ཁམས་བྲག་གཡབ་སེར་སྐྱ་མིང་མང་གིས་༧གོང་ས་མཆོག་ལ་བརྟན་བཞུགས།

ཟླ་འདིའི་ཚེས་༢༦ ཉིན་གྱི་སྔ་དྲོ་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་བྱང་ཆུབ་ལམ་རིམ་གྱི་གསུང་ཆོས་སྐབས། ཁམས་བྲག་གཡབ་གཞིས་བྱེས་སེར་སྐྱ་མི་མང་གིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་ཡོད་པ་རེད།

ཟླ་འདིའི་ཚེས་༢༦ ཉིན་གྱི་སྔ་དྲོ་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་བྱང་ཆུབ་ལམ་རིམ་གྱི་གསུང་ཆོས་སྐབས། ཁམས་བྲག་གཡབ་གཞིས་བྱེས་སེར་སྐྱ་མི་མང་གིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་ཡོད་པ་རེད།

dagyab tenshuk  2014   12   26དེ་ཡང་ཐོག་མར་བྲག་གཡབ་སྐྱབས་མགོན་བློ་ལྡན་ཤེས་རབ་རིན་པོ་ཆེས་༧གོང་ས་མཆོག་གི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་ལས་བརྩམས་པའི་མཎྜལ་ལྗགས་བཤད་གནང་གྲུབ་པ་དང་།   ༧གོང་ས་མཆོག་གིས་བརྟན་བཞུགས་དེ་དང་འབྲེལ་ནས་བཀའ་སློབ་གནང་དོན།     “དེ་རིང་བྲག་གཡབ་མི་ཁོངས་ཀྱིས་བརྟན་བཞུགས་ཤིག་བྲག་གཡབ་རིན་པོ་ཆེའི་དབུ་མཛད་ནས་ཕུལ་གྱི་ཡོད་པ་རེད། བྲག་གཡབ་རིན་པོ་ཆེ་སྔོན་མ་ཆུང་ཆུང་སྐབས་སུ་བོད་ནང་ནས་ངོ་ཤེས་པ་རེད། དེ་ནས་རྒྱ་གར་ལ་ཕེབས་པ་ནས་བཟུང་རིན་པོ་ཆེས་ལས་འགན་ཁུར་ནས་ཧུར་ཐག་གནང་སོང་། བར་སྐབས་ནས་རིན་པོ་ཆེ་འཇར་མན་ལ་ཕེབས་ནས་ག་ཚོད་ཐུབ་ཐུབ་ཆོས་དང་རིག་གཞུང་ལ་དོ་སྣང་བྱེད་མཁན་ཚོའི་རེ་འདོད་བསྐྱོང་ཕྱིར་དང་། བར་སྐབས་བོད་ཀྱི་ཁང་པ་བོད་ཁང་ཟེར་བ་ཞིག་བཙུགས་ནས་ཁ་སང་ང་དེར་ཕྱིན་པ་རེད། ཧུར་ཐག་བྱས་པ་རེད། རྙོག་གྲ་གཅིག་དེ་རིན་པོ་ཆེའི་ཐོག་མ་དོལ་རྒྱལ་བསྟེན་གསོལ་བྱེད་ཀྱི་ཡོད་པ་རེད། ངས་ཀྱང་བསྟེན་པ་རེད། རྗེས་ལ་ངོས་ནས་སྲེག་བཅད་བརྡར་གསུམ་བྱས་ནས་ལེགས་ཉེས་གང་འདྲ་ཡིན་པ་གསལ་པོ་ཆགས་ཡོང་དུས་རིན་པོ་ཆེས་ཐེ་ཚོམས་སོམ་ཉི་མེད་པར་ངས་དེ་རྒྱུ་མཚན་ལྡན་པའི་ཐོག་ནས་རྒྱལ་བའི་དགོངས་པ་སྤྱི་དང་འཇམ་མགོན་བླ་མ་ཡབ་སྲས་ཀྱིས་དགོངས་པ་དང་མཐུན་པ་ཞིག་ངས་ལམ་བྱས་བཞག་པ་དེར་རིན་པོ་ཆེ་ཤར་བསྐྱོད་གནང་ནས་ཧུར་ཐག་གནང་སོང་།   