tenzin

གནོན་ཤུགས་དང་ཁྲིམས་བཟོ།

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༡༥ ཆེད་བརྗོད།) འདས་པའི་ལོ་ཤས་ནང་བོད་མིའི་སྒྲིག་འཛུགས་ཀྱི་གལ་ཆེའི་ལས་དོན་ཁག་ཅིག་བཅའ་ཁྲིམས་གཞིར་བཟུང་མུ་མཐུད་མི་ཐུབ་པ་ཆགས། གྲོས་ཚོགས་ཚོགས་དུས་བདུན་པར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་དགོས་ངེས་ཀྱི་བསྐྱར་བཅོས་ཁག་ཅིག་བྱས་ནས་ད་ཆ་མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་གསུམ་བཅས་གསར་འདེམས་དམ་འབུལ་ཐུབ་པའི་ལམ་ཁ་ཡོད་ཀྱང་། བཅའ་ཁྲིམས་དོན་ཚན་དྲུག་ཅུ་རེ་གསུམ་པའི་ནང་གསེས་༢ པའི་“ག ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བའམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་པ་མ་ཡིན།”ཞེས་པའི་དགོངས་དོན་བཞིན་ཁྲིམས་ཞིབ་པའི་འོས་མི་རག་མ་ཐུབ་པའི་གནས་ཚུལ་བྱུང་ཡོད། ལོ་འདིའི་ཕྱི་ཟླ་༣ པའི་རྗེས་སུ་སྲིད་སྐྱོང་དང་ཚོགས་གཙོ་ཚོགས་གཞོན་གྱིས་འདེམས་སྒྲུག་ཚོགས་ཆུང་བསྐོ་འཛུགས་མ་བྱས་པ་ལས། འོས་ཆོས་ཚང་བ་ཞིག་རག་ཐུབ་ཡོད་མེད་ད་དུང་ར་སྤྲོད་གསལ་པོ་བྱུང་མེད། ཁྲིམས་ཞིབ་པར་ཉུང་མཐར་ལོ་ལྔའི་རིང་ཁྲིམས་དཔོན་གྱི་ལས་འཁུར་བྱེད་མྱོང་བ་དང་། ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་ལས་འཁུར་བྱེད་མྱོང་བ་བཅས་ཀྱི་ཆ་རྐྱེན་འདི་ཕྱི་ལོ་༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཐོག་མ་གཏན་འབེབས་བྱེད་སྐབས་ནས་ཡོད་ཀྱང་།...

རྒྱ་གཞུང་གིས་ཨ་རིའི་ཆོས་དཔོན་ཞིག་ལོ་ངོ་བཅུ་ཕྲག་གཉིས་ལ་ཉེ་བའི་རྗེས་སུ་གློད་བཀྲོལ་བཏང་འདུག

