lobsang la

བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུགས་ཐེངས་ལྔ་པ་མཇུག་བསྒྲིལ་འདུག

ཁེ་ན་ཌར་གནས་སྡོད་བྱེད་མཁན་པདྨ་བཀོད་པའི་བོད་མི་ཁག་ཅིག་གིས་སྤྱི་ལེ་༤༥༠ ཙམ་ཡོད་པའི་ཁེ་ན་ཌའི་རྒྱལ་ས་ཨོ་ཌ་བ་(Ottawa) ་ནས་ཀྲོ་རོན་ཀྲོ་(Toronto) ་བར་བོད་དོན་དྲིལ་བསྒྲགས་ཀྱི་ཞི་བའི་རྒྱང་རྒྱུགས་ཐེེངས་ལྔ་པ་དེ། ཟླ་འདིའི་ཚེས་༦ ཉིན་ཀྲོ་རོན་ཀྲོ་ལ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་བོད་མི་ཚོས་ཞི་བའི་རྒྱང་རྒྱུགས་པ་ཚོ་བསུ་བ་དང་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ནས་ལས་འགུལ་མཇུག་བསྒྲིལ་འདུག ཁེ་ན་ཌ་ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་ངོ་དེབ་ཐོག་སྤེལ་བའི་ཐད་སྲིང་བརྙན་ཐུང་ལྟར་ན། སྐབས་དེར་ལས་འགུལ་བ་པདྨ་ཀུན་དགའ་ཡིས། རྒྱ་གཞུང་གིས་བོད་ནང་གཏན་འཇགས་སློབ་གྲྭ་བཙུགས་པ་དེ་བོད་ཕྲུག་ཚོ་ལ་སློབ་སྦྱོང་སྤྲད་ནས་ཡག་པོ་བཟོ་རྒྱུ་དེ་མ་ཡིན་པར། བོད་ཀྱི་སྐད་དང་རིག་གཞུང་རྩ་མེད་གཏོང་ཆེད་གཏན་འཇགས་སློབ་གྲྭ་ཁག་བཙུགས་ཡོད་པ་དང་། རང་དབང་ལུང་པར་ཡོད་མཁན་མི་རེ་ངོ་རེར་བོད་དོན་འཐབ་རྩོད་བྱེད་རྒྱུའི་འགན་ཡོད་པ། ཐེངས་འདིའི་ལས་འགུལ་དང་འབྲེལ་ས་གནས་ཁག་གི་བོད་མི་མང་པོས་རྒྱབ་སྐྱོར་གནང་སྐོར། ལྷག་པར་དུ་ལས་འགུལ་ནང་མཉམ་ཞུགས་གནང་མཁན་གཞོན་སྐྱེས་གཅིག་ལོ་བཅོ་བརྒྱད་ཡིན་པ་སོགས་ལས་འགུལ་ནང་མཉམ་ཞུགས་དང་རྒྱབ་སྐྱོར་གནང་མཁན་ཚང་མ་ལ་ཐུགས་རྗེ་ཆེ་ཞུས་གཏམ་བཤད་གནང་འདུག ལས་འགུལ་དེ་ཕྱི་ཟླ་༩ ་ཚེས་༣༠...

