ཁམས་རྟའུ་རུ་བོད་མི་ཞིག་གིས་རང་སྲེག་རྒྱ་རྒོལ།

རྟའུ་རྫོང་ཉ་མཚོ་དགོན་པའི་དགེ་མདུན་པ་སྐལ་བཟང་ཡེ་ཤེས་ཀྱིས། ཕྱི་ཟླ་༡༢ པའི་ཚེས་༢༣ ཉིན་གྱི་བོད་ནང་གི་སྔ་དྲོ་ཆུ་ཚོད་བཅུ་གཅིག་ཙམ་ལ། རྟའུ་ཉ་མཚོ་དགོན་པར་ལྟ་སྲུང་བྱེད་མཁན་གྱི་ཉེན་རྟོག་ལས་ཁུངས་ཀྱི་ཉེ་འགྲམ་དུ། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་དང་བོད་ལ་རང་དབང་དགོས་ཞེས་སྐད་འབོད་གནང་ཞོར་རང་སྲེག་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་པའི་གནས་ཚུལ་འདུག

kalsang Yeshi 1རྟའུ་རྫོང་ཉ་མཚོ་དགོན་པའི་དགེ་མདུན་པ་སྐལ་བཟང་ཡེ་ཤེས་ཀྱིས། ཕྱི་ཟླ་༡༢ པའི་ཚེས་༢༣ ཉིན་གྱི་བོད་ནང་གི་སྔ་དྲོ་ཆུ་ཚོད་བཅུ་གཅིག་ཙམ་ལ། རྟའུ་ཉ་མཚོ་དགོན་པར་ལྟ་སྲུང་བྱེད་མཁན་གྱི་ཉེན་རྟོག་ལས་ཁུངས་ཀྱི་ཉེ་འགྲམ་དུ། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་དང་བོད་ལ་རང་དབང་དགོས་ཞེས་སྐད་འབོད་གནང་ཞོར་རང་སྲེག་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་པའི་གནས་ཚུལ་འདུག

 

 

kalsang Yeshi2
པར་དང་གནས་ཚུལ་འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས་

འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དེའི་རྗེས་ཉེན་རྟོག་པས་ཁོང་གི་སྐུ་ཕུང་བཙན་འཕྲོག་བྱེད་དེ་རྟའུ་རྫོང་གི་ཉེན་རྟོག་ལས་ཁུངས་སུ་ཁྱེར་ཡོད་པས། ས་གནས་མང་ཚོགས་ཀྱིས་སྐུ་ཕུང་རྩིས་སྤྲོད་དགོས་པའི་དགོས་མདུན་བཏོན་ཡང་། ད་ལྟའི་ཆར་སྐུ་ཕུང་རྩིས་སྤྲོད་བྱས་མེད་པ་དང་། ས་གནས་མང་ཚོགས་དང་ཉེན་རྟོག་པའི་བར་དུ་འགལ་ཟླ་ཡོང་བར་བློ་འཚབ་བྱེད་བཞིན་འདུག དེ་རྗེས་ཀྱི་གནས་ཚུལ་གསལ་པོ་རྟོགས་ཐུབ་ཀྱི་མེད་པ་དང་། ཡུལ་འདིའི་དྲ་རྒྱ་དང་ཁ་པར་ལ་སོགས་པའི་བརྡ་རྟགས་བཀག་འགོག་བྱས་ཡོད་འདུག

སྐལ་བཟང་ཡེ་ཤེས་ནི་སྔོན་མ་རྒྱ་གར་ལ་ཕེབས་ཏེ་ལྷོ་ཕྱོགས་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་སློབ་གཉེར་གནང་མྱོང་ཡོད་པ་དང་། ཕྱིས་སུ་བོད་དུ་ཕེབས་ཏེ་རྟའུ་ཉ་མཚོ་དགོན་པར་མི་མང་ལ་ནང་ཆོས་ངོ་སྤྲོད་དང་ཉམས་ཐག་བྱིས་པ་དང་རྒན་རྒོན་ཚོར་བོད་ཡིག་སློབ་ཁྲིད་བྱེད་པ་སོགས་ས་གནས་མང་ཚོགས་ཀྱིསབརྩི་བཀུར་བྱེད་སའི་དགེ་འདུན་པ་ཞིག་ཡིན་པ་འབྲེལ་ཡོད་ཀྱིས་འགྲེལ་བརྗོད་བྱས་འདུག

སྐལ་བཟང་ཡེ་ཤེས་ནི་ཁམས་རྟའུ། མ་ཟུར་ཡུལ་ཚོ། སྐུ་ནོར་སྡེ་པ་ནས་ཡིན་པ་པ་དང་། ད་ལྟ་རང་ལོ་༣༧ དང་། ཨ་མའི་མིང་ལ་བྱམས་པ་ལྷ་མོ་དང་ཨ་ཕའི་མིང་ལ་རྡོ་རྗེ་ཟེར་གྱི་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།