ཕྱི་ཟླ་༩པའི་ཚེས་༡༦ཉིན་སིས་ཨེན་ཨེན་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་མི་སེར་ཆོས་དཔོན་ཡིན་པ་ཞིག་རྒྱ་ནག་གིས་ཉེས་མེད་སྐྱོན་འཛུགས་ཀྱིས་བཙོན་འཇུག་བྱས་ཏེ་ལོ་ངོ་བཅུ་ཕྲག་གཉིས་ལ་ཉེ་བའི་རྗེས་སུ་གློད་བཀྲོལ་བཏང་འདུག ཨ་རིའི་ཕྱི་འབྲེལ་ལས་ཁུངས་ཀྱིས་སྲིད་འཛིན་བྷ་ཌན་གྱིས་པེ་ཅིང་དང་འབྲེལ་ལམ་བརྟན་པོར་བཟོ་བར་གལ་ཆེ་ཤོས་ཀྱི་གྱོད་གཞི་ཞིག་མཇུག་སྒྲིལ་ཡོད་པར་བརྗོད་འདུག ཌེ་ཝིཌ་ལིན། ལོ་ ༦༨ ཡིན་པའི་ཌེ་ཝིཌ་ལིན་ཞེས་པ་ཁོང་གིས་པེ་ཅིན་དུ་གསང་བའི་ཆོས་ཚོགས་ཤིག་ལ་འདུ་འཛོམས་བྱེད་སའི་ལྟེ་གནས་ཤིག་འཛུགས་རོགས་བྱས་པའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་གཡོ་སྒྱུའི་ཉེས་འཛུགས་བྱས་ཏེ་༢༠༠༦ ལོར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་འདུག ཨ་རིའི་གཞུང་གིས་དེ་ནི་ནོར་འཁྲུལ་ཅན་གྱི་ཉེས་འཛུགས་ཤིག་ཡིན་པར་བརྗོད་པ་དང་། ཁོང་གིས་ཀྱང་ཁྲིམས་བཅད་དེར་ངོས་ལེན་གནང་མི་འདུག། ལིན་ནི་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་ལྟ་རྟོག་འོག་ཡོད་པའི་ཨ་མི་རི་ཀའི་མི་སེར་མི་གསུམ་ལས་གཅིག་ཡིན་པ་དང་། རྒྱ་ནག་གིས་ཉེས་མེད་སྐྱོན་འཛུགས་ཀྱིས་བཙོན་འཇུག་འོག་ཏུ་བཅུག་ཡོད་འདུག མ་ཟད་ཨ་རིའི་མི་སེར་ཚོང་ལས་བྱེད་མཁན་ཀེ་ལི་དང་།མཀ་སི་དན་གཉིས་ནི་གསང་ཉུལ་དང་བཟི་སྨན་སོགས་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག་ད་དུང་བཙོན་དུ་བཅུག་ཡོད་འདུག ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་རེས་གཟའ་ཉི་མའི་བསྒྲགས་གཏམ་ནང་། ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙོན་ཁང་ནས་ཌེ་ཝིཌ་ལིན་གློད་བཀྲོལ་བྱུང་བར་དགའ་བསུ་ཞུ་གི་ཡོད།...

རྒྱ་ནག་ནང་ལྐོག་ས་རུལ་སུངས་འགོག་རྒོལ་ཁྲིམས་ལུགས་བསྐྱར་བཅོས་བྱས་ཡོད་འདུག 

རྒྱ་ནག་ནང་ལྐོག་ས་རུལ་སུངས་འགོག་རྒོལ་ཁྲིམས་ལུགས་བསྐྱར་བཅོས་བྱས་ཡོད་འདུག 

རྒྱ་ནག་ནང་ལྐོག་ས་རུལ་སུངས་འགོག་རྒོལ་གྱི་ཁྲིམས་ལུགས་ཟེར་བ་བསྐྱར་བཅོས་བྱེད་རྒྱུ་ཡིན་འདུག་པ་དང་། ལྐོག་ས་རུལ་སུངས་བྱས་ཡོད་པའི་དོགས་གཞི་ཅན་གྱི་མི་སྣ་ཚོས་ཁྲིམས་རྩོད་པར་འབྲེལ་བ་བྱེད་མི་ཆོག་པ་བཟོས་ནས། བཀག་ཉར་བྱེད་རྒྱུའི་དུས་ཡུན་རིང་དུ་བཏང་ཡོད་འདུག ཕྱི་ཚེས་༡༤ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གིས་ལྐོག་ས་རུལ་སུངས་འགོག་རྒོལ་གྱི་ཁྲིམས་ལུགས་ལ་བསྒྱུར་བཅོས་གཏོང་རྒྱུ་ཡིན་འདུག་པ་དང་། དེའི་ནང་ལྐོག་ས་རུལ་སུངས་བྱས་ཡོད་པའི་དོགས་ཡོད་ཅན་རྣམས་ལ་ཞིབ་བཤེར་སྐབས་འགན་ལེན་སྤྲོད་ཆོག་པའི་ཆོག་མཆན་སྤྲོད་རྒྱུ་ཡིན་ནའང་། དོགས་ཡོད་པ་ཚོར་ཁྲིམས་རྩོད་པ་དང་འབྲེལ་བ་བྱེད་མི་ཆོག་པ་དང་། བཀག་ཉར་དུས་ཡུན་ཡང་རིང་དུ་གཏོང་རྒྱུ་ཡིན་འདུག  རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྟེ། གཟའ་པ་སངས་ཉིན་རྒྱ་ནག་གི་མཐོ་རིམ་ཁྲིམས་བཟོ་ལྷན་ཚོགས་ཀྱིས་ཉིན་བཞིའི་རིང་གི་ཚོགས་འདུ་འཚོགས་ཡོད་འདུག་ཅིང་།  ཤིན་ཧཱ་གསར་འགྱུར་ཁང་ཟེར་བས་བཤད་པ་ལྟར་ན། ལྟ་རྟོག་ཁྲིམས་ལུགས་ལ་འཕྲི་སྣོན་བྱེད་རྒྱུའི་ཟིན་བྲིས་ཤིག་བསྐྱར་ཞིབ་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༨...