ཆབ་སྲིད་བཙོན་ཟུར་ཐུབ་བསྟན་ཡེ་ཤེས་དགོངས་པ་རྫོགས་འདུག

ཕྱི་ཟླ་༩ ་པའི་ཚེས་༢༨ ་ཉིན་གྱི་དགོང་མོ་ཆབ་སྲིད་བཙོན་ཟུར་ཐུབ་བསྟན་ཡེ་ཤེས་བོད་ཀྱི་རྒྱལ་ས་ལྷ་སར་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག ཁོང་ནི་ཕྱི་ལོ་༡༩༥༠ ་ལོར་མལ་དྲོ་གུང་དཀར་རྫོང་ཁོངས་རྒྱ་མ་མདའ་ཤར་ལ་འཁྲུངས་ཤིང་། རང་ལོ་བརྒྱད་ནས་བཅུ་བཞི་བར་སློབ་ཆུང་འགྲིམས། དེ་རྗེས་ཁྱིམ་ནང་དུ་ཞིང་ལས་བྱས་ནས་བསྡད། ཕྱི་ལོ་༡༩༩༢ ཟླ་༦ ་ཚེས་༡༢ ་ཉིན་མལ་དྲོ་རྒྱ་མར་ལས་དོན་ཚོགས་ཆུང་ཟེར་བས་རྒྱ་མ་གྲོང་བརྡལ་ནང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་ཕྱོགས་བསྡོམས་དང་ལས་བྱེད་འདེམས་བསྐོའི་ཚོགས་ཆེན་ཟེར་བ་འགོ་བཙུགས་པ་དང་བསྟུན། ཁོང་དང་རོགས་པ་བཞིས་ཚོགས་ཆེན་དུ་བསྐྱོད་དེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ནས་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཡིན། རྒྱ་དམར་བོད་ནས་ཕྱིར་ཐོན་དགོས། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་སོགས་ཀྱི་འབོད་སྒྲ་བསྒྲགས་པར་བརྟེན། རྒྱ་གཞུང་གིས་ཁོང་རྣམས་འཛིན་བཟུང་བྱས།...

བོད་ཀྱི་གཞོན་ནུ་ཚོགས་པས་རྒྱ་ནག་དམར་ཤོག་ཚོཌ་པ་དབུ་བརྙེས་པའི་ཉིན་མོ་ཟེར་བ་དང་བསྟུན་ནས་ལྡི་ལིར་ལས་འགུལ་སྤེལ།

དེ་རིང་རྒྱ་ནག་དམར་ཤོག་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་༧༥ འཁོར་བའི་དུས་ཆེན་ཟེར་བ་ཡིན་འདུག་པས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་རྣམས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་མ་ཟད། གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ཆེད་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དེ་ཡང་ཉིན་འདི་དང་བསྟུན་ནས་མཇུག་བསྒྲིལ་འདུག ཟླ་འདིའི་ཚེས་༡ ་ཉིན་རྒྱ་གཞུང་གིས་དམར་ཤོག་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་༧༥ འཁོར་བའི་དུས་ཆེན་སྲུང་བརྩི་ཟེར་བ་ཞུ་བཞིན་ཡོད་པ་དང་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དང་བླང་ལས་འགུལ་བ་ཁག་ཅིག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག་ལ། གཞན་ཡང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལྡེ་ར་རྡུན་ནས་ལྡི་ལི་བར་རྒྱ་གཞུང་ལ་ངོ་རྒོལ་ཆེད་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བ་དེ། ཕྱི་ཟླ་༩ ་ཚེས་༣༠ ་ཉིན་གྱི་ཕྱི་དྲོར་ལྡི་ལི་བསམ་ཡས་གླིང་དུ་འབྱོར་ཞིང་། དེར་ལས་འགུལ་གྱི་མཇུག་སྡོམ་མཛད་སྒོ་ཞིག་ཚོགས་ནས་ལས་འགུལ་མཇུག་ལེགས་པར་གྲུབ་འདུག་ལ། རྐང་འཁོར་སྐོར་སྐྱོད་ལས་འགུལ་གྱི་མཇུག་སྡོམ་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨྰ་ཅྰརྱ་ཡེ་ཤེས་ཕུན་ཚོགས་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་མ་དྷན་ལ(Madan...

