ས་གནས་འགོ་འཛིན་དང་མཉམ་འབྲེལ་གྱི་ཚོགས་འདུ་བགྲོ་གླེང་།

dolma1_2013_8_26ཟླ་འདིའི་ཚེས ༢༣ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་བོད་མིའི་གཆགས་སུ། བོད་མིའི་སྒྲིག་འཛུགས་ཀྱི་ནང་བཀའ་བློན་རྒྱ་རི་སྒྲོལ་མའི་གཙོ་སྐྱོང་འོག བཙན་བྱོལ་བོད་མིའི་སོ་ནམ་གཞིས་ཆགས་ཁག་ ༡༤ ས་གནས་འགོ་འཛིན་རྣམས་དང་།

བོད་མིའི་མཉམ་འབྲེལ་ཁག་བཅོ་ལྔའི་ཚོགས་གཙོ་དང་དྲུང་ཆེ་བཅས་མཉམ་འཛོམས་ཀྱིས་ཕན་ཚུན་བོད་མིའི་གཞིས་ཆགས་ཁག་གི་ནང་ལས་དོན་བྱེད་ཕྱོགས་སུ་བསམ་བློ་དང་། ཉམས་མྱོང་བརྗེ་རེས་ཀྱི་ཚོགས་འདུ་ཞིག་འཚོགས་ཡོད་པ་རེད།

 

དེ་ཡང་སྐབས་དེར་ནང་སྲིད་བཀའ་བློན་རྒྱ་རིའི་སྒྲོལ་མས་སྐྱོང་འོག ནང་སྲིད་དྲུང་ཚབ་དོན་གྲུབ་རྡོ་རྗེ་དང་། ནང་སྲིད་སོ་ནམ་སྡེ་ཚན་གྱི་འགན་འཛིན་འཆི་མེད་རིགས་འཛིན། དེ་བཞིན་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཀྱི་ཚོགས་གཙོ་པདྨ་བདེ་ལེགས་སོགས་ཀྱིས། མཉམ་འབྲེལ་དང་གཞིས་ཆགས་ལས་ཁང་ཁག་གིས་གཅིག་སྒྲིལ་གྱི་ནུས་པ་གཅིག་ཏུ་སྤུངས་ཐབས་དང་འབྲེལ་བའི་དགོངས་ཚུལ་གསུངས་པ་ཟད། ཕྱོགས་མཐའ་ཁག་ནས་ཕེབས་པའི་སོ་ནམ་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་དང་། མཉམ་འབྲེལ་གྱི་ཚོགས་གཙོ་དྲུང་ཆེ་བཅས་ཀྱིས་ལས་དོན་བྱེད་ཕྱོགས་ཐོག་རང་རང་གི་བསམ་ཚུལ་གསུངས་ཡོད་པ་རེད།

ཉམས་མྱོང་དང་བསལ་བློ་བརྗེ་རེས་ཀྱི་ཚོགས་འདུ་འདི་འཚོགས་པའི་དགོས་པའི་དམིགས་ཡུལ་སྐོར་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མས་གསར་འགོད་པར་བརྗོད་པ་ལྟར། སྤྱིར་བཏང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་ས་གནས་མཉམ་འབྲེལ་དང་ས་གནས་འགོ་འཛིན་ལས་ཁང་མཉམ་རུབ་ཀྱིས་ཕྱག་ལས་གནང་བཞིན་པ་ཡོད་པ་ཡིན་ནའང་། དེ་རིང་འདིར་མཉམ་འཛོམས་བྱས་ནས་ཉམས་མྱོང་བརྗེ་རེས་བྱས་པ་ཡིན་ན། གཅིག་སྒྲིལ་གྱི་ནུས་པ་ཞིག་འདོད་ཐུན་པ་དང་། གཅིག་སྒྲིལ་གྱི་ནུས་པའི་ཐོག་ནས་སྔར་ལས་ལྷག་པའི་གཞིས་ཆགས་སྲ་བརྟན་ཡོང་བ་ལ་ཕན་ཐོགས་ཡོང་བ་དང་། ཕན་ཚུན་ངོ་ཤེས་པ་དང་གོ་བརྡ་འཕྲོད་པ་ཡོང་ཐུབ་པའི་ཆེད་དུ་ཡིན་ཞེས་འགྲེལ་བརྗོད་གནང་སོང་།