༧གོང་ས་མཆོག་ནས་སྲིད་བློན་མོ་དྷིའི་འཁྲུངས་སྐར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག

ཕྱི་ཚེས་༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་དྷིའི་འཁྲུངས་སྐར་ལ་འཚམས་འདྲི་དང་སྐུའི་འཕྲོད་བཞེས་བཟང་པོ་ཡོང་བའི་སྨོན་འདུན་གནང་བའི་གསུང་འཕྲིན་ཞིག་གནང་འདུག ཁོང་གིས་རྒྱ་གར་གྱིས་འཚེ་མེད་ཞི་བ་དང་སྙིང་རྗེ་ཡི་སྲོལ་རྒྱུན་རྒྱུད་འཛིན་བྱས་ཏེ་འཛམ་གླིང་ལ་མིག་དཔེ་བཟང་པོ་ཞིག་བསྟན་ཡོད་ཅིང་། དེའི་ཐོག་མང་གཙོའི་རྒྱལ་ཁབ་ཤུགས་ཆེན་ཞིག་ཡིན་པའི་ཆ་ནས། རྒྱ་གར་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པ་དེས། ང་ཚོའི་འབྲེལ་ལམ་ཇེ་ཟབ་ཏུ་འགྲོ་བཞིན་པའི་འཛམ་གླིང་ནང་ཞི་བདེ་དང་གྲོས་མོལ་ལ་རྒྱ་གར་གྱིས་མཉམ་ཞུགས་གལ་ཆེན་བྱེད་ཐུབ་པ་མཚོན་གྱི་ཡོད། སྔར་བཞིན་ངས་གོ་སྐབས་འདི་བརྒྱུད་རྒྱ་གར་གཞུང་མང་གཉིས་ནས་ང་དང་བཙན་བྱོལ་བོད་མི་རྣམས་ལ་ལོ་ངོ་ ༦༥ ལྷག་གི་རིང་གཏོང་ཕོད་ཆེ་བའི་རོགས་རམ་དང་མགྲོན་པོ་བརྩིས་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་འདུག ད་དུང་༸གོང་ས་མཆོག་གིས་མཐའ་དོན་དུ། ངས་སྐུ་ཉིད་ལ་སྐུ་གཟུགས་བདེ་ཐང་དང་། རྒྱ་གར་རྒྱལ་ཁབ་ཀྱི་མི་མང་གི་རེ་བ་དང་མངོན་འདོད་རྣམས་མངོན་འགྱུར་ཡོང་བ་དང་། དེ་བཞིན་སྙིང་རྗེ་དང་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་ཞབས་འདེགས་ཞུ་ཐུབ་པའི་སྨོན་འདུན་ཞུས་གནང་ཡོད་འདུག  གསར་འགོད་པ། བསོད་ནམས་ཕུན་ཚོགས།

