བོད་མི་༥༡ གིས་རང་ལུས་མེར་སྲེག་སྐོར་གྱི་གློག་བརྙན།

the burning question༢༠༠༩ ལོ་ནས་བོད་ནང་རང་ལུས་སྲེག་གི་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་བོད་མི་༥༡ བྱུང་བ་ཁག་ཕྱོགས་བསྒྲིགས་དང་། དེའི་རྒྱབ་ལྗོངས་བཅས་ཀྱི་སྐོར་ལ་གློག་བརྙན་ཞིག་བཟོས་འདུག

གློ་བརྙན་དེ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་བཟོ་སྐྲུན་བྱས་པ་ཞིག་ཡིན་པ་དང་། དབུ་འབྱེད་མཛད་སྒོ་ཞིག་ཟླ་འདིའི་ཚེས་༢༤ ཕྱི་དྲོ་དྷ་ས་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་ཚོགས་པ་དང་། དེ་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་དང་། དྲུང་འཕར་བཀྲ་ཤིས་ཕུན་ཚོགས་གཉིས་ཀྱིས་གློག་བརྙན་ངོ་སྤྲོད་དང་། གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་པ་རེད།
the burning question1དྲུང་འཕར་བཀྲ་ཤིས་ཕུན་ཚོགས་ཀྱིས། “བོད་ནང་གི་རང་ལུས་མེར་སྲེག་གི་ལས་འགུལ་བྱུང་བས། རྒྱལ་སྤྱིའི་ཐོག་བོད་ཀྱི་ཆབ་སྲིད་ཀྱི་གདན་དོན་གསེད་གྲོལ་ཡོང་ཐབས་དང་། ལས་འགུལ་དེའི་འབྱུང་རྐྱེན། བོད་ནང་གི་བོད་མི་ཚོའི་དགོས་འདུན་ཁག་གསལ་པོ་མཁྱེན་ཆེད་དུ་ཡིན་ལ། གློག་བརྙན་དེ་མཉམ་ཞིབ་ཀྱིས་བྱས་ཏེ་ཕྱོགས་སྒྲིག་བྱས་པ་ཞིག་ཡིན་ཞེས་”ཞེས་གསུངས་སོང་།

གློག་བརྙན་དེའི་དབྱིན་ཇི་སྐད་ཡིག་ཐོག་བཟོས་ཡོད་པ་དང་། དེའི་ནང་བོད་ཀྱི་ཆབ་སྲིད་ཀྱི་གནས་བབས་དང་། ད་ལྟ་བོད་ནང་གི་ཆོས་དད་རང་དབང་སྐོར། འབྲོག་པའི་ས་ཆའི་བདག་དབང་ལ་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་བཅུག་ཡོད་པ་རེད།།

ཁྱེད་ཀྱིས་གཟིགས་མེད་སྲིད།