སྲིད་སྐྱོང་མཆོག་གིས་གཞུང་འབྲེལ་ཕྱོགས་བསྐྱོད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ ཨ་རི་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ། དབྱིན་ཡུལ། ཨི་ཊ་ལི་བཅས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་ལ་ཕེབས་ཡོད་པ་རེད།

དེ་ཡང་སྲིད་སྐྱོང་མཆོག་ཟླ་འདིའི་ཕྱི་ཚེས་ ༤ ཉིན་གྱི་ཕྱི་དྲོ་དྷ་ས་ནས་ཐོན་ཏེ། མེ་འཁོར་བརྒྱུད་ཕྱི་ཚེས་ ༥ ཉིན་ལྡི་ལིར་འབྱོར་རྗེས། སྙན་གྲགས་ཆེ་བའི་གསར་འགྱུར་བརྒྱུད་ལམ་གྱི་རྩོམ་སྒྲིག་པ་ཁག་གཅིག་ལ་དབུ་མའི་ལམ་སྐོར་གསུང་བཤད་གནང་རྒྱུ་དང་། ཕྱི་ཚེས་ ༦ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་ཨ་རིའི་བྷོ་སེ་ཊོན་ལ་འབྱོར་རྗེས་ཕྱི་ཚེས་ ༡༩ བར་ཧར་ཝཀ ཀོ་ལམ་པི་ཡ། ནིའུ་ཡོཀ ཝར་ཇི་ནི་ཡ། མེ་ནི་སོ་ཊར་བཅས་སུ་ལས་འཆར་གནང་རྒྱུ་ཡིན་འདུག

དེ་བཞིན་ཕྱི་ཚེས་ ༢༠ ཉིན་པ་རཀ་ས་གནས་ཀྱི་ལས་འཆར་བསྒྲུབ་རྗེས། ཕྱི་ཚེས་ ༢༢ པ་རཀ་ནས་ལོན་ཌོན་དུ་ཕེབས་ཏེ། ཕྱི་ཚེས་ ༢༣ ཉིན་ས་གནས་སུ་ལས་འཆར་གནང་རྒྱུ་དང་། ཕྱི་ཚེས་ ༢༤ ཉིན་ལོན་ཌོན་ནས་རོམ་ལ་ཕེབས་འབྱོར་གྱིས་ས་གནས་ཀྱི་ལས་འཆར་བསྒྲུབ་རྗེས། ཕྱི་ཚེས་ ༢༧ ཉིན་མི་ལན་ནས་ལོན་ཌོན་བརྒྱུད་ལྡི་ལི་དང་། དེ་ནས་རྡ་སར་འབྱོར་གནང་རྒྱུ་ཡིན་འདུག

ཁྱེད་ཀྱིས་གཟིགས་མེད་སྲིད།