བདེ་སྲུང་བཀའ་བློན་ནས་ཨོ་གླིང་དུ་གཞིས་སྤོའི་ལས་གཞི་སླར་གསོ་བྱུང་ཡོད་པར་བརྗོད་གནང་སོང་།

ཕྱི་ཟླ་༩ ཚེས་༡༧ སྐབས་༡༧ པའི་གྲོས་ཚོགས་ཚོགས་དུས་༨ པའི་ལས་ཉིན་༦ ཚོགས་ཐུན་༣ པར། སྤྱི་འཐུས་རྒྱུན་ལས་ནས་བདེ་སྲུང་གི་ལས་བསྡོམས་རྒྱས་པར་གཟིགས་ཞིབ་ཀྱིས་དོགས་འདྲི་ཕུལ་བ་ཁག་ལས། ད་ལྟའི་ཆར་ཨོ་གླིང་གི་ལས་གཞི་བསྐྱར་གསོ་ཐུབ་རེ་ཡོད་མེད་སོགས་ཀྱི་སྐོར་འདྲི་སྐབས། བདེ་སྲུང་བཀའ་བློན་ནས་སྡེ་སྲུང་ལས་ཁུངས་ནས་ངོས་བཞེས་ཟིན་པའི་ཆབ་སྲིད་བཙོན་ཟུར་འབྲེལ་ཡོད་འབྲེལ་ཆགས་རྣམས་ལ་ཕན་ཐོགས་ཆེ་བའི་ཨོ་གླིང་གཞིས་སྤོའི་ལས་གཞི་དེ་དག་ཨོ་གླིང་གཞུང་གིས་སྤྱི་ཡོངས་གཞིས་སྤོའི་ཁྲིམས་ཡིག་དང་དེ་འབྲེལ་ལས་དོན་བྱེད་ཕྱོགས་ཁག་ཅིག་ལ་འགྱུར་བ་ཕྱིན་པར་བརྟེན། བོད་མིའི་གཞིས་སྤོའི་ལས་གཞི་ལའང་དོ་ཕོག་ཤུགས་ཆེར་སོང་ཡོད་པས་ཨོ་གླིང་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་འགན་རྐང་བཞེས་ཐོག་ཕྱོགས་ཡོངས་ནས་ཐབས་འཚོལ་དང་འབད་བརྩོན་ཞུས་འབྲས་སུ། ཉེ་ལམ་ཨོ་གླིང་གཞུང་གིས་དགོངས་པ་ཆེ་བཞེས་ཀྱིས་ལས་གཞི་དེ་ཉིད་སླར་གསོ་བྱུང་ཡོད་སྐོར་འབྲེལ་ཡོད་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་སྙན་གསན་བྱུང་ཞེས་ལན་གནང་སོང་ལ། དེ་བཞིན་དཔལ་ལྡན་སྲིད་སྐྱོང་ནས་ཀྱང་ཨོ་གླིང་གི་ལས་གཞི་དེ་སྔ་བཞིན་མུ་མཐུད་ནས་གནས་ཀྱི་ཡོད་ཅེས་ཨོ་གླིང་གཞུང་གིས་༢༠༢༤ ཕྱི་ཟླ་༩ ཚེས་༩...

