ཨོ་གླིང་ཆུ་བཞི་སྒང་དྲུག་གི་གོ་སྒྲིག་འོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་རིམ་ཞིག་ཚོགས་འདུག
སྤྱི་ཟླ་ ༨ ཚེས་ ༡༠ ཉིན་ཨོ་གླིང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་གོ་སྒྲིག་འོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཞབས་རིམ་ཞིག་ཚོགས་ཡོད་འདུག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་ཞབས་རིམ་ཚོགས་མགོན་དུ་བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་གདན་ཞུས་ལྟར་ཕེབས་ཡོད་པ་དང་། གཞན་ཡང་སྤྲུལ་སྐུ་ཆོས་ཉིད་དང་། མཁན་པོ་ཚེ་རིང་བཀྲ་ཤིས་སོགས་མང་ཚོགས་མང་པོ་ཞིག་མཉམ་འཛོམས་བྱུང་ཡོད་པ་དང་། ཞབས་རིམ་དུ་བཛྲ་དང་། སྒྲོལ་མ། སྨན་བླའི་གཟུངས་སྔགས། ༧རྒྱལ་བའི་ཞབས་བརྟན་བཅས་གསོག་སྒྲུབ་གནང་བ་མ་ཟད། རྒྱུན་ལས་ནས་རེ་སྐུལ་ཞུས་དོན་བཞིན་མཁན་པོ་འཇམ་དཔལ་བསྟན་འཛིན་ནས། དེར་འདུས་མང་ཚོགས་ལ་ང་ཚོ་འདི་གར་མི་རིགས་སྣ་ཚོགས་མཉམ་གནས་བྱེད་བཞིན་ཡོད་དུས་གྲང་ཉུང་མི་རིགས་ཀྱི་རིག་གཞུང་རྣམས་རྒྱ་མཚོར་ཁ་བ་བབས་པ་བཞིན་གཏན་དུ་ཡལ་བའི་ཉེན་ཁ་ཡོད་དུས། བོད་མི་རིགས་ཀྱི་ཐུན་མིན་སྲོལ་རྒྱུན་རིག་གཞུང་རྒྱུན་འཛིན་དགོས་གལ་དང་།...