lobsang la

རྒྱ་ནག་གི་རྒྱལ་ཞེན་རིང་ལུགས་པ་ཞིག་གི་དྲག་སྤྱོད་ལ་བརྟེན་ནས་ཉི་ཧོང་གི་ཕྲུ་གུ་ཞིག་གི་ཚེ་སྲོག་ཤོར་འདུག

ཟླ་འདིའི་ཚེས་༢༠ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ནང་རྒྱལ་ཞེན་རིང་ལུགས་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ཉེ་ལམ་མི་ཞིག་གིས་ལོ་ན་བཅུ་སོན་པའི་ཉི་ཧོང་གི་ཕྲུ་གུ་ཞིག་ལ་གྲི་བཙུགས་ནས་བསད་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག ཉེ་ལམ་རྒྱ་ན་གི་(Shenzhen) ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཉི་ཧོང་གི་སློབ་གྲྭ་ཞིག་གི་ཉེ་འགྲམ་དུ། ལོ་ན་༤༤ ཡིན་པའི་རྒྱ་མིའི་སྐྱེས་པ་ཞིག་གིས་ཉི་ཧོང་གི་ཕྲུ་གུ་ཞིག་ལ་གྲི་བཙུགས་ནས་ཉིན་གཅིག་གི་རྗེས་སུ། ཕྲུ་གུ་དེ་འདས་གྲོངས་སུ་ཕྱིན་ཡོད་འདུག ཉི་ཧོང་གི་མི་སེར་ཡིན་པའི་ཕྲུ་གུ་དེའི་མིང་ལ་ལིང(Lin) ་ཟེར་ཞིང་། ཁོང་གི་ཕ་ནི་ཉི་ཧོང་བ་ཞིག་དང་ཨ་མ་རྒྱ་མི་ཡིན་འདུག ས་གནས་ཉེན་རྟོག་པས་གནས་ཚུལ་དེ་བྱུང་བ་དང་སྐྱེས་པ་དེ་འཕྲལ་དུ་འཛིན་བཟུང་བྱས་ཡོད་འདུག་པ་དང་།  རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུང་གི་མགྲིན་ཚབ་པས་གསར་འགོད་པ་ཚོར་གནས་ཚུལ་དེ་ལྷག་པར་བློ་ཕམ་དང་། དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་པ།...

གྲོས་ཚོགས་ཚོགས་དུས་༨ པའི་ལས་ཉིན་༦ པར་ལྷན་ཁང་ཁག་གསུམ་གྱི་ལས་བསྡོམས་སྙན་སྒྲོན་དང་སྤྱི་ཡོངས་བགྲོ་གླེང་གནང་།