རྒྱ་གཞུང་གིས་བོད་ནང་དུ་ཁ་ཕྲལ་བར་རྡུང་རྡེག་གཏོང་རྒྱུ་ཟེར་བ་ཛ་དྲག་ཏུ་གཏོང་བཞིན་ཡོད་འདུག

རྒྱ་ནག་དམར་ཤོག་གཞུང་བཙུགས་ནས་ལོ་༧༥ འཁོར་ལ་ཉེ་བའི་སྐབས་འདིར། བོད་ནང་རྒྱ་ནག་གཞུང་གི་དམ་དྲག་དང་། ཁ་ཕྲལ་ལ་རྡུང་རྡེག་གཏོང་དགོས་ཚུལ་གྱི་ཁྱབ་བསྒྲགས་བྱས་ནས་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་འདུག ཕྱི་ཚེས་༡༦ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་གསལ་ལྟར་ན།  བདུན་ཕྲག་སྔོན་མར་རྒྱ་ནག་གི་བདེ་འཇགས་འགོ་ཁྲིད་ཀྱིས་བོད་ཀྱི་ས་ཁུལ་དུ་ལྟ་སྐོར་ཕྱིན་ཡོད་འདུག་པ་དང་། སྐབས་དེ་དུས་བོད་ནང་བདེ་འཇགས་མི་སྣ་ཚོས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་རྒྱུ་དང་རང་བཙན་གྱི་བྱ་འགུལ་ལ་སྔོན་འགོག་བྱེད་རྒྱུ་ནི་གལ་ཆེ་ཤོས་ཀྱི་ལས་འགན་ཡིན་པར་བཤད་ཡོད་འདུག  ཏང་གི་བདེ་འཇགས་སྡེ་ཚན་གྱི་མགོ་ཁྲིད་དང་དབུས་ཆབ་སྲིད་དང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་འཛིན་(Chen Wenging )ཁྲེན་ཝིན་ཆིང་གིས། བདེ་འཇགས་སྲུང་སྐྱོབ་དམག་མི་ཡིས་ཁ་ཕྲལ་དང་གཏོར་བཤིག་གི་བྱ་འགུལ་ལ་སྔོན་འགོག་ནན་པོ་བྱེད་དགོས་པར་ནན་བརྗོད་བྱས་ཡོད་འདུག་ལ། ཁོས་ད་དུང་ཉེན་ཁ་སྔོན་འགོག་དང་ནག་ཉེས་ལ་རྡུང་རྡེག་གཏོང་བ། བརྟན་ལྷིང་རྒྱུན་འཁྱོངས་བཅས་ཀྱི་ཆེད་དུ་ཆོས་ལུགས་ཀྱི་ལས་དོན་ལ་དོ་དམ་ནན་པོ་བྱེད་དགོས་པ་དང་ཆབས་ཅིག རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོར་ཁག་ལ་ལྟ་རྟོགས་ནན་པོ་བྱེད་དགོས་ཞེས་བཤད་ཡོད་འདུག...

ང་ཚོས་མེ་ཆུང་དུས་ནས་གསོད་མ་ཐུབ་ན་དཀའ་ངལ་འཕྲད་རྒྱུ་རེད།

ཉེ་ཆར་ཧྥ་རན་སིའི་འགྲེམས་སྟོན་ཁང་གཉིས་ནས་བོད་ཅེས་པའི་མིང་ཚབ་ཏུ་ཤིས་ཙང་ཞེས་རྒྱ་གཞུང་གི་མངོན་འདོད་ལྟར་བསྒྱུར་ཡོད་འདུག་པས། སྐུའི་གསུང་བསྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པས་རྒྱ་མི་དབང་ཆེ་དང་མི་ཆེ་ཧྥ་རན་སི་ལ་དེ་ལྟར་བྱས་པས། ཧྥ་རན་སི་ལ་བོད་པ་མང་པོ་ཡོད་པས་ཁ་ཁར་མ་བསྡད་པར་གོ་སྐབས་དམ་འཛིན་གྱིས་འགྲེམས་སྟོན་ཁང་གི་སྒོ་འགྲམ་དུ་ཕྱིན་ནས་སྐད་འབོད་རྒྱག་དགོས་པ་དང་། མེ་ཆུང་དུས་ནས་གསོད་མ་ཐུབ་ན་ང་ཚོར་དཀའ་ངལ་འཕྲད་རྒྱུ་ཡིན་པར་གསུངས།  དེ་ཡང་ཧྥ་རན་སིའི་རྒྱལ་སའི་ནང་འཛམ་གླིང་ས་ཁུལ་གང་སར་ནས་མཁོ་སྒྲུབ་བྱས་པའི་དངོས་པོ་ས་ཡ་གཅིག་ལྷག་ཙམ་ཡོད་པའི་འགྲེམས་སྟོན་ཁང་(du quai Branly) ཞེས་པ་ཞིག་དང་། དེ་བཞིན་ཕྱི་ལོ་༡༨༨༩ ལོ་གསར་འཛུགས་བྱས་པའི་རྒྱལ་ཡོངས་འགྲེམས་སྟོན་ཁང་(Musée Guimet) ཞེས་པ་གཉིས་ཡོད་འདུག་པ་དང་། འགྲེམས་སྟོན་ཁང་དེ་གཉིས་ནས་རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་འབྲི་བྱེད་པ་དང་རྒྱ་མི་མ་ཡིན་པའི་མི་རིགས་རྩ་མེད་བཟོ་རྒྱུའི་འཆར་གཞི་དང་མཐུན་པའི་ཐ་སྙད་དག་བེད་སྤྱོད་བྱེད་རྒྱུར་མོས་མཐུན་བྱས་པ་སྟེ། དཔེར་ན་ཡུ་རོབ་ཀྱི་ཕྱི་རོལ་ནས་བྱུང་བའི་མི་རིགས་རིག་པའི་དངོས་རྫས་དང་གདོད་མའི་སྒྱུ་རྩལ་གྱི་འགྲེམས་སྟོན་གཙོ་བོ་ཡོད་སའི་འགྲེམས་སྟོན་ཁང་(du quai...

བྱང་ཨ་རིའི་མི་ནི་སོ་ཊའི་ནང་སློབ་གྲྭ་གསར་འཛུགས་ཀྱི་ཆོག་མཆན་ཐོབ་ཡོད་འདུག

ཨ་མི་རི་ཀའི་མི་ནེ་སོ་ཊ་མངའ་སྡེའི་ནང་། བོད་རིགས་དང་ཕྱི་རྒྱལ་དོན་གཉེར་བ་ཁག་ཅིག་གིས་མངའ་སྡེའི་ནང་དམིགས་བསལ་སློབ་གྲྭ་ཞེས་པ་གསར་འཛུགས་བྱེད་རྒྱུའི་འཆར་གཞིའི་ཐོག་ནས་མངའ་སྡེའི་ཤེས་རིག་ལས་ཁུངས་སུ་ཞུ་སྐུལ་གནང་བ་བཞིན་ཆོག་མཆན་ཐོབ་ཡོད་འདུག  མི་ནི་སོ་ཊའི་བོད་རིགས་དམིགས་བསལ་སློབ་གྲྭ་གནའ་དེང་ཤེས་ཡོན་བསྟི་གནས་ཁང་གི་འགན་འཛིན་ལྷན་ཚོགས་ནས་ཟླ་འདིའི་ཕྱི་ཚེས་༡༡ ཉིན་ཡོངས་ཁྱབ་ཀྱི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། དེའི་ནང་དུ་བོད་རིགས་དང་ཕྱི་རྒྱལ་དོན་གཉེར་བ་ཁག་ཅིག་གིས་མི་ནི་སོ་ཊའི་ཤེས་རིག་ལས་ཁུངས་སུ་སློབ་གྲྭ་གསར་འཛུགས་ཀྱི་ཞུ་སྐུལ་ཕུལ་བ་བཞིན། ས་གནས་སུ་བོད་ཀྱི་སྐད་དང་རིག་གཞུང་སློབ་སྤེལ་བྱ་ཡུལ་བོད་མིའི་སློབ་གྲྭ་ཞིག་གསར་འཛུགས་ཀྱི་ཆོག་མཆན་གནང་ཡོད་པ་དང་། གསར་འཛུགས་གནང་རྒྱུའི་སློབ་གྲྭ་དེ་ནི། བྱང་ཨ་རིའི་ནང་བོད་མི་ཇེ་མང་དུ་འགྲོ་བཞིན་པ་དང་འཚར་ལོངས་ཡོང་བཞིན་པའི་བོད་ཕྲུག་རྣམས་ལ་བོད་ཀྱི་སྐད་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སོགས་ཀྱི་ཆེད་དུ་དམིགས་པ་ཞིག་ཡིན་འདུག་པ་དང་། སློབ་གྲྭ་དེའི་ནང་དུ་བོད་ཀྱི་སྐད་དང་རིག་གཞུང་། དེང་རབས་ཀྱི་ཤེས་ཡོན། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སོགས་སློབ་ཁྲིད་གནང་རྒྱུ་ཡིན་འདུག ཉེ་བའི་ཆར་དུ་སློབ་གྲྭ་དེ་གསར་འཛུགས་ཆེད་དུ་གཙོ་བོའི་འགན་ཁུར་བ་ཐུབ་བསྟན་ཟླ་གྲགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཏེ་ལས་དོན་སྙན་སེང་ཞུས་ཡོད་འདུག་པ་དང་། དེ་བཞིན་མགོན་པོ་གང་ཉིད་ཀྱིས་ཐུགས་དགྱེས་ཚོར་ཆེན་པོས་སློབ་གྲྭའི་མིང་ལ་གནའ་དེང་ཤེས་ཡོན་བསྟི་གནས་ཁང་ཞེས་དང་དབྱིན་ཡིག་ནང་(Ocean of wisdom)་ཞེས་བསྩལ་གནང་འདུག ...