༧གོང་ས་མཆོག་ནས་ཐའེ་ཝན་གྱི་རྒྱ་རིགས་དད་ལྡན་བ་གཙོས་པའི་ཆོས་ཞུ་བ་༧༠༠༠ ལྷག་ལ་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བསྩལ།

ཟླ་འདིའི་ཚེས་༣༠ ་ཉིན་གྱི་ཞོགས་པ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐའེ་ཝན་བ་གཙོས་པའི་དད་ལྡན་ཆོས་ཞུ་བ་བདུན་སྟོང་ལྷག་ལ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་དང་བྱང་སྡོམ་འབོག་ཆོག་གི་ཆོས་འབྲེལ་བཀའ་དྲིན་བསྩལ་སོང་། སྐབས་དེར་༧གོང་ས་མཆོག་གིས་སྐུ་ཉིད་ཀྱི་འཁྲུངས་ས་དང་རྗེ་རིན་པོ་ཆེའི་འཁྲུངས་སའི་བར་ཐག་ཧ་ཅང་ཉེ་བོ་ཡོད་པ་དང་། མགོན་པོ་གང་ཉིད་ཀྱི་དགོངས་པ་བཞེས་སྟངས་སོགས་རྗེ་རིན་པོ་ཆེ་དང་འདྲ་བོ་ཡོད་པ། སྤྱིར་སངས་རྒྱས་པའི་ཆོས་དང་། ལྷག་པར་དུ་བོད་ཀྱི་བསྟན་པའི་དོན་དུ་རྗེ་རིན་པོ་ཆེས་བསམ་བཞིན་དུ་སྲིད་པ་བཟུང་བ་ཧ་ཅང་གསལ་བོ་ཡིན་པ། གོང་ས་མཆོག་ཉིད་ཀྱང་རྗེ་རིན་པོ་ཆེའི་རྣམ་ཐར་ནང་བཞིན་བྱས་ཏེ་བསམ་བཞིན་དུ་སྲིད་པ་བཟུང་བ་ཞིག་ཕལ་ཆེར་ཡིན་པའི་ཁུལ་ཡིན་པ། མགོན་པོ་གང་ཉིད་ཀྱིས་གཟབ་གཟབ་མ་བྱས་ན་རྗེ་རིན་པོ་ཆེ་ཨ་མདོ་ཡིན་པ་དང་ཨ་མདོའི་ཞབས་འདྲེན་ཞུ་གི་ཡོད་པ། དེ་བཞིན་ ང་ཚོའི་གནས་སྟངས་བཙན་བྱོལ་བ་ཞིག་ཆགས་ཡོད་ན་ཡང་། སངས་རྒྱས་པའི་ཆོས་ལ་ཡིན་གཅིག་མིན་གཅིག་ལུང་པ་ཞིག་ཡོད་མི་དགོས་པ། ད་ལྟ་སངས་རྒྱས་པའི་ཆོས་འཛམ་གླིང་ཀུན་ལ་ཁྱབ་པ་ཞིག་ཆགས་ཡོད་པའི་སྐོར། མགོན་པོ་གང་ཉིད་ལ་མཚོན་ན། སངས་རྒྱས་པའི་ཆོས་སྤྱི་དང་།...

