བུད་མེད་རང་ལོ་༢༠ ཅན་གྱི་རང་ལུས་མེར་སྲེག
འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་༡༢ ཚེས་༢༢ ཀྱི་ཕྱི་དྲོའི་ཆུ་ཚོད་༢ ཙམ་གྱི་ཐོག མདོ་སྨད་རྔ་པ་རྫོང་། རྨེའུ་རུ་མའི་ཡུལ་ཚོ་རུ། རང་ལོ་༢༠ ཙམ་ཡིན་པའི་ཚེ་པེ་སྐྱིད་ཀྱིས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་འདུག

ཚེ་པེ་སྐྱིད་ནི་རྔ་པ་རྨེའུ་རུ་མའི་རུ་ཆེན་བཞི་བའི་ཆུ་རྡོར་ཚང་གི་ཕ་མིང་ལ་ཆུ་རྡོར་དང་མ་མིང་ལ་ཅན་དཔའ་(ལྷ་མོ་)གཉིས་ཀྱི་བུ་མོ་ཡིན་འདུག
ཁོང་ལ་ད་སྐབས་ཤུལ་དུ་ཕུ་བོ་གཉིས་དང་ཨ་ཅེ་གཅིག ནུ་མོ་གཅིག་དང་ནུ་བོ་གཅིག ཕ་མ་གཉིས་བཅས་ཡོད་པ་དང་། ༢༠༠༩ ལོ་ནས་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་ ༡༣༤ པ་ཡིན་པ་རེད།
གསར་འགོད་པ་ངག་དབང་ཐར་པ།