རྡ་ཤོད་ཀང་རའི་འགྲེམས་སྟོན་ཁང་དུ་བོད་སྐོར་དང་འབྲེལ་བའི་བྱིས་པའི་རི་མོ་ཞིག་འགྲེམས་སྟོན་གནང་སོང་། 

ཁ་དོག་ཟེར་བའི་བོད་ཀྱི་སྒྱུ་རྩལ་བའི་མཐུན་ཚོགས་ཀྱིས་དེ་རིང་རྡ་ཤོད་དུ་ཡོད་པའི་ཀང་ར་སྒྱུ་རྩལ་འགྲེམས་སྟོན་ཁང་དུ་ང་རང་བོད་ལ་ཡོད་ན་ཞེས་པའི་རི་མོའི་འགྲེམས་སྟོན་ཞིག་བརྗོད་གཞི་དེ་དང་འབྲེལ་བའི་སློབ་མ་ཚོ་རང་རང་གི་རི་མོ་མང་པོ་བྲིས་གནང་འདུག ཕྱི་ཚེས་༡༣ ཉིན་ཁ་དོག་ཟེར་བའི་བོད་ཀྱི་སྒྱུ་རྩལ་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་ཏུ་ཧི་མ་ཅལ་མངའ་སྡེའི་ཁྱབ་ཁོངས་སུ་ཡོད་པའི་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་ལྔ་ནས་ཡོང་བའི་སློབ་མ་ཚོས་བྲིས་གནང་བའི་རི་མོ་རྣམས་རྡ་ཤོད་དུ་ཡོད་པའི་ཀང་རའི་འགྲེམས་སྟོན་ཁང་དུ་འགྲེམས་སྟོན་དབུ་འཛུགས་གནང་སོང་། འགྲེམས་སྟོན་དེ་ཕྱི་ཚེས་༡༣ ཉིན་ནས་ཕྱི་ཚེས་༡༩ བར་ཉིན་གྲངས་བདུན་རིང་བྱེད་འཆར་ཡོད་འདུག ཐེངས་འདིའི་རི་མོའི་འགྲེམས་སྟོན་དེའི་ནང་འཛིན་རིམ་དྲུག་པ་དང་བཅུ་གཉིས་བར་ཁྱོན་སློབ་མ་༡༨༠ ཙམ་གྱིས་རི་མོ་བྲིས་ནས་སྤྲོད་མཁན་བྱུང་ཡོད་འདུག་པའི་ནང་ནས་རི་མོ་༥༠  བདམས་ནས་འགྲེམས་སྟོན་བྱས་འདུག དེ་རིང་བྱིས་པའི་རི་མོའི་འགྲེམས་སྟོན་སྐབས་སུ་ཀང་ར་རྫོང་གི་རྫོང་དཔོན་གཞོན་པ་(DC Shri Hemraj Bairwa)ཕེབས་ནས་དབུ་འབྱེད་གནང་སོང་། སྐབས་དེ་དུས་ཁོང་གིས་རི་མོ་འགྲེམས་སྟོན་བྱེད་རྒྱུ་དེ་གལ་ཆེན་ཡིན་པ་དང་། དམིགས་བསལ་བོད་པའི་སློབ་ཕྲུག་ཚོས་བོད་སྐོར་རི་མོ་བྲིས་ནས་གཞན་ལ་སྟོན་རྒྱུ་གལ་ཆེན་ཡིན་པར་བརྗོད་སོང་།...