འཇམ་དབྱངས་བསྟན་འཛིན་གྱི་རྐང་འཁོར་སྐོར་སྐྱོད་བོད་དོན་ལས་འགུལ་ཐེངས་ལྔ་པ་འགོ་བཙུགས།

ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་གྱིས་མོན་རྟ་དབང་ནས་རྒྱལ་ས་ལྡི་ལི་བར་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོང་སྐོར་སྐྱོད་ལས་འགུལ་ཐེངས་ལྔ་པ་དེ་སྤེལ་འགོ་བཙུགས་འདུག དེ་རིང་ཕྱི་ལོ་༡༩༨༧ ཟླ་༩ཚེས་༢༧ ་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་བྱས་ནས་མི་ལོ་ཧྲིལ་པོ་༣༧ ་འཁོར་བའི་དུས་དྲན་དང་བསྟུན། བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་གྱིས་མོན་རྟ་དབང་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་བོད་དོན་དྲིལ་བསྒྲགས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་ཐེངས་ལྔ་པ་དེ་སྤེལ་འགོ་བཙུགས་ཡོད་འདུག་པ་དང་། ཐེངས་འདིའི་ལས་འགུལ་གྱི་དགོས་འདུན་དོན་ཚན་གསུམ་བཏོན་པ་དག་ནི། གཅིག་ནི་དགྲ་བོ་རྒྱ་དམར་སྲིད་གཞུང་ནས་མ་དག་བདག་བཟུང་བྱས་པའི་བོད་རྒྱལ་ཁབ་དེ་བཞིན་ཆ་རྐྱེན་གང་ཡང་མེད་པར་བོད་མིར་ཚུར་སྤྲད་དགོས་པའི་བརྡ་ལེན། གཉིས་ནི་དགྲ་བོ་རྒྱ་དམར་སྲིད་གཞུང་གིས་བོད་ཀྱི་སྒེར་བཙུགས་སློབ་གཉེར་ཁང་རྣམས་བཙན་ཐབས་ཀྱིས་སྒོ་བརྒྱབ་ཏུ་བཅུགས་ནས་བོད་མི་རིགས་རྩ་མེད་བཟོ་རྒྱུའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་མུས་ཡིན་པ་མཚམས་འཇོག་དགོས་པ། གསུམ་ནི་རྒྱ་གར་གཞུང་དམངས་གཉིས་ནས་བོད་ཀྱི་གནད་དོན་གལ་ཆེར་བཟུང་བའི་ཐོག་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་སྔར་ལྷག་གནང་རྒྱུའི་རེ་བ་ཞུ་རྒྱུ་བཅས་ཡིན་འདུག གཞན་ཡང་ན་ནིང་ཕྱི་ཟླ་༡༠ ་ཚེས་༡༢ ནས་ཟླ་བ་གཅིག་ཙམ་གྱི་རིང་། ང་ཚོས་བོད་ནམ་ཡང་མ་བརྗེད་ཅེས་པའི་འབོད་ཚིག་འོག་བཞུགས་སྒར་དྷ་ས་ནས་གནས་མཆོག་རྡོ་རྗེ་གདན་བར་གྲོང་གསེབ་དུ་མར་བརྒྱུད་ནས་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་མ་ཟད། ལོ་དེའི་ཕྱི་ཟླ་༡༢...

གོང་ས་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཀང་ར་རྫོང་གི་ཆེས་མཐོའི་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་འདུག

ཟླ་འདིའི་ཚེས་༢༤ ཉིན་རྡ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་གྱི་གོ་སྒྲིག་འོག་༧གོང་ས་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཀང་ར་རྫོང་གི་རྫོང་དཔོན་ཧེ་མ་རཱཇ་བེ་ཝར་བཱ་ (Hemraj Bairwa) ལགས་དང་། རྫོང་དཔོན་གཞོན་པ་སོའོ་རཱ་བྷེ་ཇཱ་སལ་(Saurabh Jassal) ལགས། སྐུ་ཞབས་ཧ་རེས་གྷ་ཇུ་(Harris gaju) དང་སྐུ་ཞབས་སན་ཇི་ཨིབ་བྷོཊ་(Sanjeev bhott) ་བཅས་ལ་མཇལ་ཁ་བསྩལ་འདུག སྐབས་དེར་༧གོང་ས་མཆོག་གིས་སྐུ་ཉིད་ཀྱི་མྱོང་ཚོར་དང་འབྲེལ་རྒྱ་གར་ནི་མགོན་པོ་གང་ཉིད་གཏན་སྡོད་ཀྱི་ཁྱིམ་གཞིས་ཡིན་པ་དང་། ལྷག་པར་དུ་རྡ་རམ་ས་ལའི་མཛེས་སྡུག་གིས་འཛམ་གླིང་གང་ས་ནས་ཕེབས་པའི་ཡུལ་སྐོར་བ་ཚོའི་ཡིད་དབང་འཕྲོག་གི་ཡོད་པ་དང་།...