ཟླ་འདིའི་ཚེས་༡༧ ་ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་༦ པ་དེ་དཔལ་ལྡན་ཚོགས་གཙོ་དབུ་བཞུགས་ཐོག་དབུ་འཛུགས་གནང་ནས་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་སྤྱི་ཡོངས་བགྲོ་གླེང་དང་བཀའ་ཤག་གི་ལན་འདེབས་གསལ་བཤད། ཕྱི་ཚེས་༡༤ ཉིན་གྱི་འཕྲོ་མུ་མཐུད་ཕྱིན་སོང་། སྐབས་དེར་སྤྱི་འཐུས་རྣམ་པས་སློབ་གྲྭ་ཁག་གི་ནང་དགེ་རྒན་ལེགས་པོ་དགོས་པ་དང་ཆོད་གན་ཐོག་ཡོད་པའི་དགེ་རྒན་གྱི་གྲངས་འབོར་ཉུང་དུ་གཏོང་དགོས་པ། བོད་ཕྲུག་ཚོའི་བོད་ཡིག་གི་གནས་ཚད་ཧ་ཅང་ཞན་པས་དེར་བསྐྱར་ཞིབ་དགོས་པ་སོགས་ཀྱི་དགོངས་ཚུལ་གསུངས་པ་དང་དོགས་དྲི་གནང་བར། དཔལ་ལྡན་ཤེས་རིག་བཀའ་བློན་གྱི་ལས་ཚབ་སྲིད་སྐྱོང་གིས་ཕྱི་རྒྱལ་ཁག་ཏུ་གཟའ་མཇུག་སློབ་གྲྭ་༩༢ ཡོད་པ་སོགས་ཀྱི་ལན་འདེབས་གསལ་བཤད་གནང་ནས་དེ་རིང་ཚོགས་ཐུན་གཉིས་པའི་ཐོག་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་། བཀའ་ཤག་གི་ལན་འདེབས་གསལ་བཤད་གྲུབ་སོང་། དེའི་རྗེས་བདེ་སྲུང་བཀའ་བློན་གྱིས་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་༢༠༢༣-༢༠༢༤ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་སྤྱི་འཐུས་རྒྱུན་ལས་ཀྱིས་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་ཞུས་རྗེས། སྙན་ཐོའི་ནང་གསལ་གྱི་སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བ་ཁག་ལ་བཀའ་ཤག་གི་ལན་འདེབས་གནང་རྗེས། བདེ་སྲུང་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་བཀག་ཤག་གི་ལན་འདེབས་གསལ་བཤད་གནང་བའི་ལས་རིམ་ཐོག་ཕེབས་སོང་།...

གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་༤ པ་མུ་མཐུད་འགྲོ་ཐུབ་མ་སོང་།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་༤ པར་དཔལ་ལྡན་ཚོགས་གཙོ་དབུ་བཞུགས་ཐོག ཤེས་རིག་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་བཀའ་ཤག་གི་ལན་འདེབས་གསལ་བཤད། ཁ་སང་གི་འཕྲོ་མུ་མཐུད་དེ་ཕྱིན་ཡོད་པ་དང་།  སྐབས་དེར་སྤྱི་འཐུས་རྣམ་པས་གཟའ་མཇུག་གི་སློབ་གྲྭ་ཁག་གཙོ་བོར་བྱས་པ། དགོན་པ་ཁག་སོགས་ལ་ཤེས་རིག་ནས་རིན་མེད་ཐོག་སློབ་དེབ་ཀྱི་མཐུན་རྐྱེན་སྦྱོར་དགོས་པ། གཟའ་མཇུག་ཕྱག་ཁྱེར་ཕུལ་ན་དགེ་ཕན་ཆེ་སྐོར། ཕྲུ་གུ་ཚོར་རང་ལས་གཞན་གཅེས་ཀྱི་སློབ་གསོ་གཅིག་པུར་མིན་པར་ཐོག་མར་རང་གི་རྐང་པར་ལངས་ཏེ་ནུས་པ་འདོན་ཐུབ་པའི་སྤོབས་པ་རྙེད་པའི་སློབ་གསོ་སྤྲད་རྒྱུ། ཤེས་རབ་དགའ་ཚལ་སློབ་གླིང་གི་ད་ལྟའི་སློབ་མའི་ལོ་ཚད་༣༠ ཡིན་པ་དེ་འབྲེལ་གྱི་དཀའ་ངལ། མི་ནི་སོ་ཊའི་སློབ་གྲྭ་གསར་རྒྱག་ལ་མངགས་བརྗོད་དང་། དེ་འདྲ་བ་དགོས་པའི་དགོངས་ཚུལ། ཤེས་རིག་གི་མཐུན་རྐྱེན་འོག་ཡོད་པའི་འབུམ་རམས་པ་གྲངས་ཚད། བོད་ཡིག་དགེ་རྒན་ལ་ཆ་རྐྱེན་མེད་པའི་ཐོག་ནས་གོ་སྐབས་སྤྲོད་དགོས་པ། རྡ་ཤོད་སློབ་གྲྭའི་ནང་ཕྱི་རྒྱལ་ནས་ཕེབས་པའི་སློབ་ཕྲུག་ལྔ་ཡོད་པ་དང་།...

གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་གསུམ་པར་དཔལ་འབྱོར་དང་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་དང་འབྲེལ་བའི་བགྲོ་གླེང་གནང་།  

ཟླ་འདིའི་ཚེས་༡༣ ་ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་གསུམ་པ་དེ་དཔལ་ལྡན་ཚོགས་གཞོན་དབུ་བཞུགས་ཐོག་དབུ་འཛུགས་གནང་ནས་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་བཀའ་ཤག་གི་ལན་འདེབས་གསལ་བཤད་ཀྱི་ལས་རིམ་ཐོག་ཕེབས་སོང་། བགྲོ་གླེང་སྐབས་སྤྱི་འཐུས་རྣམ་པས་ཡིད་ཆེས་དགེ་རྩ་དང་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་སྐོར་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་དཔྱ་དངུལ་འབུལ་མཁན་དང་དཔྱ་དངུལ་ལག་དེབ་ཆག་ཡང་ཐོག་གསར་བཟོ་གནང་མཁན་ག་ཚོད་ཡོད་མེད། དགུན་ཚོང་སོགས་ལ་བུན་གཡར་གནང་སྟངས། དྲྭ་ཐོག་ནས་འཛིན་སྐྱོང་དང་གློག་འཕྲུལ་ཡིག་ཚགས་ཀྱི་ལས་གཞིའི་སྐོར། བརྡ་འཕྲིན་སྲིད་བྱུས་དགོས་གལ་ཆེན་པོ་ཡིན་པ།༧གོང་ས་མཆོག་གི་བཀའ་དྲིན་སོགས་ལ་བརྟེན་ནས་འཛིན་སྐྱོང་གིས་འབད་བརྩོན་གནང་ན་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་རེ་བ་ཡོད་ཀྱང་། བཀའ་ཤག་གིས་རེ་བ་མི་འདུག་ཟེར་ནས་བསྡད་པ་ནི་འཐུས་ཤོར་ཞིག་ལ་མཐོང་གི་ཡོད་པ། ནང་སྲིད་ལས་འཕྲོས་པ་གཞིས་སྤོའི་ཆེད་དུ་སྦེལ་ཀོབ་གཙོ་བོ་བྱས་པར་ས་ཆ་སྤོ་གཡུག་བྱེད་མཁན་ལ་ལེགས་སྐྱེས་ས་ཆའི་རྒྱ་ཁྱོན་ལྟར་འབུལ་རྒྱུ་དེར་བཀའ་འཁྲོལ་ཐོབ་མིན་སོགས་ཀྱི་ཐོག་ལ་དགོངས་ཚུལ་གསུངས་པ་དང་དོགས་དྲི་གནང་བར། དཔལ་འབྱོར་བཀའ་བློན་གྱིས་དྲྭ་རྒྱ་བརྒྱུད་ནས་དཔྱ་ཁྲལ་འབུལ་རྒྱུའི་ལས་གཞིར་བསྐྱར་ཞིབ་དགོས་པ་དང་གློག་འཕྲུལ་ཡིག་ཚགས་ཀྱི་ལས་གཞིའི་ཐོག་རིམ་པ་དང་པོ་དབུས་ཀྱི་ལས་ཁུངས་ཁག་གི་ནང་ལག་བསྟར་འགྲོ་མུས་ཡིན་པ་དང་། མ་འོངས་པར་རིམ་པ་གཉིས་པ་དབུས་སའི་ལས་ཁུངས་དབར་གནང་འཆར་ཡོད་པ། ཕྱི་ལོ་༢༠༢༢-༢༠༢༣ བར་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་དཔྱ་དངུལ་འབུལ་མཁན་གྲངས་༡༧༠༣༤ དང་། ཕྱི་ལོ་༢༠༢༣-༢༠༢༤...

གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་གཉིས་པར་ནང་སྲིད་ཀྱི་ལས་བསྡོམས་དང་འབྲེལ་བའི་བགྲོ་གླེང་དང་དྲི་བ་ལན་འདེབས་བཅས་གནང་།

ཁ་སང་ཚོགས་དུས་བཞི་པར་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་གིས་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་༢༠༢༣-༢༠༢༤ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་བ་སོགས་ཚར་རྗེས། ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་འགོ་བཙུགས་ནས་དེ་རིང་ལས་ཉིན་གཉིས་པའི་ཚོགས་དུས་སུ་༤ པར་མཇུག་བསྒྲིལ་སོང་། ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་སྐབས། བཀུར་འོས་སྤྱི་འཐུས་རྣམ་པས་རྗེས་འབྱོར་བའི་སྡོད་ཁང་གསར་རྒྱག་ལས་གཞི་དང་གཞིས་ཆགས་དང་འབྲེལ་བའི་ས་ཁང་གི་སྒྲིག་གཞི་རྣམས་མི་མང་རྣམས་ལ་ངོ་སྤྲོད་གསལ་པོ་བྱེད་དགོས་པ། སོ་ནམ་སྐྱེ་ལྡན་ཉམས་ཞིབ་དང་སྦྱོང་བརྡར་ལས་གཞི་མུ་མཐུད་རྒྱ་སྐྱེད་གཏོང་དགོས་པ། རྡ་ས་མེག་གྷན་བོད་མིའི་སྡོད་ཁང་གི་ས་ཆའི་ཁྲིམས་མཐུན་དཀའ་ངལ་སེལ་ཐུབ་མིན་སྐོར། གཞོན་སྐྱེས་ལས་མེད་ཀྱི་དཀའ་ངལ། འཛུགས་སྐྲུན་ཚད་ལྡན་ཡོད་མེད་ཀྱི་དགེ་སྐྱོན། གཞིས་ཆགས་གསར་པ་དག་སྔོན་གྱི་གཞིས་ཆགས་ཁག་ལྟར་སྟོང་པ་མི་ཆགས་པའི་ཐབས། སྐུའི་ཡང་སྲིད་དང་དགའ་ལྡན་ཕོ་བྲང་གི་སྒྲིག་འཛུགས་གནས་དགོས་མིན་སོགས་གཞིས་ཆགས་ཁག་ཏུ་བསམ་ཚུལ་དང་ས་ཡིག་བསྡུ་རུབ་སོགས་དང་། གཞོན་སྐྱེས་ཚོའི་བསམ་བློའི་ནང་མི་རིགས་དང་འཐབ་རྩོད་ཀྱི་འདུ་ཤེས་དགོས་པ་དང་ཆོས་དང་རིག་གཞུང་གི་འདུ་ཤེས་དགོས་གལ་ཆེ་བ། སྤྱི་ཚོགས་ནང་གི་ཉམས་ཐག་གི་དཀའ་ངལ་སོགས་ཀྱི་ཐོག་ལ་དགོངས་ཚུལ་གསུངས་པ་དང་དོགས་དྲི་གནང་བར། ནང་སྲིད་བཀའ་བློན་གྱིས་གཞིས་སྤོའི་ལས་གཞི་དང་འབྲེལ་ད་ལྟའི་གནས་སྐབས་སུ་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་སྤོ་རྒྱུ་ཡིན་ཟེར་མཁན་ཁྱིམ་ཚང་༤༢༦...