གཞུང་ཆེན་བོད་བསྒྱུར་འགྲེམས་སྤེལ་དང་བགྲོ་གླེང་ཚོགས་འདུ།

ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཡིག་ཚང་ནས་པར་དང་གནས་ཚུལ་མཁོ་སྤྲོད་གནང་དོན། ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༩ ཚེས་ ༡༡ རེས་གཟའ་ལྷག་པ་ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེར་བོད་བརྒྱུད་དང་རྒྱ་བརྒྱུད། ལྷོ་བརྒྱུད་ནང་བསྟན་གྱི་བླ་ཆེན་སོགས་གནད་ཡོད་མི་སྣ་ཁག་དང་། དགེ་འདུན་པ་ལྷན་འཛོམས་ཀྱིས་དྷརྨོའི་གཞུང་ཆེན་བཞི་བོད་བསྒྱུར་དེབ་གསར་མཛད་སྒོ་དང་། ནང་བསྟན་དར་སྤེལ་བགྲོ་གླེང་སྐབས་བཅུ་གཉིས་པ་བཅས་མཉམ་དུ་འཚོགས་ཡོད། ཉིན་དེའི་སྔ་དྲོར་ཞིབ་འཇུག་ཚོགས་པས་གདན་ཞུས་ལོ་ཙཱ་བ་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ལོ་གཉིས་ལྷག་གི་འབད་བརྩོན་བརྒྱུད་ཡོངས་སུ་བསྒྱུར་ཟིན་པའི་སློབ་དཔོན་ཆེན་པོ་དྷརྨོཏྟ་རའི་གཞུང་ཆེན་པོ་བཞི་དང་། ལམ་མངོན་པར་རྟོགས་པའི་གླུ་བཅས་ཞིབ་འཇུག་ཚོགས་པའི་མཚན་ཐོག་ནས་འགྲེམ་སྤེལ་ཞུས་ཤིང་། ཞིབ་ཚོགས་ཀྱི་ཚོགས་གཙོ་རྫོང་སར་མཁན་པོ་ཚེ་དབང་རིག་འཛིན་མཆོག་གིས་དེབ་གསར་བོད་ཡིག་ཏུ་བསྒྱུར་དགོས་པའི་རྒྱུ་མཚན་སོགས་ཀྱི་ཐད་གསུང་བཤད་གྲུབ་པ་དང་། སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་ཀུན་བདེ་གླིང་རིན་པོ་ཆེ་དང་།...

ཁྱེད་ཀྱིས་གཟིགས་མེད་སྲིད།