ཨི་སི་རེལ་དེ་ཧེ་ཛི་བྷོ་ལའི་དགྲ་བོ་ཨང་དང་པོ་ཆགས་ཡོད་འདུག

ཟླ་འདིའི་ཚེས་༢༤ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨི་སི་རེལ་གྱིས་ལེ་བྷེ་ནོན་གྱི་ལྷོ་ཕྱོགས་དང་ཤར་ཕྱོགས་སུ་གནམ་གྲུས་གཏོར་རྒོལ་བྱས་ནས་མི་གྲངས་༥༠༠ བསད་ཅིང་མི་གྲངས་༡༦༠༠ ལྷག་ལ་རྨས་སྐྱོན་བཏང་ཡོད་འདུག་པ་དང་། ཕྱོགས་གཉིས་བར་གྱི་འཁྲུག་རྩོད་དེ་ནི་ལོ་ངོ་བཞི་བཅུའི་སྔོན་ནས་འགོ་བཙུགས་པ་ཞིག་ཆགས་ཡོད་འདུག བདུན་འདིའི་རེས་གཟའ་ཟླ་བའི་ཉིན་ཨི་སི་རེལ་གྱི་གནམ་གྲུས་ལེ་བྷེ་ནོན་ཞེས་པའི་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་དང་ཤར་ཕྱོགས་སུ་གཏོར་རྒོལ་བྱས་ནས་ཡུལ་དེའི་མི་གྲངས་༥༠༠ ལྷག་བསད་ཅིང་དེའི་ཁྲོད་དུ་བྱིས་པ་༣༥ ་ཡང་ཚུད་ཡོད་འདུག མི་གྲངས་༡༦༠༠ ལྷག་ལ་རྨས་སྐྱོན་བཏང་ཡོད་པ་ནི་ན་ནིང་ཨི་སི་རེལ་དང་ཧ་མ་སིའི་དམག་འཁྲུག་འགོ་བཙུགས་ནས་བཟུང་གཏོར་རྒོལ་གྱི་གཞི་རྒྱ་ཆེ་ཤོས་སུ་གྱུར་ཡོད་འདུག ཕྱི་ལོ་༡༩༧༨ ལོར་ཨི་སི་རེལ་གྱིས་ལེ་བྷེ་ནོན་གྱི་ལྷོ་ཕྱོགས་ས་ཁུལ་ཁག་ལ་བཙན་འཛུལ་བྱས་ནས་ཕྱི་ལོ་༡༩༨༢ ལོར་ས་ཁུལ་དེར་ཡོད་པའི་པ་ལི་སི་ཐན་གྱི་འཇབ་དམག་ཡོངས་རྫོགས་མཐའ་སྐྲོད་བཏང་ཡོད་པར་བརྟེན། ཨི་སི་རེལ་ལ་ཁ་གཏད་གཅོག་ཆེད་ཤི་ཡ་(Shia)...

