དམིགས་བསལ་ཚོགས་ཆེན་གྱི་བརྗོད་གཞི་སྟེ་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐབས་ལམ་ག་རེ་ཡོད་མེད་སྐོར་ལ་བསམ་ཚུལ་ལྷུག་པོར་གནང་རོགས་ཞེས་གསུངས་སོང་།

news photo from mundgod 2012  9   12 1མི་མང་དཀྱུས་མའི་ནང་མང་ཆེ་བར་གཅིག་མཚུངས་ཀྱི་བསམ་ཚུལ་ཞིག་ཡོད་པ་ནི། བཙན་བྱོལ་ནང་ལམ་དབུ་མའམ་རང་སྲིད་རང་སྐྱོང་དང་རང་བཙན་གཉིས་ཀྱི་ལངས་ཕྱོགས་སམ། ལྟ་གྲུབ་མཐུན་མིན་གྱི་ཐོག་ནས་ནང་ཁུལ་ཕན་ཚུན་དགག་སྒྲུབ་བྱེད་མི་སྡོད་པའི་རེ་བའམ་བསམ་ཚུལ་ཤུགས་ཆེན་པོ་འདོན་གྱི་འདུག དེ་བཞིན་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ནུས་ལྡན་པའི་ལས་འགུལ་ག་རེ་སྤེལ་དགོས་ཀྱི་འདུག  འཛམ་གླིང་རྒྱལ་སྤྱིའི་ཐོག་བོད་དོན་དྲིལ་བསྒྲགས་ཀྱི་མཚོན་རྒྱབ་སྐྱོར་བཙལ་སྟངས་ལ་སྔར་ལས་ལྷག་ནུས་ཤུགས་འདོན་དགོས་པ་དང་།  ལས་འགུལ་སྤེལ་སྟངས་དེ་ཡང་ཉིན་ཁ་ཤས་ཙམ་མིན་པར་རྒྱུན་མཐུད་ནས་སྤེལ་དགོས་པ་དང་།  བཙན་བྱོལ་བོད་མི་ཚང་མ་བོད་ལ་ལོག་རྒྱུའི་ཆོད་སེམས་བརྟན་པོ་ཡོད་དགོས་སྐོར་དང་། ལྷག་པར་དུ་ལོ་སྔོན་མ་རྣམས་སུ་དམིགས་བསལ་ཚོགས་ཆེན་དང་། རྒྱལ་ཡོངས་ཚོགས་ཆེན་བཅས་ཀྱི་སྐབས་སུ་བཞག་ཡོད་པའི་གྲོས་ཆོད་དེ་དག་ལག་བསྟར་ཐུབ་པར་འབད་བརྩོན་ངེས་པར་དུ་བྱེད་དགོས།   གལ་སྲིད་དེ་དག་ལག་བསྟར་མ་ཐུབ་པ་ཡིན་ན་ཚོགས་ཆེན་འཚོགས་པའི་དགོས་དམིགས་གང་ཡང་མེད་པ་ཆགས་པ་རེད་ཅེས་སོགས་བསམ་ཚལ་ལྷུག་པོར་གསུངས་སོང་།

མོན་གྷོ་ས་གནས་གསར་འགོད་པས།

ཁྱེད་ཀྱིས་གཟིགས་མེད་སྲིད།