དེར་བརྟེན་རིན་པོ་ཆེ་ལ་དམིགས་གསལ་གྱི་ལྟ་དགོས་པ་ཞིག་ང་ལ་འགན་ཡོད་པ་རེད།   ཚུར་བློ་བརྒྱ་ཆ་བརྒྱ་ཐམ་པ་ཁེལ་ན་དེ་ལ་དཔག་པ་ཞིག་ལྟ་དགོས་པ་རེད།   ང་རང་ཚོའི་ཁ་རྒྱུན་ན་ཡོད་པ་བཞིན་བློ་ཕྱེད་ཀ་ཁེལ་ན་ཕྱེད་ཀ་དང་། ཆ་ཚང་ཁེལ་ན་ཆ་ཚང་རེད།   བྱས་ཙང་བྲག་གཡབ་བརྟན་བཞུགས་ཏེ་གཞན་དག་དང་ཐུན་མོང་དུ་མ་འདྲེས་པའི་ཐོག་ནས་དགོས་ཀྱི་ཡོད་ཅེས་གསུང་གི་འདུག དུས་ཚོད་ཀྱི་ཆ་ནས་མ་འདང་བ་ཆགས་ཀྱི་ཡོད་པ་རེད་དེ་དམིགས་གསལ་ཡོད་སྐོར་དང་།   བྲག་གཡབ་རིན་པོ་ཆེའི་དབུས་བྲག་གཡབ་སྤྱི་མཐུན་གྱི་ཐོག་ནས་བརྟན་བཞུགས་ཕུལ་བ་དེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་”ཞེས་གསུངས་སོང།

dagyab tenshuk1  2014   12   26༧གོང་ས་མཆོག་གིས་མུ་མཐུད་གསུང་དོན། “རིན་པོ་ཆེས་གསོལ་འདེབས་དང་འབྲེལ་བཤད་ཞེ་དྲག་ཡག་པོ་བྱུང་འདུག   ང་ལ་ཡང་སེམས་པ་ཞེ་དྲག་ཤོར་ནས་དེ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།   གཤམ་དུ་དོལ་རྒྱལ་གྱི་སྐོར་དེ་རིན་པོ་ཆེ་རང་གིས་དངོས་ཡོད་གནས་ཚུལ་དེ་འབྲེལ་བཤད་བསྐྱོན་པ་ཞེ་དྲག་ཡག་པོ་འདུག   བྱས་ཙང་ཁྱེད་རང་ཚོའི་བྲག་གཡབ་པ་བྱེས་སུ་ཡོད་པ་དང་བོད་ནང་ཡོད་པ་ཡིན་ན་ཡང་རེད།   དེ་ཚོ་བློ་གཟུ་བོར་གནས་པའི་ཐོག་ནས་བྱེད་དགོས་པ་རེད། རྨོངས་དད་ལྐུག་པ་དེ་འདྲ་མིན་པར་བསམ་བློ་གཏོང་དགོས་པ་རེད། ཤེས་སོང་ངམ།   དངོས་གནས་དྲང་གནས་རྒྱུ་མཚན་ག་རེ་འདུག་མིན་ལྟ་དགོས་པ་རེད།   དེ་འདྲ་ཡིན་དུས་དེ་རིང་རིན་པོ་ཆེས་གསུང་བཤད་དེས་ཕྲན་བུ་ཕན་ཐོགས་ཡོད་མདོག་རེད།   དེ་འདྲ་ཡིན་དུས་ཡག་པོ་ཞེ་དྲག་བྱུང་སོང་།   མཇུག་ལ་རིན་པོ་ཆེས་མ་འོངས་པར་གཞིས་བྱེས་མཉམ་མཛོམས་བྱུང་བའི་སྐབས་སུ་བྲག་གཡབ་ལ་ཕེབས་རོགས་གྱིས་ཞེས་གསུངས་སོང་།   སྔོན་མ་ཤར་རྩེ་གྲྭ་ཚང་གིས་དོལ་རྒྱལ་བརྟེན་གྱི་ཡོད་པའི་ཁ་ཐུག་ལ་ཤར་རྩེ་གྲྭ་ཚང་གི་འདུ་ཁང་རྙིང་པ་དེའི་ནང་ལོགས་སུ་ངས་ལབ་རྒྱུ་བྱུང་།   