གྲོས་ཚོགས་ལས་ཉིན་དང་པོ་ཤེས་རིག་དང་ནང་སྲིད་ཀྱི་ལས་བསྡོམས་སྙན་སྒྲོན་དང་སྤྱི་ཡོངས་བགྲོ་གླེང་།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དབུ་འཛུགས་གནང་ཞིང་། དཔལ་ལྡན་ཚོགས་གཙོས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་བ་དང་ཚོགས་གཙོའི་ལས་ཚབ་དང་ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་རྗེས། ལས་བསྡོམས་སྙན་སྒྲོན་དང་ཞིབ་བཤེར་ལས་དོན་གྱི་ལས་རིམ་དབུ་འཛུགས་གནང་སོང་།ནམ་རྒྱུན་དང་མི་འདྲ་བར་བོད་ནང་གི་ཛ་དྲག་གནས་སྟངས་དང་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་དེ་ལས་བསྡོམས་ཀྱི་མཇུག་ལ་བཞག་འདུག ཐོག་མར་དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་གིས་ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་༢༠༢༣-༢༤ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེས་སྤྱི་འཐུས་རྒྱུན་ལས་ཀྱིས་ཆོས་རིག་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་རྒྱས་པར་ཞིབ་འཇུག་གནང་བའི་སྙན་ཐོ་སྙན་སྒྲོན་བཅས་གནང་རྗེས། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་གྱིས་གོང་གསལ་ལས་བསྡོམས་དང་། ཞིབ་འཇུག་སྙན་ཐོ་སྙན་སྒྲོན་ཟིན་པ་རྣམས་ལ་བགྲོ་གླེང་དགོས་པའི་གྲོས་འཆར་བཏོན་གནང་བར་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་གྱིས་རྒྱབ་སྐྱོར་གནང་སྟེ། ཆོས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་ནས་བགྲོ་གླེང་གནང་འགོ་བཙུགས་སོང་། སྐབས་དེར་བཀུར་འོས་སྤྱི་འཐུས་རྣམ་པས་༧གོང་ས་མཆོག་གི་དགུང་ལོའི་བབ་དང་བསྟུན་ནས་བཀའ་སྤྱི་གཉིས་ཀྱིས་སྐུ་ངལ་གསོ་དགོས་པའི་གསོལ་འདེབས་ཞུ་དགོས་གལ་ཆེ་བ་དང་། བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་ཆོས་དང་རིག་གཞུང་ཟེར་དུས་ཁ་ནས་བཤད་པ་ཙམ་ལས་དོན་གྱི་མཛུབ་མོ་འཛུགས་ས་མེད་པའི་ཉེན་ཁ་ཡོད་པས་དགོན་སྡེ་ཁག་གི་ནང་བོད་ཀྱི་རིག་གཞས་རྒྱུན་འཛིན་བྱེད་རྒྱུའི་ཐོག་ལ་ཤུགས་སྣོན་རྒྱག་རྒྱུ་གལ་ཆེན་ཡིན་པ། ༧གོང་ས་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་གནང་རྒྱུའི་འགན་དབང་ཆ་ཚང་མགོན་པོ་གང་ཉིད་དང་། ༸གོང་ས་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་ཁོ་ནར་ཡོད་པའི་སྐོར། རྗེས་འབྱོར་སློབ་ཡོན་དང་། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་གྲྭ་བཙུན་སློབ་ཡོན།...

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དབུ་འཛུགས་དང་དཔལ་ལྡན་ཚོགས་གཙོའི་གསུང་བཤད།