dolma2_2013_8_26ཉིན་གཅིག་རིང་གི་ཚོགས་འདུ་དེའི་ཐོག་དམིགས་བསལ་ཐག་གཅོད་དང་གྲོས་ཆོད་སོགས་གང་ཡང་བྱུང་བཞག་མེད་ནའང་། ས་གནས་འགོ་འཛིན་རྣམས་དང་མཉམ་འབྲེལ་ཁག་གི་བར་ཕན་ཚུལ་ཁྲིམས་སྒྲིག་དང་མཐུན་པའི་ཐོག་ནས་བརྩི་བཀུར་དང་། ཡིན་ལུགས་ཚུལ་མཐུན་གྱི་ལས་དོན་མཉམ་ལས་བྱེད་རྒྱུ་གལ་ཆེན་དུ་མཐོང་ཡོད་སྐོར་ཚོགས་ཞུགས་པ་ཚོས་བརྗོད་བཞིན་འདུག

དེ་མིན་ཟླ་འདི་ཚེས་ ༢༡ ནས་ ༢༣ བར་རྒྱ་གར་ཧོན་སུན་རབ་རྒྱས་གླིང་དུ་བཙན་བྱོལ་བོད་མིའི་སོ་ནམ་གཞིས་ཆགས་ཁག་གི་སོ་ནམས་ཚོགས་ཆེན་ཐེངས་དགུ་པ་འཚོགས་ནས་མཇུག་བསྡུས་ཡོད་པ་དང་། སོ་ནམ་ཚོགས་ཆེན་ཐོག་བཙན་བྱོལ་བོད་མིའི་སོ་ནམ་གཞིས་ཁག་༡༥ ཡོད་པའི་ནང་ནས་ས་གནས་ཁག་༡༤ ས་གནས་འགོ་འཛིན་ཕེབས་འབྱོར་བྱུང་ཡོད་པ་དང་། ཚོགས་བཅར་བ་ཚང་མས་ཉིན་གསུམ་གྱི་རིང་ལ་ས་གནས་སོ་སོའི་ལས་བསྡོམས་དང་རྩིས་ཁྲ་སྒྲོགས་སྦྱང་། བསྐྱར་ཞིབ་བཅས་བྱས་ཡོད་པས་མ་ཚད། གཞིས་ཆགས་སྲ་བརྟན་ཡོང་ཐབས་སྤྱི་དང་། ལྷག་པར་དུ་རྒྱ་གར་གཞུང་གིས་བོད་མིར་ས་ཆ་བོགས་མ་གནང་ཡོད་པ་དེ་དག་བེད་སྤྱོད་གང་ལེགས་ཡོང་ཐབས་སྐོར་གྲོས་ཆོད་བཞག་ཡོད་པ་རེད་འདུག

གཞན་ཡང་སྦེལ་ཀོབ་ས་གནས་སུ་བོད་མཉམ་འབྲེལ་ཁག་ཅོ་ལྔའི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༣ པ་དེ་ཡང་ཟླ་འདིའི་ཚེས་ ༢༠ ནས་ཚེས་ ༢༢ བར་ཉིན་གསུམ་གྱི་རིང་འཚོགས་ཏེ། མཉམ་འབྲེལ་ཁག་གི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་གྲོས་ཆོད་ ༢༠ བཅས་བཞག་ཐུབ་པ་བྱུང་ཡོད་པ་རེད།

མེ་སོར་གསར་འགོད་པས།

ཁྱེད་ཀྱིས་གཟིགས་མེད་སྲིད།