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་འགོ་བཙུགས་འདུག

ཟླ་འདིའི་ཚེས་༢༤ ་ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དགྲ་བོ་རྒྱ་དམར་གཞུང་གིས་བོད་ནང་རིག་གཞུང་རྩ་མེད་གཏོང་མཚམས་འཇོག་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ནང་མི་སྤྱོད་ལས་འདས་པའི་རྒྱ་གཞུང་གི་བྱ་སྤྱོད་ལ་གནོན་ཤུགས་སྤྲོད་དགོས་པ་སོགས་དགོས་འདུན་དོན་ཚན་གསུམ་གྱི་ཐོག རྒྱ་གཞུང་ལ་ངོ་རྒོལ་གྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་ཞིག་རྒྱ་གར་བྱང་པྱོགས་བདེ་སྐྱིད་གླིང་ནས་འགོ་འཛུགས་གནང་འདུག ཐེངས་འདིའི་ལས་འགུལ་ནང་རྒྱ་གར་བྱང་ཕྱོགས་ཁུལ་གྱི་ས་གནས་གཞོན་ནུའི་དང་བླང་ལས་འགུལ་བ་༥༠ ་ཙམ་མཉམ་ཞུགས་བྱས་ཡོད་འདུག་ལ། ཟླ་འདིའི་ཚེས་༢༤ ་ནས་ཕྱི་ཟླ་༡༠ ་ཚེས་༡ ་བར་རྒྱ་གར་བྱང་ཕྱོགས་བདེ་སྐྱིད་གླིང་ནས་རྒྱལ་ས་ལྡི་ལི་བར་རྐང་འཁོར་སྐོར་སྐྱོད་བྱེད་རྒྱུ་རེད་འདུག ལས་འགུལ་གྱི་དམིགས་ཡུལ་དང་དགོས་འདུན་ནི། དགྲ་བོ་རྒྱ་དམར་སྲིད་གཞུང་ནས་བོད་ནང་རིག་གཞུང་རྩ་མེད་གཏོང་མཚམས་མྱུར་དུ་འཇོག་དགོས་པ། རྒྱ་གཞུང་ནས་བོད་ནང་མི་སྤྱོད་ལས་འདས་པའི་བྱ་ངན་སྣ་ཚོགས་སྤེལ་མུས་ཡིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ནས་དུས་མཚམས་ཀྱི་གནོན་ཤུགས་དང་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ། རྒྱ་གར་གཞུང་དམངས་གཉིས་ནས་རྒྱ་གར་གྱི་བདེ་འཇགས་དང་ཞི་བདེ་སོགས་ལ་དམིགས་ཏེ་བོད་རང་བཙན་གྱི་བདེན་པའི་གནས་བབ་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་བཅས་ཆགས་ཡོད་འདུག ཐེངས་འདིའི་ལས་འགུལ་དང་འབྲེལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་།...

ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་རྙོག་ཇེ་ཆེ་དང་ཨ་རིས་ཧྥི་ལི་ཕིན་ནང་གོ་མཚོན་འགོག་རྒོལ་མ་ལག་བཞག་པ་ལ་རྒྱ་ནག་གི་སྐྱོན་བརྗོད།

ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་བདག་དབང་ཐད་རྒྱ་ནག་དང་ཧྥི་ལི་ཕིན་བར་རྩོད་རྙོག་ཆེན་པོ་ཡོང་བཞིན་ཡོད་འདུག་པ་དང་། ཨ་རིས་ཧྥི་ལི་ཕིན་ནང་གོ་མཚོན་འགོག་རྒོལ་མ་ལག་བཞག་ཡོད་འདུག་པར་བརྟེན། རྒྱ་ནག་གིས་གོ་མཚོན་འགོག་རྒོལ་མ་ལག་དེ་ཧྥི་ལི་ཕིན་ནང་འཇོག་མི་ཆོག་པའི་དགོས་འདུན་བཏོན་ནས་ཨ་རྒྱ་གཉིས་བར་རྣོ་ངར་ཅན་གྱི་རྩོད་རྙོག་ཞིག་ཆགས་ཡོད་འདུག ཕྱི་ཚེས་༢༠ ཉིན་(Taipeltimes)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ཆར་ཨ་རིའི་གཞུང་གིས་ལོ་འདིའི་ལོ་འགོའི་སྐབས་ནས་ཧྥི་ལི་ཕིན་ནང་གོ་འཚོན་འགོག་རྒོལ་གྱི་མ་ལག་ཞིག་བཞག་ཡོད་འདུག་པ་དང་། ཨུ་རུ་སུ་དང་རྒྱ་ནག་གཉིས་ཀས་ཨ་རིའི་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ་རྩོད་རྙོག་བཟོ་བཞིན་ཡོད་ཚུལ་བརྗོད་ནས་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་འདུག རྒྱ་ནག་དང་ཧྥི་ལི་ཕིན་བར་གྱི་ས་ཁུལ་དེ་དག་ནི་རྒྱལ་སྤྱིའི་འབྲེལ་ལམ་ཐད་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་འདུག་པར་བརྟེན། རྒྱ་ནག་གིས་མངའ་ཁུལ་དེ་རྒྱ་ནག་གི་ཡིན་ཚུལ་བརྗོད་ནས་ཧྥི་ལི་ཕིན་གྱི་མཚོ་སྲུང་དམག་མི་དང་གདོང་ཐུག་ཐེངས་མང་ཤོར་ཡོད་འདུག དེ་བཞིན་ཧྥི་ལི་ཕིན་ཉེ་འཁོར་གྱི་ས་ཆ་རྣམས་ཨ་རིའི་ཨེ་ཤེ་ཡའི་ཁུལ་གྱི་ས་ཁམས་ཆབ་སྲིད་ཐད་ཧ་ཅང་གི་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་འདུག་ལ། ཐའེ་ཝན་གྱི་བདེ་འཇགས་ཐད་ཀྱང་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་འདུག རྒྱ་ནག་གི་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་Lin Jian (林劍)ཟེར་བ་དེས། ཨ་རིའི་གཞུང་གིས་ཧྥི་ལི་ཕིན་ནང་གོ་མཚོན་འགོག་རྒོལ་མ་ལག་བཞག་ནས་མངའ་ཁུལ་དེའི་བརྟན་ལྷིང་མེད་པ་བཟོ་ཐབས་བྱེད་ཀྱི་ཡོད་ཚུལ་བརྗོད་ནས་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་འདུག...

རྒྱ་གཞུང་གི་འགོ་ཁྲིད་བུད་མེད་གཅིག་ལ་ལོ་༡༣ བཙོན་འཇུག་དང་རྒྱ་སྒོར་ས་ཡ་གཅིག་གི་ཉེས་ཆད་ཕོག

ཟླ་འདིའི་ཚེས་༢༢ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་འགོ་ཁྲིད་བུད་མེད་ཅིག་གིས་འདས་པའི་ལོ་མང་རིང་ལྐོག་ངན་བླངས་པ་དང་དབང་ཆ་ལོག་སྤྱོད་བྱས་པར་བརྟེན། རྒྱ་གཞུང་གིས་ལོ་༡༣ བཙོན་འཇུག་དང་རྒྱ་སྒོར་ས་ཡ་གཅིག་གི་ཉེས་ཆད་བཅད་འདུག རྒྱ་ནག་གི་ལྷོ་ནུབ་ཀོའེ་ཀྲོའུ་(Guizhou) ་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་གཞོན་པ་ཀྲོང་ཡང་(Zhong Yang) ་ཟེར་བའི་ལོ་ན་༥༢ ་སོན་པའི་བུད་མེད་དེས་འདས་པའི་ལོ་མང་རིང་མོའི་དབང་འོག་ཏུ་ཡོད་པའི་ལས་བྱེད་སྐྱེས་པ་༥༨ ་ལ་འཁྲིག་སྤྱོད་དང་འབྲེལ་བའི་འབྲེལ་བ་བཙུགས་པ་དང་། རྒྱ་སྒོར་ས་ཡ་༦༠ ་ཙམ་ལྐོག་རྔན་བླངས་པའི་ནག་ཉེས་བསགས་ཡོད་པར་བརྟེན། རྒྱ་གཞུང་གིས་ལོ་༡༣ བཙོན་འཇུག་དང་རྒྱ་སྒོར་ས་ཡ་གཅིག་གྱི་ཆད་པ་བཅད་ཡོད་འདུག...

ཁྱེད་ཀྱིས་གཟིགས་མེད་སྲིད།