ཟླ་འདིའི་ཚེས་༡༡ ་ཉིན་གྱི་ཞོགས་པར་ཉིན་གྲངས་བརྒྱད་རིང་གི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་དཔལ་ལྡན་ཚོགས་གཙོ་དབུ་བཞུགས་ཐོག་དབུ་འཛུགས་གནང་སོང་། ཚོགས་འདུའི་ལས་རིམ་གསུམ་པར་དཔལ་ལྡན་ཚོགས་གཙོས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་སྐབས། ཁོང་གིས་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་ཕྱི་ཟླ་དགུ་པའི་གྲོས་ཚོགས་ཆགས་ཀྱི་ཡོད་པ་དང་། ལོ་གཅིག་ལ་གྲོས་ཚོགས་ཐེངས་གཉིས་ལས་ཕྱི་ཟླ་གསུམ་པའི་གྲོས་ཚོགས་དེ་སྔོན་རྩིས་གྲོས་ཚོགས་དང་ཕྱི་ཟླ་དགུ་པའི་གྲོས་ཚོགས་དེ་ལས་བསྡོམས་ཀྱི་གྲོས་ཚོགས་ཆགས་ཀྱི་ཡོད་པས། ཐེངས་འདིའི་གྲོས་ཚོགས་ནང་སྤྱི་འཐུས་ཚོས་ལས་ཉིན་མང་བ་དེ་ཕྱི་ལོ་༢༠༢༣ ནས་༢༠༢༤ ཡི་འཛིན་སྐྱོང་གི་ལས་བསྡོམས་ཐོག་ལ་གཏོང་དགོས་པ་ཆགས་ཀྱི་ཡོད་པ། དེ་བཞིན་བར་སྐབས་༧གོང་ས་མཆོག་ཞབས་པུས་སྨན་བཅོས་ཆེད་དུ་ཨ་རིར་ཆིབས་སྒྱུར་གནང་བ་དང་། སྨན་བཅོས་ལེགས་གྲུབ་བྱུང་ནས་ཨ་རི་ལ་ཟླ་བ་གཉིས་ཙམ་རིང་སྐུ་ངལ་གསོས་རྗེས། ཨ་རིའི་ནིའུ་ཡོག་ནས་སུད་སི། དེ་ནས་བཞུགས་སྒར་རྡ་སར་བདེ་བླག་ངང་ཆིབས་བསྒྱུར་གནང་ཐུབ་པ་བྱུང་བ། ཉེ་ཆར་མོན་ཡུལ་གྱི་ལྷ་སྡེ་མི་སྡེ་ཡོངས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཆེད་བཅར་གྱིས་༧གོང་ས་མཆོག་གི་གོ་སྟོན་སྲུང་བརྩིའི་མཛད་སྒོ་ཚོགས་པ་སོགས་སྐལ་བ་བཟང་པོ་བྱུང་ཡོད་པ་དང་། རྒྱུན་དུ་༧གོང་ས་མཆོག་གིས་དགུང་ལོ་བརྒྱ་དང་བཅུ་ཕྲག་ཁ་ཤས་བཞུགས་རྒྱུའི་ཞལ་བཞེས་གནང་ཡོད་པ་ལྟར་མུ་མཐུད་གསོལ་འདེབས་ཞུ་རྒྱུ་དང་བོད་མི་སྤྱི་མཐུན་གྱི་བསོད་ནམས་གོང་འཕེལ་གཏོང་ཐུབ་དགོས་རྒྱུ་གལ་ཆེན་ཡིན་པ།...

རྒྱ་གཞུང་གིས་ན་གཞོན་དགེ་འདུན་པ་ཚོ་གཏན་འཇགས་སློབ་གྲྭར་བཙན་འཇུག་བྱེད་བཞིན་པར་བོད་མིའི་སྒྲིག་འཛུགས་ཀྱིས་ངོ་རྒོལ་བསྒྲགས་གཏམ་སྤེལ།

ཟླ་འདིའི་ཚེས་༡༠་ཉིན་བོད་མིའི་སྒྲིག་འཛུགས་ནས་ཉེ་ཆར་རྒྱ་གཞུང་གིས་བོད་རྔ་པ་ཁུལ་དུ་གྲྭ་བཙུན་ཚོར་དམིགས་པའི་ཤེས་ཡོན་སྲིད་བྱུས་ཟེར་བ་ལག་བསྟར་བྱེད་སྟངས་དང་། བོད་ཀྱི་ན་གཞོན་དགེ་འདུན་པ་རྣམས་གཏན་འཇགས་སློབ་གྲྭར་བཙན་འཇུག་བྱེད་བཞིན་པ་སོགས་ལ་བློ་འཚབ་ཡོད་པའི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་འདུགགསར་འགོད་གསལ་བསྒྲགས་དེའི་ནང་དུ། རྒྱ་ནག་གཞུང་གིས་བོད་ས་ཡོངས་སུ་བཙན་དབང་གིས་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་ཁག་མུ་མཐུད་ཡར་རྒྱས་དང་། གྲངས་འབོར་མཐོ་རུ་གཏོང་བཞིན་པ་དེ་ལ་བརྟེན་ནས་བོད་ཀྱི་ཆོས་དང་རིག་གཞུང་གི་ངོ་བོ་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ཆེ་རུ་བཏང་ཡོད་ཅིང་། ལྷག་པར་བོད་ཨ་མདོ་རྔ་པའི་ཀིརྟི་དགོན་དང་དགོན་པ་གཞན་གཉིས་བཅས་ཀྱི་ན་གཞོན་དགེ་འདུན་པ་གྲངས་ ༡༧༠༠ ལྷག་བཙན་དབང་གིས་དགོན་པ་ནས་ཕྱིར་འབུད་ཀྱིས་ཕ་མ་དང་རང་ཉིད་ཀྱི་འདོད་མོས་མེད་བཞིན་དུ་གཞུང་གིས་བཙུགས་པའི་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭར་འཇུག་དགོས་བྱུང་ཡོད། སྲིད་བྱུས་འདི་ནི་ལོ་ན་ ༡༨ མན་གྱི་དགེ་འདུན་པ་རྣམས་དང་། ཁྱད་པར་དུ་འཛིན་རིམ་དང་པོ་ནས་བརྒྱད་པ་བར་གྱི་དགེ་འདུན་པ་རྣམས་ལ་དམིགས་འཛུགས་བྱས་ཡོད་པ་རེད་ཅེས་དང་། གྲྭ་གཞོན་དེ་དག་བཙན་དབང་གིས་སློབ་གྲྭར་བཅུག་སྟེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ལ་བསྟོད་བསྔགས་བྱེད་པ་སོགས་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་ཀྱི་ཡོད་པ་མ་ཟད། སློབ་གྲྭ་དེ་དག་ཏུ་བྱིས་པ་རྣམས་ལ་གཙོ་བོ་རྒྱ་སྐད་ཐོག་སློབ་ཁྲིད་བྱེད་ཀྱི་ཡོད་པས། བོད་ཀྱི་སྐད་ཡིག་གི་ཤེས་ཚད་དང་རིག་གཞུང་གི་ངོ་བོ་ཉམས་ཆག་འགྲོ་བཞིན་ཡོད། དེ་བཞིན་སློབ་གྲྭའི་གུང་གསེང་སྐབས་སུའང་སློབ་ཕྲུག་ཚོར་རང་གི་དགོན་པར་འགྲོ་མི་ཆོག་པའི་བཀག་སྡོམ་བྱས་ཏེ།...

རྒྱ་གཞུང་གིས་འཇར་མན་གྱི་བོད་དོན་རྒྱབ་སྐྱོར་བ་ཞིག་ཧོང་ཀོང་ནང་འཛུལ་རྒྱུའི་ཆོག་མཆན་སྤྲད་མི་འདུག

ཟླ་འདིའི་ཚེས་༨ ་ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། བོད་དོན་ཐོག་ལས་ཀ་བྱེད་མཁན་འཇར་མན་གྱི་མི་སྣ་ཞིག་ཧོང་ཀོང་དུ་འཛུལ་རྒྱུའི་ཆོག་མཆན་སྤྲད་མེད་པ་དང་། ལོ་འདིའི་ནང་ཧོང་ཀོང་དུ་མ་བཏང་བར་བཀག་འགོག་བྱས་པའི་གནས་ཚུལ་ཐེངས་གཉིས་པ་དེ་གྱུར་ཡོད་འདུག ཟླ་འདིའི་ཚེས་༨ ཉིན་རྒྱ་གཞུང་གིས་འཇར་མན་དུ་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་(Advocacy group Tibet Initiative) ་ཞེས་པའི་ཚོགས་མི་ཌིལ་ཝི་ཌི་(David Missal) ་ཟེར་བའི་སྐྱེས་པ་ཞིག་ལ་པེ་ཅིང་ནས་དྲི་རྩད་ཡུན་རིང་བྱས་རྗེས་ཧོང་ཀོང་དུ་འགྲོ་ཆོག་གི་མ་རེད་ཅེས་བརྗོད་ནས་ཁོང་ཉིད་ཧོང་ཀོང་དུ་བཏང་མེད་པ་རེད་འདུག གནས་ཚུལ་དེ་དང་འབྲེལ་ཁ་སང་ཁོང་གིས་སྒེར་གྱི་ཨིག་སི་(X) ་བརྒྱུད་ལམ་ཐོག་ཏུ། ཁོང་ཉིད་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་ཧོང་ཀོང་དུ་འགྲོ་འཆར་ཡོད་པ་དང་།...

