ཁམས་རྫོགས་ཆེན་དུ་སེམས་བསྐྱེད་འབུལ་མཆོད།

ཕྱི་ཟླ་༩ པའི་ཚེས་༡༩ ཉིན་ཁམས་སྡེ་དགེ་རྫོགས་ཆེན་དགོན་དུ་ ༧གོང་ས་མཆོག་གི་སྐུ་ཚེ་ཞབས་པད་བརྟན་དང་། སྐུ་གཤེགས་པའི་རྒྱལ་གཅེས་དཔའ་བོ་རྣམས་ལ་བསྔོ་སྨོན་གསུངས་ཡོད་པ་རེད།

བོད་ཟླ་ ༨ པའི་ཚེས་༤ ཕྱི་ཟླ་༩ པའི་ཚེས་༡༩ ནས་ཉིན་གསུམ་རིང་ཁམས་སྡེ་དགེ་རྫོགས་ཆེན་དགོན་དུ་པད་མ་ཐང་སྒྲུབ་སྡེ་རུ། རིས་མེད་སྐྱེས་ཆེན་དང་དགེ་འདུན་ཞལ་གྲངས་བརྒྱད་སྟོང་ལྷག་འདུ་འཛོམས་ཀྱིས་༧གོང་ས་མཆོག་གི་སྐུ་ཚེ་ཞབས་པད་བརྟན་ཆེད་དང་ཐུགས་བསྐྱེད་མྱུར་འགྲུབ་ཡོང་བ་དང་། དེ་བཞིན་གངས་ལྗོངས་བསྟན་འགྲོའི་བདེ་དོན་ཆེད་སྐུ་གཤེགས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་བསྔོ་སྨོན་ཟབ་རྒྱས་གསུངས་ཡོད་པ་རེད།

འབྲེལ་ཡོད་ནས་བརྗོད་ན་༧གོང་ས་མཆོག་གི་ཞབས་བརྟན་ད་ལོ་འདིར་ཐེངས་དགུ་བ་ཆགས་ཡོད་པ་དང་།
འདི་ལོར་དམིགས་བསལ་མདོ་དབུས་ཁམས་གསུམ་ནས་སྔར་བས་མང་བའི་གྲྭ་པ་དང་བཙུན་མ་ཕེབས་འདོད་ཆེ་ནའང་། རྒྱ་གཞུང་གིས་བཀག་སྡོམ་བྱས་པས་ཉེ་འཁོར་ཁམས་ཕྱོགས་ཀྱི་དགོན་སྡེ་རྣམས་གཙོ་བོ་ཡིན་སྐོར་གསུངས་སོང་།།
གནས་ཚུལ་མཁོ་གཏོང་བ་གྲགས་པ།

kham_zongchen1kham_zongchen

ཁྱེད་ཀྱིས་གཟིགས་མེད་སྲིད།