ཁྱེད་རང་ཚོ་བགྲེས་པ་ཚོའི་ཕལ་ཆེར་དྲན་གྱི་མེད་དམ།   ཁྱེད་རང་ཚོའི་དོལ་རྒྱལ་བཞག་ནས་གཙང་མ་བྱས་ན་འགྲིག་པ་རེད།   འདི་ལྟར་བསྡད་པ་ཡིན་ན་ང་ཕྱིན་ཆད་ཤར་རྩེ་གྲྭ་ཚང་ལ་གོམ་པ་སྤོ་ཡི་མིན་ད་ཞེས་ལབ་པ་ཡིན།   དེ་རིང་འདིར་ཡང་དེ་ག་རང་ལབ་ཀྱི་ཡིན་ད།   ཁྱེད་རང་ཚོའི་ཤོག་ལབ་ཀྱི་ཡོད་པ་རེད་དེ། དཔེར་ན་རྒྱལ་བ་རིན་པོ་ཆེའི་སྲོག་གི་ཉེན་ཁ་བརྩི་དགོས་ས་ཞིག་ལ་ང་ག་རེ་བྱས་ནས་འགྲོ་དགོས་པ་རེད། འགྲོ་ཤེས་ཀྱི་མ་རེད་པཱ་”ཅེས་དང་།

༧གོང་ས་མཆོག་གིས་མུ་མཐུད་ནས་གསུང་དོན།     “རྒྱ་གར་གཞུང་ལ་ཆ་བཞག་པ་ཡིན་ན་སྲུང་སྐྱོབ་དེ་ཞེ་དྲག་ཤུགས་ཆེ་རུ་གཏོང་ཡོང་གི་འདུག་ཨ།   ང་ཕྱི་རྒྱལ་གང་དུ་ཕྱིན་པ་ཡིན་ན་ཡང་རྒྱལ་བ་རིན་པོ་ཆེས་སྲོག་ལ་ཉེན་ཁ་ཡོད་པ་ཞིག་མཐོང་གི་འདུག་གམ།     བྱས་ཙང་ང་དེ་འདྲ་ཞིག་ལ་ག་རེ་བྱས་ནས་འགྲོ་དགོས་པ་རེད།     དེ་འདྲ་ཡིན་དུས་ཁྱེད་རང་ཚོའི་སྐད་གཏོང་གི་ཡོད་པ་རེད་དེ་འགྲོ་དང་མི་འགྲོ་དེ་ང་རང་གིས་རང་དབང་རེད།   ཁ་ལ་ཉན་པ་དང་དད་པ་དམ་ཚིག་ཡོད་པ་ཡིན་ན་བླ་མ་ཕྱིན་ནས་དགོས་པ་ཡོད་པ་རེད། དད་པ་དམ་ཚིག་མེད་ན་ང་ག་རེ་བྱས་ནས་འགྲོ་དགོས་པ་རེད།   ང་ཚོང་པ་ཡིན་ན་ཚོང་རྒྱག་ཏུ་འགྲོ་ཡི་རེད།   དེ་འདྲ་ཡིན་དུས་ཁྱེད་རང་ཚོ་བྲག་གཡབ་ལ་ལབ་འདོད་བྱུང་། དེང་སང་ཆབ་མདོར་དོལ་རྒྱལ་ཤུགས་ཆེན་པོ་གང་བསྟེན་བཞིན་འདུག ཡག་པོ་ཞེ་དྲག་རེད། ཁོ་པ་ཚོས་ཤུགས་ལྡན་བསྟེན་ནས་ཕན་ཐོགས་འདུག་ན་རྗེས་སུ་ཡི་རངས་ཡོད། ཁྱད་གང་ཡང་མེད། འོན་ཀྱང་ངོས་རང་འགྲོ་རྒྱུ་ནམ་ཡང་ཡོང་གི་མ་རེད། གཞིས་བྱེས་མཉམ་འཛོམས་ཤིག་ཡོང་འདོག་ཁ་པོ་རེད། དེ་བྱུང་མཚམས་དོལ་རྒྱལ་སྟོན་མཁན་ཚོའི་དགོན་པའི་ནང་ངོས་རང་འགྲོ་ཐབས་རྩ་བ་ནས་མེད། ང་སྐད་བཏང་ཡང་ངོས་ཀྱི་ཁ་ལ་མ་ཉན་ན་ཆོ་གང་ཡང་མེད། ཁྲི་བྱང་རིན་པོ་ཆེའི་ཡངས་སྲིད་མཆོག་སྤྲུལ་རིན་པོ་ཆེ་སྔ་མོ་ནས་ཁྱེད་ཚོས་ཤེས་ཀྱི་རེད། ངོས་ཀྱིས་རིན་པོ་ཆེའི་སྐོར་ལ་འཁུར་ཧ་ཅང་བླངས་ནས་བྱས་པ་ཡིན། ཁྲི་བྱང་རིན་པོ་ཆེ་ཉེ་ལམ་སོག་ཡུལ་ལ་ཕེབས་འདུག