ཨ་རུ་ན་ཅལ་གྱི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

ཟླ་འདིའི་ཚེས་༧ ཉིན་མོན་ཡུལ་གྱི་དད་ལྡན་མི་མང་ཡོངས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ལྟར། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ཡང་བརྟན་བཞུགས་ཆེད་བཞུགས་སྒར་དུ་ཆེད་ཕེབས་གནང་འདུག ཟླ་འདིའི་ཚེས་༥ ཉིན་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་དང་ཁོང་གི་ནང་མི་སོགས་ཀང་ར་རྫོང་གི་གནམ་ཐང་དུ་འབྱོར་རྗེས་ཐད་ཀར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཕེབས་ནས་གཙུག་ལག་ཁང་དང་དཔེ་མཛོད་བཅས་སུ་མཆོད་མཇལ་གཟིགས་སྐོར་གནང་ཡོད་པ་མ་ཟད། བློན་ཆེན་དང་ནང་མི་སྤུན་མཆེད་རྣམས་ཡོངས་འཛིན་གླིང་རིན་པོའི་ཆེའི་བླ་བྲང་དུ་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཇལ་བཅར་དང་། དགོང་དྲོའི་གསོལ་ཚིགས་ལྷན་དུ་བཞེས་ཐོག་དུས་ཡུན་ཆུ་ཚོད་གསུམ་ལྷག་གི་རིང་བཀའ་མོལ་གནང་ཡོད་འདུག དེ་རིང་ཚེས་༦ ཉིན་གྱི་ཞོགས་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་དང་ཁོང་གི་ནང་མི་རྣམས་ལ་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་མཇལ་ཁ་བསྩལ་འདུག སྤྱི་ཁྱབ་བློན་ཆེན་གྱིས་ངོ་དེབ་ཐོག་ཏུ་ངས་༧གོང་ས་མཆོག་ལ་ཨ་རུ་ན་ཅལ་མངའ་སྡེར་ཆིབས་བསྒྱུར་གནང་རོགས་ཞེས་གསོལ་འདེབས་ཞུས་པ་དང་། ཁོང་གིས་ཐུགས་བརྩེ་ཞིང་དགྱེས་བཞིན་དུ་ནམ་ཞིག་ཐུགས་ལ་འཆར་བའི་དུས་སུ་ཕེབས་རྒྱུ་ཡིན་ཞེས་གསུངས་བྱུང་།  ༧གོང་ས་མཆོག་གི་བྱམས་པ་དང་ཞི་བདེ། མཐུན་སྒྲིལ་བཅས་ཀྱི་བཀའ་སློབ་ཀྱིས་ང་ཚོ་ཚང་མར་མུ་མཐུད་བློ་སྤོབས་སྤེལ་བ་ཤོག་ཅེས་འཁོད་འདུག སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་༧གོང་ས་མཆོག་བོད་ནས་རྒྱ་གར་ལ་ཆིབས་བསྒྱུར་གནང་སྐབས།...

ཁྱེད་ཀྱིས་གཟིགས་མེད་སྲིད།