སོག་ཡུལ་ཕེབས་སྐབས་༧རྒྱལ་བའི་ཡོངས་འཛིན་གྱི་ཡང་སྲིད་ཡིན། ཞེས་༧རྒྱལ་བ་རིན་པོ་ཆེའི་མིང་དེ་འཁྱེར་དགོས་འདུག ངོ་ཐོག་ཨ་རིའི་ས་གནས་ས་ཐོག་ལ་ངོས་རང་༧རྒྱལ་དབང་རྫུན་མ་རེད། ཅེས་བརྗོད་ཀྱི་ཡོད། ངོས་རང་རྫུན་མ་ཡིན་ན་འགྲིག་པ་འདུག ངོས་རང་༧རྒྱལ་དབང་རྫུན་མ་རེད། ཅེས་ངོས་རང་༧རྒྱལ་དབང་གི་ཁྲི་འདི་ནས་དགོངས་པ་ཞུ་རྒྱུ་ཞིག་རག་རོགས་བྱས་ནས་ཧ་ ཅང་ཡག་པོ་ཡོང་བ་འདུག དེ་འདྲ་བྱུང་ན་ངོས་རང་ཁ་འདོན་དགེ་འབྱོར་འདྲ་བྱས་ནས་སྡོད་རྒྱུ་བྱུང་ན་ཧ་ཅང་ཡག་པོ་ཡོང་བ་འདུག དེར་བརྟེན་ཚུར་ཕྱོགས་དེར་༧རྒྱལ་དབང་རྫུན་མ་རེད་ཟེར་གྱི་ཡོད། ཁ་སེང་ངོས་རང་ཨ་རིར་བསྐྱོད་སྐབས་འདྲ་པར་གཅིག་འདུག རྙིང་རྗེ། གང་ཡང་ཤེས་ཀྱི་མེད། ངོས་རང་ཡ་ང་རྙིང་རྗེ་སྐྱེ་བ་མ་གཏོགས་ཁོང་ཁྲོ་ཟ་གི་མི་འདུག འདྲ་པར་དེ་ངོས་རང་ལྷ་ཁང་འདྲ་མིན་ནང་བསྐྱོད་སྐབས་ཆོས་བརྒྱུད་དེ་དང་དེར་གུས་བཀུར་བྱས་ནས་ཁོང་ཚོས་ངོས་ལ་ཞྭ་མོ་གཡོག་སྐབས་གྱོན་ནས་སྡོད་ཀྱི་ཡོད། དེར་བརྟེན་སྔ་མོ་ལྡི་ལིར་ཁ་ཆེའི་ལྷ་ཁང་ཞིག་ནང་ངོས་ཀྱིས་ཁ་ཆེའི་ཞྭ་མོ་གྱོན་པའི་འདྲ་པར་དེ་ཨ་རིའི་ནང་དོལ་རྒྱལ་རྗེས་འབྲང་པ་ཚོས་འཁྱེར་ནས་རྒྱལ་བ་རིན་པོ་ ཆེ་ཁ་ཆེ་རེད། ཅེས་ཟེར་གྱི་འདུག ཚུར་ཕྱོགས་དེར་ངོས་ལ་༧རྒྱལ་དབང་རྫུན་མ་རེད། ཟེར་ནས་ངོ་རྒོལ་བྱེད་ཀྱི་ཡོད། ཕར་ཕྱོགས་དེར་མིང་དེ་བེད་སྤྱོད་བྱས་ན་ཁེ་ཕན་ཡོད་ས་ཞིག་ལ་༧རྒྱལ་དབང་གི་ཡོངས་ འཛིན་གྱི་ཡང་སྲིད་ཡིན། ཞེས་ཁེ་ཕན་བླངས་ཀྱི་ཡོད། དེ་འདྲའི་མགོ་བདེ་ ཁག་དཀྲི་མ་མཚུངས་པ་དེ་འདྲ་བྱས་པ་ཡིན་ན་ཡག་པོ་གང་ཡང་མེད། བཅོམ་ལྡན་འདས་ཀྱི་དགོངས་པ་དང་འགལ་གྱི་རེད། དེ་ཡང་ངོས་ཀྱིས་གསལ་བཤད་ཡིན། བསྟེན་དང་མ་བསྟེན་སོ་སོའི་རང་དབང་རེད། བསྟེན་ན་༧རྒྱལ་དབང་སྐུ་ཕྲེང་ལྔ་པ་ནས་བཟུང་དམ་ཚིག་ཉམས་ཡོད། སྐུ་གོང་མ་དང་དམ་ཚིག་ཉམས་ཡོད། ཁྲི་ཆེན་ངག་དབང་མཆོག་ལྡན་དང་དམ་ཚིག་ཉམས་ཡོད། ཁྲི་ཆེན་ངག་དབང་མཆོག་ལྡན་དང་དམ་ཚིག་ཉམས་དུས་༧རྒྱལ་བ་སྐལ་བཟང་རྒྱ་མཚོ་དང་དམ་ཚིག་ཉམས་ཡོད། སྐུ་ཕྲེང་བཅུ་གསུམ་པ་དང་དམ་ཚིག་ཉམས་པ་ཧ་ཅང་གསལ་པོ་རེད། དེ་ཁྱེད་ཚོས་ཤེས་ཀྱི་རེད། ཁྱེད་ཚོ་བྲག་གཡབ་པ་ཚོ་དང་ཆབ་མདོ་བའང་འགའ་ཤས་ཡོད། ཁྱེད་ཚོས་གོ་བྱུང་ངམ། ངོས་ལ་ཡིད་ཆེས་ཡོད་ན་ངོས་ཀྱིས་བརྗོད་པ་དེར་བརྟག་དཔྱད་བྱོས། རྒྱུ་མཚན་མཐོང་ན་དེར་ཉོན། ངོས་ཀྱིས་བརྗོད་པ་དེར་རྒྱུ་མཚན་མ་མཐོང་ན་དེར་དགག་པ་རྒྱོབ་ཤོག ཧམ་པ་བྱས་ནས་དགག་པ་བརྒྱབ་ན་ཕན་རྒྱུ་མེད། ལོ་བཞི་བརྒྱའི་ལོ་རྒྱུས་ནང་ཡོད་པ་དེ་དག་དགེ་ལྡན་ལྷན་ཚོགས་ཀྱིས་ཐོག་ནས་མར་ གོ་རིམ་འགྲིག་སྟེ་དེབ་བཏོན་ཡོད། དེར་དགག་པ་རྒྱག་དགོས་པ་ལས་གཞན་ཞེད་སྣང་སྐུལ་ན་ཕན་ཐོགས་གང་ཡང་མེད།”བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།

མདོ་ཁམས་བྲག་གཡབ་གཞིས་བྱེས་མི་མང་གིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས་དམིགས་བསལ་ཆོ་གའི་སྒོ་ནས་བརྟན་བཞུགས་ཕུལ་ཡོད་པ་མ་རེད། གང་ཡིན་ཟེར་ན་༧གོང་ས་མཆོག་གི་གསུང་ཆོས་སོགས་མཛད་འབྲེལ་གྱི་རྐྱེན་པས་སྐུ་མདུན་རང་གིས་དགོངས་པ་གཞིར་བཟུང་གི་ཞལ་འདོན་སྨོན་ལམ་སོགས་གལ་ཆེ་ཁག་གཅིག་དང་འབྲེལ་བརྟན་བཞུགས་ཕུལ་ཡོད་པ་རེད། འབུལ་ཚན་ལ་མཚོན་ན་བླ་མ་མཉེས་པའི་རབ་བསྒྲུབ་པའི་མཆོད་པ་༧གོང་ས་མཆོག་གི་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུ་དང་། ༧གོང་ས་མཆོག་གི་བཀའ་དྲིན་དྲན་པ་དང་གསང་གསུམ་ཡོན་ཏན་ལ་ཡིད་ཆེས་དད་པ་བྱེད་རྒྱུ་དེ་ང་ཚོའི་མཆོད་པའི་མ་རྩ་གཙོ་བོ་ཡིན། དངོས་འབུལ་ཐོག་ནས་བྱས་པ་ཡིན་ན། ང་རང་ཚོའི་བོད་བརྒྱུད་ནང་བསྟན་དེ་དཔལ་ན་ལེན་ཌའི་ཆོས་བརྒྱུད་དྲི་མ་མེད་པ་ཡིན་ཅེས་རྟག་པར་བཀའ་གནང་བསྡད་ཡོད་པ་རེད།   དེ་འདྲ་ཡིན་དུས་པཎ་གྲུབ་བཅུ་བདུན་གྱི་འདྲ་སྐུའི་གཙོས་འབུལ་ཚན་དང་། བསྙེན་བཀུལ་ཞུ་རྒྱུ་དེ་དགེ་འདུན་པ་ཙམ་མིན་པར་སེར་སྐྱ་མི་མང་ཡོངས་ལ་སྐུ་འགྱེད་ཀྱི་བསྙེན་བཀུལ་ཞུས་ཡོད་ཅེས་སོགས་བརྟན་བཞུགས་གོ་སྒྲིག་པས་ངོས་ནས་འགྲེལ་བརྗོད་གནང་སོང་།།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།